[362A] །།རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་མ་ཧཱ་ཀྲོ་དྷ་རཱ་ཛ་སརྦ་ཏ་ཐཱ་ག་ཏ་སྱ་བ་ལཱ་པ་རི་མི་ཏ་བའི་ར་བ་ན་ཡ་བྷཱ་ཥི་ཏོ་ནཱ་མ་ཀལྤ། བོད་སྐད་དུ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྟོག་པ། རྗེ་བཙུན་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རླུང་ལ་བཞུགས་ཏེ་རིན་པོ་ཆེ་སྣ་ཚོགས་བཀོད་པ་རིན་པོ་ཆེའི་གཞལ་ [362B]བསྐོར་བ། བསམ་གྱིས་མི་ཁྱབ་ཅིང་གྲངས་མེད་པའི་དེ་བཞིན་གཤེགས་པའི་བསོད་ནམས་ལས་འཁྲུངས་པའི་བྱང་ཆུབ་སེམས་དཔའི་ སེངྒེའི་ཁྲི་བཤམས་པ་རིན་པོ་ཆེས་སྤྲས་པ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམ་པར་སྣང་བར་བྱེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ལྕགས་རིས་ཡོངས་སུ་བསྐོར་ཅིང་ཤིན་ཏུ་ཡིད་ འཕྲོག་པ། སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་རིན་པོ་ཆེའི་བླ་བྲེས་ནམ་མཁའི་ཁམས་གོ་འབྱེད་པར་སྣང་བར་བྱེད་པ་བསམ་གྱིས་མི་ཁྱབ་པའི་པདྨའི་རྒྱལ་པོ་རིན་པོ་ཆེ་སྣ་ བདུན་གྱི་རྒྱུ་ལས་ཡང་དག་པར་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྣ་ཚོགས་ཡོངས་སུ་དགའ་བར་བྱེད་པ། འོད་ཟེར་ཆེན་པོ་ཕུལ་དུ་བྱུང་བ་གསལ་བར་བྱེད་ཅིང་མུན་ནག་ ཐམས་ཅད་རབ་ཏུ་དང་བར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ལས་འཁྲུངས་པའི་སེངྒེའི་ཁྲི་བསམ་གྱིས་མི་ཁྱབ་པ་བྱེ་བ་དུ་མས་ཡོངས་སུ་བསྐོར་བ། བྱང་ཆུབ་སེམས་ དཔའ་གྲངས་མེད་པས་ཡོངས་སུ་བསྐོར་བ། ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དུ་མས་ ཡོངས་སུ་བསྐོར་བ་དེར་བཅོམ་ལྡན་འདས་བཞུགས་ནས་ཆོས་སྟོན་ཏོ་།འདི་ལྟ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཇམ་དཔལ་དང། ཀུན་ཏུ་བཟང་པོ་དང། བྱམས་ [363A]༄༅། །པ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། ཞི་བའི་བློ་གྲོས་དང། སྣ་ཚོགས་བཀོད་པ་དང། ནམ་མཁའ་མེ་ཏོག་འཆང་དང། ནམ་མཁའི་སྙིང་པོ་ དང། ཤིན་ཏུ་རྣམ་དག་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡོངས་སུ་བསྐོར་བ། ཉན་ཐོས་བྱེ་བ་ཕྲག་ཏུ་མ་འདི་ལྟ་སྟེ། ཤཱ་རིའི་བུ་དང། མཽ་གལ་དང་ རྟ་ཐུལ་དང། འོད་སྲུང་ལ་སོགས་པས་ཡོངས་སུ་བསྐོར་བ། གྲགས་ཆེན་སྙན་པ་ཆེན་པོ་བརྒྱ་བྱིན་དང། ཚངས་པ་དང། ཁྱབ་འཇུག་དང། ལུས་ངན་པོ་ལ་སོགས་པས་ཡོངས་སུ་ བསྐོར་ཞིང། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་ཆོས་སྟོན་པ་འདི་ལྟ་སྟེ། གསང་སྔགས་ཀྱི་ཚུལ་ལ་འཇུག་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་གང་ ཐོས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་དང། ཉན་ཐོས་དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། བསམ་གྱིས་མི་ཁྱབ་པའི་སེམས་ཅན་གྱི་ཁམས་ཀྱི་ བསམ་པ་སྣ་ཚོགས་ལ་དགོས་པ་སྣ་ཚོགས་ཀྱི་སྤྱོད་ལམ་གྱིས་ཞུགས་ཤིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམས་མཛད་དོ། །བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་བསྙེན་ བཀུར་དང། ཡོངས་སུ་མཉེས་པར་མཛད་དོ། །སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་རྣམས་ཀྱང་གཟིགས་སོ། །སངས་རྒྱས་ཀྱི་སྤྲུལ་པ་དུ་མ་ཡང་མངོན་པར་སྤྲུལ་པ་མཛད་ [363B] ༑བཀོད་པ་ཆེན་པོ་ཡང་བསྐྱེད་པར་མཛད་དོ། །མདོར་ན་ཐབས་གནག་དང་གང་གིས་སེམས་ཅན་གྱི་དོན་དུ་གཟིགས་པ་དེ་དང་དེ་མཛད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་འཁོར་ཆེན་པོ་རྣམས་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། བདག་གིས་སྣ་ཚོགས་དུ་མའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་རྣམ་པར་ཕྱུང་སྟེ་ཚིག་དང་ཡི་གེ་དུ་མ་བཀོད་པ། སེམས་ཅན་སྣ་ ཚོགས་མགུ་བར་བྱེད་པ། ཕྱག་རྒྱ་དང་སྔགས་སྣ་ཚོགས་ཀྱིས་རྣམ་པར་མཚན་པར་གྱུར་པ། འགྲོ་བ་སྣ་ཚོགས་ཀྱི་ཁྱད་པར་བརྗོད་པ་སྡུག་བསྔལ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ་ དབང་ཕྱུག་དུ་མ་དང་ལྡན་ཞིང་ཡིད་འཕྲོག་པའི་ཡི་གེ་གཅིག་དང། སྟོང་ཕྲག་བརྒྱད་དང། གྲངས་མེད་པ་དང། བྱེ་བ་ཕྲག་གསུམ་དང། རྗེས་འཇུག་དང། རིང་པོ་དང། ཐུང་ངུ་དང་ ང་རོ་དང། གསལ་བྱེད་ཀྱི་མཚན་མས་མཚན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་བྱང་ཆུབ་སེམས་དཔའི་ས་བཅུ་ལ་སོགས་པའི་དབྱེ་བ་དང། ཉན་ཐོས་དང། རང་སངས་ རྒྱས་དང། འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང། ལྷའི་གནས་ལ་སོགས་པའི་དབྱེ་བ་དང། མིའི་འགྲོ་བ་དང། ཡི་དྭགས་དང་དུད་འགྲོའི་འགྲོ་བ་ལ་ཐུག་པར་ཕྱེ་ཞིང་བཅད་པ་ [364A]༄༅། །རྣམས་གང་བདག་གིས་སེམས་ཅན་རྣམས་ལ་ཕན་པའི་བསམ་པ་བྱེ་བ་ཕྲག་གྲངས་མེད་པ་བདུན་ཅུ་རྩ་བདུན་གྱིས་སེམས་ཅན་རྣམས་ཀྱི་དོན་དུ་ གསུངས་པ་ཡིན་ནོ། །དེ་ཡང་གཞི་དང་མེ་ཏོག་གི་སྙིང་པོས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདིར་དར་བར་འགྱུར་རོ། །གསང་བ་པའི་བདག་པོ། བྱེ་བ་ཕྲག་གྲངས་མེད་པ་ བདུན་ཅུ་རྩ་བདུན་པོ་དེ་རྣམས་ཀུན་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ཕྱག་ན་རྡོ་རྗེ་དང། འཇམ་དཔལ་ལ་སོགས་པའི་ བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་ཐབས་སྣ་ཚོགས་ཀྱི་ཆོ་གའི་སྒོ་བསྟན་ཏོ། །གསང་བ་པའི་བདག་པོ། དེ་རྣམས་ལ་ནི། མངག་གཞུག་དང། མངག་གཞུག་མ་ དང། ཕོ་ཉ་དང། ཕོ་ཉ་མོ་ལ་སོགས་པ་དེ་རྣམས་ཀྱི་ཕྱག་རྒྱ་དང། སྔགས་དང། རྟོག་པའི་ཆོ་ག་ཡང་རྒྱས་པར་བསྟན་ཏོ། །ལས་སྣ་ཚོགས་དང་ལྡན་པའི་སྒྲུབ་པའི་ཐབས་ ཀྱང་བསྟན་ཏེ། སྒྲུབ་ཐབས་སྣ་ཚོགས་ཡང་དག་ལྡན། །རས་རིས་ཆོ་ག་རྣམ་པར་བསྟན། །ཡང་ན་ལས་ཀྱི་ཆོ་ག་དབྱེ། །གང་དུ་སྟོབས་ཆེན་གསང་བའི་ལས། །སྦྱིན་སྲེག་ དག་ནི་བདག་གིས་བསྟན། །ལྷག་མ་དེ་བཞིན་ཡུལ་གནས་གཞན། །དེ་ནས་མ་ལུས་མེ་ཐབ་དང། །དེ་བཞིན་ཞི་བ་རྒྱས་པ་དང། །དབང་དུ་བྱ་དང་མངོན་སྤྱོད་དང། །དེ་ནས་ [364B] །དཀྱིལ་འཁོར་ཡང་ནི་དེ་བཞིན་བསྟན། །ཕྱག་རྒྱ་དག་ཀྱང་མ་ལུས་པར། །ས་བོན་དང་ནི་མཚན་མ་དང། །གསང་བ་ཡི་ནི་སྔགས་ཉིད་དང། །རིགས་ཀྱི་མཚན་ མ་དེ་བཞིན་སྐུ། །མ་ལུས་པ་ཡི་དབྱིངས་དང་ཡང། །དེ་ལྟ་བུ་ལ་སོགས་པའི་ལས། །དེ་དག་ཐམས་ཅད་བདག་གིས་བསྟན། །མི་གཡོ་ཞེས་བྱའི་རྟོག་པ་ནི། །དེ་ནི་སླར་ཡང་བདག་ གིས་བཤད། །དག་པའི་སེམས་དཔའ་བློ་ལྡན་གྱིས། །སྔགས་པས་གང་ཞིག་བསྒྲུབ་བྱ་ཡི། །བསམ་གྱིས་མི་ཁྱབ་སྣ་ཚོགས་ལས། །གསང་སྔགས་ཀྱི་ནི་སྒྲུབ་ཐབས་ཤིག་ རྟོག་པ་འདི་རུ་མདོར་བསྡུས་ནས། །དེ་ཡི་ཆོ་ག་ཡང་དག་བཤད་།ཡང་དག་རྫོགས་སངས་རྒྱས་བསྙེན་ཅིང། །བསྒྲུབས་པས་གོ་འཕང་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་ སྲས་ཀྱི་མཆོག་ཆོས་ཞེས་བྱ་བ་སྐྱེ་བར་འགྱུར། །སངས་རྒྱས་ཞིང་ནི་མ་ལུས་པར། །དེ་ནི་ཀུན་ཏུ་དག་པར་འགྱུར། །རྟག་པར་རྒྱུན་དུ་རྣམ་རྟོག་མེད། །ནམ་མཁའ་ཡི་ནི་ལམ་ལ་ གནས༑ ༑གཟུགས་ཅན་ལུས་ལ་བརྟེན་ནས་སུ། །སེམས་ཅན་བྱེ་བྲག་ཐུགས་སུ་ཆུད། །སེམས་ཅན་ཞི་བ་གདུལ་དཀའ་དང། །བགེགས་ཆེན་དང་ནི་ལོག་པར་འདྲེན། །དེ་རྣམས་ གདུལ་བར་བྱ་བའི་ཕྱིར། །རྫོགས་སངས་རྒྱས་ཀྱིས་རྟག་ཏུ་སྤྲུལ་།མཚན་ནི་མི་གཡོ་ཞེས་བསྒྲགས་པ། །ཁྲོ་བོ་འཕགས་པ་སྟོབས་པོ་ཆེ། །དཔལ་ལྡན་གདུལ་དཀའ་འདུལ་ [365A]༄༅། །མཛད་པ། །སངས་རྒྱས་རྣམས་ཀྱི་སྲས་ཀྱི་སྲས། །དེ་འདིར་རྒྱལ་མཆོག་རྣམས་དང་ནི། །དེ་བཞིན་རྒྱལ་སྲས་ཀྱིས་རྟག་པར། །ཕྱག་འཚལ་ཚངས་ པ་ལ་སོགས་དང། །ལུས་ཅན་ཐམས་ཅད་ཀུན་ཏུ་མཆོད། །སངས་རྒྱས་རྣམས་ནི་བྱས་པ་གཟོ། །དེ་བཞིན་དུ་ནི་སངས་རྒྱས་སྲས། །འདི་ཀུན་སྨོན་ལམ་ཡོངས་རྫོགས་ ཤིང། །བསམ་གྱིས་མི་ཁྱབ་ཡེ་ཤེས་རྫོགས། །མི་གཡོ་ཞེས་བྱའི་ས་ཐོབ་པས། །མི་གཡོ་འདི་ཡང་དེ་ཡི་མཚན། །བདུད་རྣམས་ཀུན་གྱིས་མི་གཡོ་བས། །བརྟན་པའི་ ཡེ་ཤེས་དྲི་མེད་བཟང། །རྟོག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ་།བཤད་ཀྱི་བུ་ཁྱོད་ཚུར་ཉོན་ཅིག་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཆོས་ཀྱི་དབྱིངས་སུ་རབ་གཞོལ་ བས༑ ༑རྟག་ཏུ་ཚེ་དང་ནད་མེད་མཆོག་དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །རྟག་ཏུ་བགེགས་རྣམས་སེལ་བྱེད་ཅིང། །དེ་བཞིན་བདུད་རྣམས་རབ་ཏུ་འཇོམས། །སེམས་ ཅན་རྣམས་ནི་བདེ་བའི་ཕྱིར། །རྟོག་པ་འདི་ནི་རབ་ཏུ་བཤད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ མགྲིན་གཅིག་གི་ངག་གིས་གསོལ་པ། སེམས་ཅན་ཐམས་ཅད་ཀྱི་དོན་དང་བདག་ཅག་ལ་ཐུགས་བརྩེ་བ་བསྐྱེད་དེ། བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་ [365B] དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པས་གསོལ་བ་བཏབ་པ་དེ་མཁྱེན་ནས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདི་འོད་ཟེར་ཆེན་པོས་སྣང་བར་བྱས་ནས་དཔལ་གྱི་བེའུ་ལས་བྱུང་བ་ ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གྲངས་མེད་པས་ཡོངས་སུ་བསྐོར་བ་བྱས་ནས་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་པའི་འཇིག་རྟེན་གྱི་ ཁམས་འདི་ནས་བཟུང་སྟེ་ཇི་སྲིད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ནས་ནམ་མཁའི་ཁམས་ཀྱི་ མཐས་གཏུགས་པའི་བར་དུ་དེ་ཁྱབ་ནས་གཡས་ཕྱོགས་ནས་བསྐོར་ཏེ་དེ་བཞིན་དུ་བྱང་ཕྱོགས་དང། ནུབ་དང། ལྷོ་དང། ཤར་གྱི་ཕྱོགས་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ཀྱི་བར་དུ་ཁེབས་པར་བྱས་སོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ཀྱིས་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཤཱཀྱ་ མགོན་པོ་རྫོགས་སངས་རྒྱས། །གཟི་བརྗིད་ཆེན་པོ་གང་བཞུགས་པ་།ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །རྒྱལ་བའི་སྲས་པོ་ཐམས་ཅད་གཤེགས། །དེ་རུ་དྲི་མེད་དམ་ཆོས་ཉོན་ [366A]༄༅། །གསང་སྔགས་སྤྱོད་པའི་ཚུལ་དགེ་བ། །གང་ཐོས་འཇིག་རྟེན་མགོན་པོས་ནི། །བྱང་ཆུབ་འདུས་མ་བྱས་པ་བརྙེས། །དེ་ནས་འོད་ཆེན་པོ་དེས་ ཚིགས་སུ་བཅད་པ་འདི་ཐོས་ནས་སླར་ལོག་སྟེ་བཅོམ་ལྡན་འདས་ཀྱི་དཔལ་བེའུ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་རང་ རང་གི་འཇིག་རྟེན་གྱི་ཁམས་ནས་ཁྲོ་བོའི་མཐུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ ལྡན་པའི་འཁོར་རྣམས་ཀྱི་སེམས་རྩེ་གཅིག་པར་མཁྱེན་ནས་སླར་ཡང་རྡོ་རྗེ་བསྒྱིངས་པ་སྲེག་པའི་མེ་ལྕེ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་ སོ༑ ༑ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས། རབ་ཏུ་འཁྲུགས། ཀུན་ ཏུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཇིག་རྟེན་དུ་སྣང་བ་ཆེན་པོ་ [366B] །གཞན་ཡང་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་མཐོང་ངོ། །སྙོམས་པར་ཞུགས་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་ རྫོགས་པར་བྱེད་པ། བདུད་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་གྲངས་མེད་ པར་སེམས་ཅན་གྱི་ཁམས་རྣམ་པར་གྲོལ་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ མེ་ཡང་དག་པར་བྱུང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་སྟོན་པ། སྣ་ཚོགས་པའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་བསྒྲུབས་པ། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡབ། སེམས་ཅན་ཉོན་མོངས་པའི་མུན་ནག་ཏུ་ལྟུང་བ་ཐམས་ཅད་ཀྱི་སྣང་བར་གྱུར་པ། ངན་སོང་དང་ངན་འགྲོར་ལྷུང་བ་ཐམས་ཅད་ཀྱི་དེད་དཔོན་ སྡུག་བསྔལ་བས་ཉམ་ཐག་པ་རྣམས་བདེ་བར་གྱུར་པ། མདོར་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གང་དང་གང་ལྡན་པ་དེ་དང་དེར་རབ་ཏུ་ཞི་བར་བྱེད་པའི་གསང་སྔགས་ཀྱི་ རྒྱལ་པོ་ཁྲོ་བོ་ཆེན་པོའི་རྒྱལ་པོའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་རོ། །ན་མསརྦཱ་ཤཱ་པ་རི་པཱུ་ར་ཀེ་བྷྱ།སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ་ཧཾ་བཅོམ་ [367A]༄༅། །ལྡན་འདས་ཀྱིས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྙིང་པོ་འདི་གསུངས་མ་ཐག་ཏུ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདིའི་ བདུད་ཀྱི་གནས་ཐམས་ཅད་དང། བདུད་ཀྱི་རིས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་མོག་མོག་པོར་བྱས་ཏེ། སེམས་ཅན་སྡུག་བསྔལ་བ་རྣམས་ནི། བདེ་བ་ ཐམས་ཅད་དང་ལྡན་པར་བྱེད་པའི་སྣང་བ་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་མ་ལུས་པའི་སྲིད་པའི་བདག་པོའི་ས་གཞི་རབ་ ཏུ་འགུལ་བར་གྱུར་ཏོ། །གཞན་ཡང་འཇིག་རྟེན་དུ་བསམ་གྱིས་མི་ཁྱབ་པའི་ངོ་མཚར་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསང་བའི་བདག་ པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། འདི་ནི། ཁྲོ་བོའི་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པོ་མཆོག་གི་དེ་ཁོ་ན་ཉིད། སྟོང་ཉིད་འདི་ལས་གཞན་ དག་བྱུང། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དེ། །འདི་ལས་རྒྱལ་བ་བྱུང་བ་མཐོང། །འདི་རུ་རྒྱལ་བ་ཐམས་ཅད་བཞུགས། །སྲིད་པའི་ཁམས་ནི་འདི་ལས་སྤྲུལ། །འདས་ པའི་སངས་རྒྱས་ཐམས་ཅད་དང། །མ་བྱོན་པ་དེ་དེ་བཞིན་གཞན་།ཐམས་ཅད་འདི་ལས་ཡང་དག་བྱུང། །ནམ་མཁའ་ལྟ་བུ་དྲི་མ་མེད་།སྤྲོས་པ་ཐམས་ཅད་རྣམ་པར་ [367B] ༑ངག་གི་སྤྱོད་ཡུལ་རྣམ་པར་སྤངས། །རྟག་པར་སྤྲོས་པ་མེད་པ་ཉིད། །ནམ་མཁའ་ལྟ་བུར་གནས་པ་ཡིན། །ཐ་སྙད་མངོན་དུ་བྱས་ནས་ནི། །གསང་སྔགས་ཞེས་སུ་ བརྗོད་པ་ཡིན། །ཐ་སྙད་ཀྱང་ནི་རྟོག་པ་སྟེ། །དེ་ཉིད་དུ་ནི་བརྗོད་པ་མེད། །ཐ་སྙད་ལ་ནི་བརྟེན་ནས་སུ། །སྐྱོབ་པས་དེ་ཉིད་གསུངས་པ་ཡིན། །སེམས་ཅན་མེད་དེ་སྒྱུ་མ་བཞིན། ། ཡིད་ཀྱིས་བསྒོམ་པར་བྱ་བ་ཡིན། །ལ་ལར་སྒྱུ་མ་ཇི་བཞིན་དུ། །རང་བཞིན་མེད་པར་ཡང་འགྱུར་ཏེ། །སྟོང་ཉིད་དེ་ཡི་རང་བཞིན་དུ་།ཐ་སྙད་རྣམས་ནི་རྟོགས་པར་བྱ། །དེ་ལྟར་གསང་ སྔགས་མགོན་པོ་འདི། །རང་བཞིན་མེད་པར་མཉམ་པར་མཛེས། །འདོད་པའི་དོན་རྣམས་སྩོལ་བ་ཡང། །ཐམས་ཅད་ཀྱང་ནི་རྫོགས་པར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དང། ཚངས་པ་དང། དབང་པོ་ལ་སོགས་པ་རྣམས་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་ཅིང་སྙིང་པོ་ རྣམས་སྤངས་ཏེ། དེ་ཐམས་ཅད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟས་ནས་ཚིག་འདི་དག་མགྲིན་གཅིག་གི་ངག་གིས་གསོལ་པ། བཅོམ་ལྡན་འདས། བདག་ཅག་གིས་སྔོན་ ཆ་[?]མ་ཐོས་པའི་ཆོས་ཀྱི་འཁོར་ལོ་འདི་བསྐོར་བ་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་མཆོག་ཏུ་བདེ་བ་དང་ [368A]༄༅། །ལྡན་པར་འགྱུར་རོ། །བཅོམ་ལྡན་འདས། འདི་ནི། བསམ་གྱིས་མི་ཁྱབ་པ་ལགས་སོ། །བཅོམ་ལྡན་འདས། འདི་ནི། ཉན་ཐོས་ཐམས་ཅད་ དང། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས། འདི་ནི། བདུད་སྡིག་ཅན་རྣམས་དང། བགེགས་ཀྱི་གཟུགས་ཅན་ཐམས་ཅད་ཀྱིས་འགེམ་ པར་མི་ནུས་ལགས་སོ། །བཅོམ་ལྡན་འདས། འདི་ནི། སེམས་ཅན་ཐམས་ཅད་ཀྱི་དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུ་ལགས་སོ། །བཅོམ་ལྡན་འདས་འདི་ནི། མངོན་པར་ འདོད་པའི་དོན་སྐོང་བ་ལགས་སོ། །བཅོམ་ལྡན་འདས། འདི་ནི། དེ་བཞིན་གཤེགས་པའི་བསྟན་པ་དང། སེམས་ཅན་རྣམས་ཀྱི་སྲུང་མ་ལགས་སོ་།བཅོམ་ལྡན་འདས་ འདི་ནི༑ སྲིན་པོ་དང་གྲུལ་བུམ་ལ་སོགས་པ་ཐམས་ཅད་ཀྱིས་འདའ་བར་མི་ནུས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་དང། ལྷ་ལ་སོགས་པའི་འཁོར་དེ་རྣམས་ལ་ལེགས་སོ་ ཞེས་བྱ་བ་བྱིན་ཏེ། གཙུག་ལག་ལེགས་སོ་ལེགས་སོ། །སླར་ཡང་གཙུག་ལག་ངེས་པར་ལེགས་སོ། །དེ་ལྟར་གཙུག་ལག་འདིའི་ཚིག་བརྗོད་པ་མཛེས་པ་དེ་བཞིན་དུ་ [368B] ༑འོན་ཀྱང་གཙུག་ལག་གི་བསྟན་པ་སྲུང་བར་བྱེད་པའི་འཁོར་བོའི་རྒྱལ་པོ་ཆེན་པོའི་སྙིང་པོའི་གཞུང་འདི་བདག་གིས་གཏི་མུག་གི་མུན་པས་གཡོགས་པའི་སེམས་ ཅན་སྡུག་བསྔལ་བ་རྣམས་ལ་བལྟས་ནས་གསུངས་ཏེ། འདི་ནི་ཉན་པར་མ་ནུས་པའི། །གོ་འཕང་རྫོགས་སངས་རྒྱས་ཀྱིས་གསུངས། །དེ་རྣམས་ཐེ་ཚོམ་ཕྱིར་བདག་གིས། ། ཡེ་ཤེས་སྒྲོན་མེ་ཡང་དག་པར། །བྱིས་པ་སྡུག་བསྔལ་ཡང་དག་ཁེངས། །ས་གཞི་སྟེང་ནི་འདི་ན་གནས། །ཚུལ་འདི་རབ་ཏུ་མི་ཤེས་པས། །ཁྱིམ་གྱི་བཅིངས་བ་དམ་པོས་བཅིངས། ། དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་མིག་གཉིས་འབྲུ་ཚུགས་སུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངོ་མཚར་ཏོ། །བདེ་བར་ གཤེགས་པ། ངོ་མཚར་ཏོ། །བཅོམ་ལྡན་འདས། འདི་ནི། མཐུ་ཆེ་ལགས་སོ། །བཅོམ་ལྡན་འདས། ཁྲོ་བོའི་རྒྱལ་པོ་དེའི་སྙིང་པོའི་གཟི་བརྗིད་དང་མཐུ་ནི། བདག་གིས་མི་ བཟོད་ལགས་སོ། །བཅོམ་ལྡན་འདས། ཁྲོ་བོའི་རྒྱལ་པོའི་སྙིང་པོ་འདི་ནི། གདུལ་དཀའ་འདུལ་བ་ལགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་ སྩལ་པ། གསང་བའི་བདག་པོ། འདི་ནི། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །འོན་ཀྱང་གསང་བའི་བདག་པོ། བདག་ནི། གསང་སྔགས་ཀྱི་རྒྱལ་པོ་འདིའི་མཐུས་ཉོན་མོངས་པ་ཐམས་ཅད་དང་བདུད་ཇི་ [369A]༄༅། །སྙེད་ལས་རྒྱལ་ལོ། །གསང་བ་པའི་བདག་པོ། གང་ཡང་བདག་གིས་འཇིག་རྟེན་གྱི་ཁམས་ན་འདོད་པ་ཐ་དད་པ་སྣ་ཚོགས་ཀྱིས་སེམས་ཅན་ རྣམས་དགའ་བར་བྱེད་པའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་བསམ་པ་ཐ་དད་པ་རྣམས་ལ་བསྟན་པ་དེ་རྣམས་ནི། འདིའི་བྱིན་ གྱི་རླབས་ཀྱིས་བདག་གིས་བསྟན་ཏོ། །གང་ཡང་གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཐང་ཐམས་ཅད་ཐོབ་པའི་ཡེ་ཤེས་ཀྱི་སྟོབས་རྟུལ་ཕོད་པ་ བརྙེས་པ་འདི་ཡང་སྙིང་པོའི་བྱིན་གྱི་རླབས་ཀྱིས་ཡིན་ནོ། །གཅིག་ཏུ་སེམས་ཅན་དོན་རབ་བརྩོན། །ས་གཞི་ལ་ནི་རྣམ་པར་བཞུགས། །སེམས་ཅན་རྣམས་ལ་ཕན་འདོད་ པས༑ ༑སྤྲུལ་པ་རྣམས་ཀྱང་འགྱེད་པར་མཛད། །མཆོད་ཅིང་མཉེས་པར་རྟག་ཏུ་ནི། །རྒྱལ་བ་ཞིང་ན་ཡང་དག་བཞུགས། །ཇི་སྲིད་ཕྱོགས་རྣམས་གནས་ཀྱི་བར། །རྟག་ པར་རྒྱུན་དུ་མཆོད་འགྱུར་བའི། །སངས་རྒྱས་ཀུན་ནི་མཉམ་པ་རུ་།བྱང་ཆུབ་ཅེས་བྱ་འདི་ལ་བཞུགས། །རང་བཞིན་མེད་པའི་ཆོས་རྣམས་ནི། །སྐྱེ་བ་དང་ནི་འགག་པ་ ཡིན༑ ༑ཐ་སྙད་ལ་ནི་བརྟེན་ནས་སུ། །གང་ཞིག་སྒྱུ་མ་བཞིན་དུ་གསུངས། །སྒྱུ་མ་སྟོང་པ་ཉིད་ཡིན་ལྟར། །ཆོས་རྣམས་མཚན་ཉིད་དེ་བཞིན་ནོ། །འོན་ཀྱང་གསང་བའི་ [369B] བདག་གིས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མེད་ཀྱི་བསྐལ་པ་སྙེད་དུ་སེམས་ཅན་སྣ་ཚོགས་ཀྱི་ལུས་བླངས་ནས་སྡུག་བསྔལ་སྤྱད་ དེ་མགོ་དང། ལག་པ་དང། རྐང་པ་དང། མིག་དང། ཡན་ལག་གི་མཆོག་དང། ཆུང་མ་དང། བུ་དང། བུ་མོ་དང། གླང་པོ་དང་རྟ་དང། ཤིང་རྟ་ལ་སོགས་པ་དང། གཞན་ ཡང་ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་ཀྱི་ཚུལ་ གྱིས་བསམ་པ་སྣ་ཚོགས་དང། འདོད་པ་སྣ་ཚོགས་པ་ལ་སྒྲ་དབྱངས་དང། ཚིག་དང་ཡི་གེ་བསྟན་ཅིང་སྤྱོད་ལམ་སྣ་ཚོགས་ཀྱི་མཚན་མའི་ཆ་བྱད་དང། དབྱིབས་ཀྱི་ཁྱད་པར་ཅན་ གྱིས་བདག་གིས་སེམས་ཅན་རྣམས་ཀྱི་དོན་བྱས་ཤིང། གང་བྱང་ཆུབ་ཀྱི་སྙིང་པོར་བདུད་བཞི་བཅོམ་པ་དེ་ཐམས་ཅད་གསང་སྔགས་ཀྱི་རྒྱལ་པོ་འདིའི་མཐུས་བྱས་སོ། །འདི་ ནི༑ སངས་རྒྱས་རྣམས་འཕེལ་བར་བྱེད་པ། བདུད་ལས་ཀྱང་རྒྱལ་བར་བྱེད་པ། བསྟན་པ་ཐམས་ཅད་ཀྱི་དོན་ཡོད་པར་བྱེད་པ། གཞན་ཡང་སྣ་ཚོགས་མ་ལུས་པའི་བགེགས་ ལས་ཀྱང་རྒྱལ་བར་བྱེད་པ་སྟེ། འདི་ལས་གཉིས་པ་གཞན་ཡོད་མིན་།སངས་རྒྱས་རྣམས་ཀྱིས་མི་འགྱུར་སྔགས། །དེ་བས་སྙིང་གར་བཞག་ནས་ཀྱང། །ཇི་ལྟར་བདེ་བར་ [370A]༄༅། །རྣམ་པར་གནས། །སྡང་བར་བྱེད་པའི་བགེགས་ཀྱང་མེད་།གླགས་ཚོལ་གཞན་ཡང་ཡོད་མ་ཡིན། །རྟག་ཏུ་དགྲ་ཡི་འཇིགས་པ་མེད་།རྐུན་ ལ་སོགས་པའི་འཇིགས་པའང་མེད། །འཇིགས་པ་ཀུན་ལས་རྣམ་པར་གྲོལ་།དེ་ཡི་སྙིང་གར་གནས་བསྒོམས་པས། །བདག་ནི་ཡུན་རིང་བསྒྲལ་བ་རུ། །འཁོར་བའི་ རྒྱ་མཚོ་འཇིགས་པ་ལས། །རྫོགས་སངས་རྒྱས་ཀྱིས་བསྔགས་པའི་གཙོ། །གོ་འཕང་བདག་གིས་ཇི་ལྟར་འཐོབ། །བདག་གིས་ཅི་ཡང་ཐོབ་མེད་པར། །ཚུལ་འདི་ལས་ནི་ རྣམ་སྤྱོད་ནས། །དེ་འདིར་མི་འགྱུར་ཐོབ་པར་བྱ། །སངས་རྒྱས་ཉིད་ཀྱིས་རྒྱས་པ་ཐོབ། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །གསང་སྔགས་སྒྲུབ་ཐབས་བསྟེན་པར་ བྱ༑ ༑དེ་ནས་ཡིད་བཞིན་ནོར་བུའི་འོད། །སྐུ་ནི་འདི་རུ་ཐོབ་པར་འགྱུར། །གང་ཞིག་ཚུལ་འདིར་གནས་པ་ཡི། །དེ་རྣམས་ཀྱི་ནི་དངོས་གྲུབ་ཕྱིར། །གང་ཚེ་སྔགས་པས་ མཉམ་བཞག་པས། །དེ་བས་མ་བརྙེས་པའང་འཐོབ། །འདིས་ནི་མི་ཕྱེད་པ་ཡང་འབྱེད། །མི་རྒྱལ་བ་ལས་མ་ལུས་རྒྱལ། །སྟོབས་ཆེན་གསང་སྔགས་བཟླས་པ་ཡིས། ། རྫོགས་སངས་གོ་འཕང་སྦྱིན་པར་བྱེད། །དྲན་དང་རྟོག་དང་སེམས་པ་ཡི། །སྔགས་རིག་གང་དུ་སོང་གྱུར་པ། །མེ་ནི་འབར་བ་ཇི་ལྟ་བར། །སྔགས་པ་གསལ་བར་ [370B] །གང་ཚེ་གསང་སྔགས་རྒྱལ་པོ་བསྟེན་།དེ་ལས་འབྲས་མེད་ཅི་ཡང་མེད། །གསང་སྔགས་སྟོབས་ཆེན་དྲན་པ་ནི། །ལས་ནི་འདོད་པ་བྱེད་པར་འགྱུར། ། སྔགས་ཀྱི་མགོན་པོ་མ་ལུས་པ། །འདི་ནི་མྱུར་དུ་འགྲུབ་པར་འགྱུར་།གང་ཚེ་གསང་སྔགས་འབྲས་འདོད་པས། །འདིར་ནི་ཐེ་ཚོམ་མི་བྱ་འོ། །དེ་ནས་བྱང་ཆུབ་སེམས་དཔའ་ དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ངོ་མཚར་བའི་སྙིང་པོ་མ་སྤངས་པར་སྒྲ་སྐད་གཅིག་ཏུ་དུང་བའི་དབྱངས་ཀྱིས་གསོལ་པ། ཨེ་མའོ་སངས་རྒྱས་བསམ་ མི་ཁྱབ༑ ༑སེམས་ཅན་དོན་རྣམས་ཐུགས་སུ་ཆུད། །རྟོག་པ་མེད་པའི་རང་བཞིན་ཡང། །བསམ་མི་ཁྱབ་པའི་གོ་འཕང་ཤོད། །གང་ཞིག་འཆད་པར་བྱེད་པའི་མི། །དེ་ཡིས་ ངན་འགྲོ་རྣམ་པར་བཅད། །གང་གིས་ལག་ཏུ་ཆུད་པ་ལྟར། །དེ་ཡིས་དངོས་གྲུབ་ལག་མཐིལ་གནས། །འཇིགས་པ་མེད་ཅིང་ང་ཡིར་མེད། །དོགས་པ་ཐམས་ཅད་རྣམ་པར་ སྤངས༑ ༑ཟད་པར་ས་ལ་བཞུགས་ནས་སུ། །སེམས་ཅན་ལ་ནི་མ་བསམ་བྱེད། །གསང་སྔགས་རྒྱལ་པོ་སྐྱོབ་པ་ཡིས། །བདག་ཅག་ཐམས་ཅད་སྐྱོབ་པར་བྱེད། །འདོད་ པའི་དོན་ནི་བྱེད་འདོད་པས། །གསུངས་པ་ཡིད་ཀྱིས་སྒོམ་པར་བྱེད། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་འདི་དག་ཚིག་འདི་བརྗོད་ནས་དེ་མ་ཐག་ཏུ་ཅང་མི་སྨྲ་བ་ [371A]༄༅། །གྱུར་ཏོ༑ ༑དེ་ནས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་སྤྱན་རྒྱས་ཤིང་ཤཱཀྱའི་རིགས་དགའ་བ་ལ་གསོལ་བ་འདེབས་པའི་ཚིག་གི་ ནུས་པ་མེད་དོ། །དེ་ནས་ནམ་མཁར་གནས་པའི་བྱང་ཆུབ་སེམས་དཔས་ངོ་མཚར་འདི་ཐོས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྟེང་གི་ནམ་མཁའ་ ལ་སྣ་ཚོགས་པའི་མེ་ཏོག་གིས་སྙིམ་པ་བཀང་སྟེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་པ། རྟག་ཏུ་དག་ཅིང་དྲི་མེད་པ། །རྟག་པར་ རྒྱུན་དུ་རྟོག་པ་མེད། །རྟག་ཏུ་རྟོག་པ་མེད་པར་བཞུགས། །དཔའ་བོ་ཆེན་པོ་ཕྱག་འཚལ་བསྟོད། །ཁྱོད་ཀྱིས་ཆོས་ཀུན་གཡོ་བ་མེད་།ཐམས་ཅད་ལེགས་ སྦྱར་སྤྱོད་ཡུལ་བས། །རྟག་ཏུ་གཡོ་བ་མེད་མཁྱེན་པས། །སྤྲོས་དང་བྲལ་ལ་ཕྱག་འཚལ་བསྟོད། །སེམས་ཅན་རྣམས་ལ་ཕན་འདོད་པས་།སྤྱོད་པ་སྤྱད་ པ་གསུངས་པ་སྟེ། །དག་པ་རྣམས་ནི་ཡང་དག་འབྱུང། །དག་པའི་སེམས་དཔའ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་བཞིན་དུ་དག་།རྡུལ་ཕྲན་ ཐམས་ཅད་རྣམ་པར་སྤངས། །དེ་ལྟར་མགོན་ཁྱོད་སྐུ་ཡང་ནི། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཤེལ་སྒོང་བཞིན་དུ་ཤིན་ཏུ་དག་།ནམ་མཁའ་ལྟ་ [371B] །དངོས་པོ་ཐམས་ཅད་རྣམ་དག་པས། །ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །གཙོ་བོ་ཁྱོད་ནི་རྟག་ ཏུ་མཐོང། །དེ་ལྟར་དག་པའི་སེམས་ཅན་གྱིས། །རྟག་ཏུ་གཙོ་བོ་ཁྱོད་མཐོང་ངོ། །ངན་འགྲོ་ཐམས་ཅད་རྣམ་པར་གྲོལ། །དཔའ་བོ་ཆེན་པོ་ཁྱོད་ཉིད་འཁྲུངས། ། དབྱིངས་ཀྱི་སྙིང་པོ་ཡང་དག་བྱུང། །ཡི་གེ་གཅིག་ཏུ་གཟི་བརྗིད་ཆེ། །ས་གཞི་ཐམས་ཅད་ངེས་པ་རུ། །སེམས་ཅན་སྡུག་བསྔལ་ཀུན་ཏུ་གཟིགས། །སྡུག་བསྔལ་ འདི་ནི་ཟད་བྱས་ནས། །བླ་མེད་གོ་འཕང་འདྲ་བར་འགྱུར། །གསང་སྔགས་རྣམས་ཀྱི་གཙོ་སྔགས་འདི། །ཆོས་རྣམས་ཀྱི་ནི་བློ་འཕེལ་བར། །རྒྱལ་བའི་སྲས་པོ་ཐམས་ ཅད་སྐྱེད། །གཙོ་བོ་ཁྱོད་ཀྱིས་གསུངས་པ་ཡིས། །དངོས་པོ་ཐམས་ཅད་ཡང་དག་འགྱུར། །རྒྱལ་བ་བདག་ཉིད་རྒྱུ་མེད་འཁྲུངས། །ལས་དང་སྐྱེ་བས་རྣམ་པར་གྲོལ། ། རྒྱལ་མཆོག་གཙོ་བོར་འཁྲུངས་པར་འགྱུར། །ཡེ་ཤེས་མེ་ལྕེ་རང་བཞིན་མེད། །འདུ་བྱེད་ཐམས་ཅད་རྣམ་པར་སྤངས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཅིག་རྒྱལ་ བ་བླ་མེད་ཕྱག་འཚལ་འདུད། །ཅེས་པས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་སྔགས་ཀྱི་ཚིག་གི་དོན་ [372A]༄༅། །ཞུས་པ། བཅོམ་ལྡན་གསང་སྔགས་ཇི་ལྟར་སྒྲུབ། །སྒྲུབ་པའི་ཐབས་ནི་ཇི་ལྟར་ལགས། །སྒྲུབ་ཐབས་རྩ་བ་ཅི་ཞེས་བྱ། །ཇི་ལྟར་ཡང་ནི་དེ་བསྟན་ལགས། །ཇི་ ལྟར་སེམས་ནི་དག་པའི་ཕྱིར། །གཙོ་བོ་འདི་ནི་ཅི་ཞིག་བསྒོམ། །ཇི་ལྟར་དེ་ནི་འབྲས་བུ་མེད། །སྔགས་པ་ཡིས་ནི་བསྟེན་པར་བྱ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་བརྗོད་པར་བྱ། །སྔགས་ཀྱི་དངོས་གྲུབ་བྱའི་ཆོ་ག་ གཞན་དུ་ཐམས་ཅད་འབྲས་བུ་མེད། །ཇི་ལྟར་རྩ་བ་བསྡུས་ན་ནི་།ཤིང་གི་མེ་ཏོག་འབྲས་བུ་མེད། །དེ་ལྟར་བྱང་ཆུབ་སེམས་ཀྱི་ནི་།གཞི་ལས་གསང་སྔགས་འབྲས་བུ་ཤེས། ། བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །བླ་ན་མེད་པའི་གོ་འཕང་འཐོབ། །འདི་ལ་གནས་པའི་ཆོས་ཀུན་ནི། །སྐྱེ་དང་གནས་པས་འབྱུང་བ་སྟེ། །དངོས་པོ་ཐམས་ཅད་མདོར་བསྡུས་ནས།། རང་བཞིན་མེད་ཅིང་བསམ་དུ་མེད། །བྱང་ཆུབ་སེམས་ནི་ངེས་པར་ཐོབ། །གཞན་དུ་འབའ་ཞིག་པར་འགྱུར་རོ། །བུ་འདི་སེངྒེའི་སྒྲ་ཡིན་ཏེ། །སྟོང་ཉིད་འདུས་བྱས་སྒོམ་པར་ བྱེད༑ ༑སྲིད་པ་ཐམས་ཅད་སྒྱུ་མ་ཡིན། །གང་ཞིག་བསམ་པའི་འབྲས་བུར་གནས། །མུ་སྟེགས་རྣམས་ཀྱི་འདོད་བཤད་པ། །བདག་དང་སྲོག་དང་གང་ཟག་བཅས། །གཙོ་བོ་སྐྱེས་ [372B] །གང་དུ་ཁྱབ་པར་གནས་པ་དང། །དེ་ལྟར་འཁོད་པ་རྣམས་བརྟགས་ནས། །འཁོར་བའི་དངོས་པོ་འབའ་ཞིག་སྟེ། །མངོན་པའི་ང་རྒྱལ་གྱིས་རྨོངས་ནས། །བྱིས་པ་ སྡུག་བསྔལ་བདེན་པ་ཅན། །ལོག་པའི་ཞགས་པས་བཅིངས་པ་ཡིས། །སྡུག་བསྔལ་བ་དེ་རྣམས་བལྟས་ནས། །དེ་རྣམས་ཀུན་ལ་བརྗོད་པ་ཡིན། །འདི་སྐད་གསུང་ནི་བཀའ་སྩལ་ཏོ། །སྲོག་ མེད་སེམས་ཅན་ཀྱང་ཡོད་མིན། །བྱེད་པ་པོ་མེད་གཙོ་བོའང་མེད་།ཁྱབ་པ་མེད་ཅིང་དངོས་པོའང་མེད། །རྫས་ལ་སོགས་པའི་རང་བཞིན་མེད། །ལོག་ཤེས་རང་བཞིན་ཞགས་པ་ནི། །སྲིད་ པའི་འཆིང་བ་རྣམ་པར་སྤངས། །དངོས་པོ་ཐམས་ཅད་རྣམ་པར་བྲལ། །སྣ་ཚོགས་ཇི་བཞིན་རྣམ་བསྒོམས་པས། །དངོས་པོ་ཀུན་ལས་རྣམ་པར་གྲོལ། །སྟོང་པ་ཉིད་ཀྱི་གོ་འཕང་འཐོབ། ། ཕྱི་རོལ་ནང་གི་ཁྱད་པར་གྱིས། །དེ་ལྟར་ཐམས་ཅད་རྣམ་པར་བསྒོམ། །དབུ་བ་ཆུ་བུར་དང་སྒྱུ་མ། །སྟོང་ཉིད་འབའ་ཞིག་ལས་ལྡང་སྟེ། །དེ་ལྟར་ཐམས་ཅད་རྣམ་བསྒོམས་ན། །ཡེ་ཤེས་ གོ་འཕང་ངོ་རྣམ་རྟོག་སྡིག་པའི་གོ་ཆ་ལས་གྲོལ་ནས། །འཆི་མེད་གོ་འཕང་དུ་གྲོལ་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་།གཞན་ཡང་གཟུང་འཛིན་རྣམས་ལས་འདས། ། ཀུན་མཁྱེན་ཡེ་ཤེས་ཞགས་པ་ནི། །འཆིང་བའི་དོན་དུ་རབ་ཏུ་བརྟག་།གང་དུ་ཕུང་པོ་ཁམས་མེད་ཅིང། །སྐྱེ་མཆེད་རྣམས་ནི་འབྱུང་བ་མེད། །དངོས་པོ་ཀུན་ལས་རྣམ་གྲོལ་བར། །རྒྱལ་ [373A]༄༅། །བ་མཆོག་གིས་རྟག་ཏུ་གསུངས། །གང་དུ་ཀུན་གཞི་རྣམ་ཤེས་མེད། །བདག་མེད་གང་ཟག་ཀྱང་ཡོད་མིན། །སངས་རྒྱས་བྱང་ཆུབ་ས་སྟེང་འདི། །གང་དུ་ཐམས་ ཅད་སྒྱུ་མར་གསུངས། །ད་ནི་ཀུན་མཁྱེན་མངའ་བརྙེས་པ། །སེམས་ཅན་དོན་རྣམས་ཐུགས་སུ་ཆུད། །ཆོ་ག་བྱ་བ་ལ་ཞུགས་ཕྱིར། །བུ་ལ་མ་ལུས་པར་བཤད་དོ། །གང་ཞིག་ཀུན་ གཞི་ཡོད་པ་དང། །གལ་ཏེ་རྣམ་ཤེས་ཀྱང་ཡོད་པ། །དེ་ཡི་བདག་ཉིད་བདག་གི་བུ། །ཡོད་དོ་ཞེས་ཀྱང་བསྟན་གྱུར་པ། །དངོས་པོའི་གདོན་གྱིས་བརླམས་པ་ཡི། །བྱིས་པས་སྡུག་ བསྔལ་རྣམས་མཐོང་ནས། །བདག་གིས་གཞུག་པར་བྱ་ཕྱིར་བུ། །ཆོ་ག་རྒྱས་པ་གསུངས་པ་ཡིན། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད་།གང་ཟག་མེད་ཅིང་བྱེད་པོའང་མེད། ། རྣམ་ཤེས་མེད་ཅིང་ཀུན་གཞི་མེད། །གང་ལ་བདག་མེད་དབང་ཕྱུག་མེད། །སྐྱེས་བུ་མེད་ཅིང་ཁྱབ་པའང་མེད། །གཙོ་བོ་མེད་ཅིང་རྒྱུ་ཡང་མེད། །དངོས་པོ་ཀུན་ལས་རྣམ་གྲོལ་བའི།། དམ་ཆོས་དྲི་མ་མེད་པ་བཤད། །དེ་ཉིད་མཆོག་གི་གཙོ་བོ་སྟེ་།རྫོགས་སངས་རྒྱས་ཀྱི་གོ་འཕང་བསྟེན། །རྟག་པར་རྒྱུན་དུ་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་རྣམ་པར་ བསྒོམ༑ ༑གཟུང་དང་འཛིན་པ་རྣམ་གྲོལ་བར། །དངོས་པོ་ཐམས་ཅད་རྣམ་པར་གཅད། །ཕུང་པོ་ཁམས་དང་སྐྱེ་མཆེད་སྤངས། །ཐམས་ཅད་སྟོང་ཉིད་སྒྱུ་མ་ལྟར། །བྱང་ཆུབ་ [373B] །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས་།དེ་ལྟར་ཡིད་ཀྱིས་བསྒོམ་པར་བྱ། །ཕུན་སུམ་ཚོགས་པ་ཐམས་ཅད་ཉེ། །གང་ཞིག་སངས་རྒྱས་ཉིད་ཀྱི་ཐུགས། །བག་ ཡོད་པས་ནི་རྟག་བསྟེན་ན། །བྱང་ཆུབ་སེམས་ཀྱི་མྱུ་གུ་འཆར་།བསྙེན་པར་གྱུར་ན་འབྲས་བུ་འབྱུང། །གསང་སྔགས་སྤྱོད་པས་གང་དག་སྟེ། །ཡིད་བཞིན་ནོར་བུ་ལྟ་བུའི་སྐུ། །བྱང་ཆུབ་ སེམས་ཀྱིས་འཐོབ་པར་འགྱུར། །ནམ་མཁའ་ལྟ་བུར་གོས་མེད་པའི། །སྐུ་ནི་ཀུན་ཏུ་འཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་བསྒོམས་པ་ཡིས་།བསོད་ནམས་བསམ་གྱིས་མི་ཁྱབ་ བཤད༑ ༑སངས་རྒྱས་རྫུ་འཕྲུལ་ཆེ་ཀུན་གྱིས། །འབྲས་བུའང་བསམ་གྱིས་མི་ཁྱབ་གསུངས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ་བཅོམ་ ལྡན་འདས་ལ་ལན་གསུམ་བསྒོར་བ་བྱས་ནས་རྡོ་རྗེའི་སྐབས་སུ་རྟོལ་བ་བླངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་རྒྱ་མཚོ་ལས་བྱུང་བའི། །ཁྱོད་ཀྱི་སྲས་པོ་ ང་མཉེས་གཤིན། །འདི་དག་ཤིན་ཏུ་སོམ་ཉི་ཟ། །བདག་གིས་ཇི་ལྟར་རྟོགས་པར་བགྱི། །གང་ཡང་བྱམས་པ་ལ་སོགས་གཞན། །ས་བཅུ་མ་ལུས་པ་ཐམས་ཅད། །འདི་ལ་ཐེ་ཚོམ་ འཚལ་ཞིང་མཆིས། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །གང་ཞིག་སེམས་ཅན་དོན་མ་བྱས། །བསོད་ནམས་ཡེ་ཤེས་རྣམ་པར་སྤངས། །དེ་རྣམས་ལ་ནི་ཐུགས་བརྩེའི་ཕྱིར། །བཅོམ་ལྡན་ [374A]༄༅། །འདས་ལ་འདི་གསོལ་འདེབས། །དེ་རིང་བདག་ལ་མ་ལུས་པར་།སེམས་ཅན་ཕན་པར་བརྩོན་པས་གསུངས། །འདི་ཡི་མཐུ་སྟོབས་ཀྱང་ནི་ཅི། །འདི་ཡི་ཕ་རོལ་ གནོན་པ་ཅི། །མི་གཡོ་ཞེས་བྱའི་གཙོ་ཁྱོད་ཀྱིས། །འདིར་ནི་ཇི་ལྟར་ཡང་དག་གསུངས། །འདི་ལས་གཞན་པའི་གོ་འཕང་མེད། །འདི་དག་ཐམས་ཅད་གསུང་དུ་གསོལ། །གང་ གིས་གོ་འཕང་དེ་འགྲུབ་པའི། །དཀྱིལ་འཁོར་ཡང་ནི་བཤད་དུ་གསོལ་།གང་གིས་ས་སྟེང་འདི་ཐོབ་པའི། །བསམ་མི་ཁྱབ་པའི་གོ་འཕང་གསུངས། །གསང་སྔགས་ཀྱི་ནི་ཚད་ཀྱང་ གསུངས། །དཀྱིལ་འཁོར་ཡང་ནི་ཇི་ལྟར་ལགས། །མགོན་པོ་འདི་ལ་ཐེ་ཚོམ་ཟ། །གང་འདིར་འགྲོ་བ་ལ་ཕན་ཕྱིར། །སྔགས་ཀྱི་དངོས་གྲུབ་དེ་བཞིན་གསུངས། །དེ་ཉིད་ལས་ཀྱི་ དབྱེ་བ་ཡང། །མངོན་སྤྱོད་ཀྱང་ནི་རབ་ཏུ་བཤད། །ཞི་དང་རྒྱས་དང་དབང་དག་གིས། །མགོན་པོས་ཇི་ལྟར་ཆེར་མྱུར་བར། །སྔགས་ཀྱི་བཟླས་པའི་འབྲས་བུ་མཆིས། །མགོན་པོས་ བཟླ་བའི་མཚན་ཉིད་ནི། །ས་སྟེང་འདིར་ནི་དེ་ཇི་ལྟར། །མེ་ཐབ་ཀྱི་ནི་ཆོ་ག་དང། །དེ་ཡང་ཚིམ་དང་བསང་གཏོར་དང། །ཁྲོ་བོའི་རྒྱལ་པོ་དང་ལྡན་པ། །མགོན་པོས་དེ་དག་ཐམས་ཅད་ གསུངས། །ཉི་མ་གཅིག་གི་ཉིན་ཕྱེད་ནས། །ཟླ་བ་བརྒྱད་པའི་སྐད་ཅིག་ཏུ། །དངོས་གྲུབ་དག་ནི་ཡང་དག་གསུངས། །དུག་གི་ལས་ཀྱི་གསོ་སྤྱད་དང། །རྫས་ཀྱི་སྦྱོར་བའི་ལས་སྣ་ [374B] ༑མངོན་པར་བརྗོད་པ་ཡང་དག་འབྱུང། །མ་ལུས་པ་ནི་བཤད་དུ་གསོལ། །གང་གིས་དངོས་གྲུབ་ཐོབ་པ་ཡིས། །མགོན་པོ་གཞན་ནི་མ་མཆིས་ཏེ། །གཙོ་བོ་ཁྱོད་སྤངས་གཞན་ མེད་དོ༑ ༑བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས། །ཉན་ཐོས་རང་རྒྱལ་རྫུ་འཕྲུལ་ཆེ། །གང་ཡང་འཇིག་རྟེན་པར་གྲགས་པའི་།ཚངས་སོགས་རྫུ་འཕྲུལ་ཆེར་བཤད་པ། །དེ་རྣམས་ཀྱི་ ཡང་མགོན་སྐྱབས་ནི། །གཙོ་བོ་ཁྱོད་སྤངས་གཞན་མ་མཆིས། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང། ཕྱག་ན་རྡོ་རྗེ་ལ་སོགས་པས་སླར་ཡང་བཅོམ་ལྡན་ འདས་ལ་གསོལ་བ་བཏབ་པ། ཆོས་ཀྱི་རྒྱལ་པོ་སྔགས་ཀྱི་སྒོ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པའི། །བྱང་ཆུབ་སེམས་དཔའི་དོན་གྱི་ཕྱིར། ། གསང་སྔགས་སྤྱོད་པའི་སྒྲུབ་པའི་ཐབས། །གང་གིས་བཅོམ་ལྡན་ཉིད་ཀྱིས་གཟིགས། །ཆོས་ཀྱི་དགའ་བདེ་ཐོབ་པ་ནི། །ས་གཞིའི་སྟེང་ན་རྣམ་པར་གནས། །གསང་སྔགས་མཉེས་པར་ རབ་བརྩོན་ཞིང། །མཐོང་བའི་ཆོས་ལ་བདེ་ཐོབ་པའི། །སེམས་ཅན་ས་སྟེང་གནས་པ་ཡི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ། །འཇིགས་པ་ཐམས་ ཅད་རྣམ་པར་སྤངས། །གསང་སྔགས་རྒྱལ་པོ་རྫུ་འཕྲུལ་ཆེ་།འཇིག་རྟེན་འདི་རུ་འབྱུང་བར་འགྱུར། །སྡང་བའི་སྲིན་པོ་ཐམས་ཅད་དང། །འབྱུང་པོ་གདོན་དང་ཤ་ཟ་དང། །འཇིགས་སུ་ [375A]༄༅། །རུང་དང་དྲག་ཤུལ་ལས། །སེམས་ཅན་རྣམས་ལ་གནོད་བཤད་པ། །གསང་སྔགས་སྟོབས་ཆེན་དྲན་པ་ཡིས། །དེ་དག་ཐམས་ཅད་འབྱུང་མི་འགྱུར། །ས་སྟེང་ སེམས་ཅན་མ་རུངས་པ། །རྣམ་པ་སྣ་ཚོགས་གཞན་ཡང་བཤད། །དེ་རྣམས་གདུལ་བར་བྱ་བའི་ཕྱིར། །རྟོག་པ་འདི་ནི་རབ་ཏུ་གསུངས་།ལྷ་དང་ཀླུ་དང་གནོད་སྦྱིན་དང། །གྲུལ་བུམ་ དང་ནི་ལུས་སུལ་པོ། །སྨྱོ་བྱེད་རྒྱུ་སྐར་ཐམས་ཅད་དང། །མ་རུངས་གཟའ་སོགས་བཤད་པ་དང། །སེམས་ཅན་སྡིག་ཅན་དེ་རྣམས་ལ་།ཁྲོ་བོ་འདི་ནི་རབ་ཏུ་གསུངས། །ཚངས་སོགས་ གདོན་གྱི་ཚོགས་ཀུན་དང། །དེ་བཞིན་རྒྱལ་པོ་ཉན་ཐོས་དང། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །གང་ཞིག་བཤད་པར་མི་ནུས་ཤིང། །དེ་དག་ཐམས་ཅད་ཐལ་བར་རློགས། ། གསང་སྔགས་བཟླས་པ་རྫུ་འཕྲུལ་ཆེ། །སྙིང་ལ་གནས་པ་ཡང་དག་བསམ། །གསང་སྔགས་ཞེས་བྱ་མཐོང་དཀའ་ཞིང། །མ་ལུས་པ་རུ་ཐལ་བར་བརླགས། །ཚངས་པ་ལ་སོགས་ དཀྱིལ་འཁོར་དང། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །དབང་པོའི་གནས་བཅུ་བདག་པོ་ཡིས། །འདི་ནི་བཟོད་པར་མི་ནུས་ཏེ། །ཁྲོ་བོའི་རྒྱལ་པོ་རོལ་པ་ནི། །སྡང་བའི་སེམས་ཅན་ཅི་ ནས་ཀྱང། །རས་བལ་འདའ་བ་མཚུངས་པར་བརྟག་མིང་ནས་བོས་པ་ཙམ་གྱིས་ནི། །ཕྱོགས་བཅུ་རྣམས་སུ་འབྱེར་བར་འགྱུར། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །གསང་སྔགས་ [375B] །རྟག་པར་རྒྱུན་དུ་དྲན་པར་བྱ། །གསང་སྔགས་དངོས་གྲུབ་འདོད་པ་ཡིས། །ཐམས་ཅད་དུ་ནི་འཇིགས་མེད་པར་།སྔགས་གནས་ས་སྟེང་འདི་རུ་བྱ། །གསང་སྔགས་ མགོན་པོ་དྲན་པ་དང། །འཆང་བ་དང་ནི་རྟག་ཏུ་ཟློས། །མེ་ཡི་ནང་དུ་གནས་པ་ན། །མཆེ་བ་གཙིགས་པ་ཡི་ནི་སྐུས། །འབྱེར་ཏེ་རྟག་ཏུ་འཇིགས་པ་མེད། །མཐོ་རིས་ཐེམ་སྐས་ལྟ་བུར་དགའ།། འཇིགས་ཤིང་སྐྲག་པས་འཁྲིགས་པ་ན། །རྒྱལ་པོ་ཆེན་པོས་འཇིགས་པ་སེལ། །ཆོམ་རྐུན་གསེབ་ཏུ་ཆུད་པ་ན། །སེངྒེ་རྣམ་པར་བསྒྱིངས་པའི་སྐུ། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་ཡིས་རྟག་ ཏུ་དྲན་པར་བྱས། །རིམས་དང་སོ་མིག་གཟེར་ཟུག་དང། །རྐེད་པའི་རྩིབས་ལོགས་ལུས་ལས་བྱུང། །རྣམ་པ་སྣ་ཚོགས་ཀུན་འབྱུང་བའི་།ས་སྟེང་ལུས་ཅན་ནད་རྣམས་ནི། །གསང་སྔགས་ དྲན་པ་ཙམ་ཉིད་ཀྱིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །ཁྲོ་རྒྱལ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་སྟོབས་ནི་རྟུལ་ཕོད་པའི། །ཀུན་མཁྱེན་ལས་གཞན་ས་སྟེང་ན། །རྟག་ཏུ་བཟོད་ གནས་སུ་ཞིག་ཡོད། །འཁོར་ལོས་བསྒྱུར་བའི་མཐུ་སྟོབས་ནི། །ཇི་ལྟར་སྨྲ་བར་མི་ནུས་པ། །དེ་བཞིན་ཁྲོ་རྒྱལ་བསྒྱིངས་པ་ཡི། །བརྗོད་པར་ཡང་ནི་མི་ནུས་སོ། །ཇི་ལྟར་འཁོར་ལོས་བསྒྱུར་ བ་ཡི༑ ༑ཡོན་ཏན་མི་ཡིས་བགྲང་མི་ནུས། །དེ་བཞིན་ཁྲོ་བོའི་རྒྱལ་པོ་ཡི། །སྟོབས་ནི་བརྗོད་པར་མི་ནུས་སོ། །རྡོ་རྗེ་པདྨའི་རིགས་ཞེས་པའི། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱང། །ཁྲོ་བོའི་མངག་ [376A]༄༅། །གཞུག་ཕོ་ཉ་དང། །བཀའ་ཉན་ཕོ་ཉ་རྫུ་འཕྲུལ་ཆེ་།དེ་རྣམས་ཀྱིས་ནི་ཁྲོ་བོ་འདི། །འཁོར་ལོས་བསྒྱུར་ཞེས་མངོན་པར་བརྗོད། །ཁྲོ་བོའི་རྒྱལ་པོ་བློ་ལྡན་གྱི། །མཐུ་ སྟོབས་དེ་ལྟར་བཤད་པ་ནི། །སངས་རྒྱས་ཀུན་གྱི་དཔའ་གཅིག་འདི་།དེ་ཡི་དཔའ་བོ་ཞེས་སུ་བཤད། །གང་གསུངས་བདེན་པའི་ཚིག་གྱུར་པས། །མི་སླུ་བ་ནི་ཉིད་ཡིན་ནོ། །དེ་ཕྱིར་ འདི་ནི་མི་གཡོ་བས། །མི་གཡོ་བ་ཞེས་མངོན་པར་བརྗོད། །མི་གཡོ་བ་ཡི་ས་ཐོབ་པ། །བསམ་གཏན་རྩེ་གཅིག་བློ་ཡི་གནས། །ཉན་ཐོས་ས་ལ་སོགས་པ་ཡི། །བདུད་རྣམས་ཀུན་གྱིས་མི་ གཡོ་བ༑ ༑དེས་ན་མགོན་པོས་མཚན་གསོལ་ཏོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས། །འདི་ནི་དོན་ཀུན་འགྲུབ་པར་བྱེད། །གང་ཡང་ འདས་པའི་སངས་རྒྱས་དང། །གང་ཡང་དེ་བཞིན་མ་བྱོན་པ། །མགོན་པོ་ད་ལྟར་བཞུགས་པ་གང། །འགྲོ་ལ་ཕན་ཕྱིར་ཆོ་ག་ནི། །དེ་དག་ཀུན་གྱིས་འདི་གསུངས་པ། །སངས་རྒྱས་ སྤྱན་ཞེས་བྱ་བར་བཤད། །སེམས་ཅན་ཁམས་ནི་ཐམས་ཅད་ཀྱི་།བསྟན་པ་གང་ཡིན་སྲུང་བར་མཛད། །སངས་རྒྱས་ཀུན་གྱི་སྤྲུལ་པ་དང། །བྱང་ཆུབ་སེམས་དཔའ་མཐུ་ཆེན་གྱིས། ། གང་ཡང་གསང་སྔགས་གྲངས་མེད་པ། །སེམས་ཅན་ཕན་འདོགས་བཞུགས་པར་གསུངས། །ལག་ན་རྡོ་རྗེ་བློ་ལྡན་པ། །འདི་དག་ཐམས་ཅད་ཡང་དག་བཤད། །མི་གང་སྡིག་པས་ [376B] །སེམས་ཅན་སྣང་བ་སྐྱེད་པར་བྱེད། །མི་ཕྱེད་པ་ཡི་ཞགས་པར་བཅིངས། །བླ་ན་མེད་པའི་གོ་འཕང་འགྱུར་།ཁྲོ་བོའི་རྒྱལ་པོ་བློ་དང་ལྡན། །སྔགས་པས་མ་བསྒྲུབས་པར་ ཡང་འགྲུབ། །ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས། །འདོད་པ་མ་ལུས་འགྲུབ་པར་འགྱུར། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ངོ་མཚར་ཏེ་དགའ་ཞིང་མིག་རྒྱས་པས་མགྲིན་ གཅིག་དང། ངག་གཅིག་ཏུ་ཚིག་སྙན་པོས་གསོལ་པ། ཨེ་མའོ་སངས་རྒྱས་ཐམས་ཅད་ནི། །ཐབས་དང་ཤེས་རབ་བསམ་དུ་མེད། །ཐུགས་རྗེར་གྱུར་པའི་ཐུགས་ཀྱིས་ནི། །མཚུངས་ མེད་དམ་ཚིག་བཤད་དུ་གསོལ། །གང་ཡང་སེམས་ཅན་འཇིགས་པས་འཁྲིགས། །ས་སྟེང་ཐམས་ཅད་འཇིགས་མེད་ཅིང། །གང་གིས་གུས་ཆེན་རང་བཞིན་གྱིས། །དེ་ཡི་ངན་འགྲོ་ སྟོངས་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཁྲོ་བོའི་རྒྱལ་པོའི་ དཀྱིལ་འཁོར་འདིར་ཞུགས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་རྒྱལ་པོའི་དབང་ཕྱུག་གི་གོ་འཕང་ཐོབ་པར་འགྱུར་བ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་འཚེ་བར་མི་ནུས་ པ༑ དངོས་གྲུབ་མྱུར་དུ་འཐོབ་པར་བྱེད་པ། དབང་ཕྱུག་ཐམས་ཅད་ལ་ཡང་དག་པར་ལྡན་པར་བྱེད་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ [377A]༄༅། །སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ། ཤིན་ཏུ་ལེགས་སོ་།ཁྱོད་ཀྱིས་ཁོ་བོ་ལ་གསོལ་ བ་བཏབ་པའི་དོན་འདི་རིགས་ཀྱི་བུ་ཉོན་ཅིག་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་འདི་གང་གིས་ཐོས་པས་ས་སྟེང་དུ་ཐམས་ཅད་ངོ་མཚར་ཞིང་མིག་རྒྱས་ཏེ། ནུས་པ་མེད་པས་བཟོད་ པར་མི་ནུས་ཏེ། དེ་ནས་ས་སྟེང་དུ་འགྱེལ་བར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བདུད་ཐམས་ཅད་སྲེག་པའི་མེ་ལྕེ་ཡང་དག་པར་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་གསང་སྔགས་ཀྱི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ། དུས་གསུམ་ཀུན་གྱི་བྱང་ ཆུབ་སེམས་དཔའ་མ་ལུས་པ་སྐྱེད་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དོན་གསལ་བར་བྱེད་ཅིང་ཡོད་པ། དེ་བཞིན་གཤེགས་པ་ཐམས་ཅད་བསོད་ནམས་བསམ་གྱིས་མི་ ཁྱབ་པ་ལས་འཁྲུངས་པ། སེམས་ཅན་ཐམས་ཅད་ཀྱིས་ཤིན་ཏུ་མཐོང་བར་དཀའ་བ། མཐོང་བའི་བགེགས་རྣམས་རབ་ཏུ་འཇོམས་པ། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བར་ བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གདོན་མ་རུངས་པ་ཐམས་ཅད་ལ་གསོ་སྦྱོང་མཛད་པ། བདུད་ཀྱི་དགྲ་ [377B]ན་མསརྦ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཤཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཧྲ་ཊ་ཧཱཾ་མཱཾ། བཅོམ་ལྡན་འདས་ ཀྱིས་གསང་སྔགས་ཀྱི་རྒྱལ་པོ་བཀའ་སྩལ་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཆུ་ཤིང་གི་སྡོང་བུ་དང། ནགས་ཚལ་ཆེན་པོ་ལྟ་བུར་བབ་ཅོལ་དུ་ཁས་བུབ་ཏུ་འགྱེལ་བར་གྱུར་ ཏོ༑ ༑སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་དང། ལྡེག་པ་དང། འགུལ་བ་དང། རབ་ཏུ་འགུལ་བ་དང། གཡོས་པ་དང། རབ་ ཏུ་གཡོས་པ་དང། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བར་གྱུར་ཏོ། །གཞན་ཡང་ངོ་མཚར་ཞིང་རྨད་དུ་བྱུང་བ་ མཐོང་སྟེ། ངོ་མཚར་ཆེ་བར་གྱུར་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་ཀྱི་ཞིང་ཁམས་སྣ་ཚོགས་པ་ཡང་མཐོང་ངོ་།གང་ཡང་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་ རྟེན་གྱི་ཁམས་འདིའི་བགེགས་སྣ་ཚོགས་དང། སྲིན་པོ་དང། བདུད་ཀྱི་རིགས་སྣ་ཚོགས་དང། གཞན་ཡང་གདུག་པའི་སེམས་དང་ལྡན་པ་དེ་དག་ཐམས་ཅད་ཐལ་བར་བརླགས་ཏེ། ཁ་ ཅིག་ཁ་སྦུབ་ཏུ་ནི་གནས། །འཇིག་པའི་བསྐལ་པ་ལྟ་བུར་ནི། །དུད་ཁ་དུད་སྐྱར་ཀུན་ཏུ་གནས། །ཉི་མ་ཟླ་བ་རྫུ་འཕྲུལ་ཆེ། །འདི་ཡི་སྣང་བའང་མུན་པར་འགྱུར། །མུན་ནག་སྨག་ནི་ཤིན་ཏུ་ [378A]༄༅། །འཇིགས། །གློག་འགྱུ་ཡུལ་ན་འཇིགས་སུ་རུང། །ཕྱོགས་ཀུན་དུ་ནི་འོ་དོད་འབོད། །ས་གཞི་ཐམས་ཅད་ཀུན་ཏུ་འཁྲུགས། །གཟའ་དང་རྒྱུ་སྐར་ཚོགས་ཀུན་ཏུ། ། གང་ཡང་ལྷ་ཡི་གཙོ་བོ་གཞན། །དེ་དག་ཐམས་ཅད་འཇིགས་སྔངས་[?]ནས། །སེམས་མེད་ཁ་སྦུབ་ཏུ་ནི་འགྱེལ། །ལྷ་མིན་མིའམ་ཅི་དང་ཀླུ་།གནོད་སྦྱིན་སྲིན་པོ་ལུས་སྲུལ་པོ། །འདི་ རྣམས་ལུས་ཀྱིས་མི་བཟོད་པས། །དུག་གིས་བཏབ་བཞིན་གཉིད་ཡུར་ཏེ་།འདི་དག་ཐམས་ཅད་གཅིག་ཏུ་འབར། །བསྐལ་པའི་མེ་ལས་ཡང་དག་བྱུང། །འདི་དག་ཐམས་ཅད་ འབར་ཞིང་མཆེད། །སངས་རྒྱས་ཞིང་ནི་ཀུན་ནས་ཀྱང། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་གནས་ཀྱི་དབང་ཕྱུག་རྣམས་།དེ་ཡང་གཉིད་བྲོ་ཡུར་བར་འགྱུར། །ཁ་སྦུབ་ ཏུ་ནི་ས་ལ་འགྱེལ། །ཁྲོ་བོ་མངག་གཞུག་བཀའ་ཉན་པ། །ཕོ་ཉ་ཕོ་མོ་བྲན་དང་བཅས། །ལུས་འདིའི་ཚུགས་ནི་མི་ཐུབ་པར། །སེམས་སྟོར་ཁ་སྦུབ་འགྱེལ་བར་གྱུར། །གང་ཡང་ཉན་ ཐོས་བསེ་རུ་དང། །འཇིག་རྟེན་རྫུ་འཕྲུལ་ཆེན་པོ་གཞན། །ལྕགས་ནི་ཤིང་ཆེ་ཐུལ་བ་ལྟར། །དེ་ཡང་གནས་སུ་འགྱེལ་བར་གྱུར། །ཚངས་པ་བརྒྱ་བྱིན་ལ་སོགས་ལྷ། །ལྷ་མིན་གནོད་ སྦྱིན་རྫུ་འཕྲུལ་ཆེ། །དེ་དག་ཐམས་ཅད་ཐལ་བར་འགྱུར། །སྡུག་བསྔལ་འཁྲིགས་པར་འགྱུར་ན་ནི། །ཅུང་ཟད་སླར་ཡང་ཕན་ཚུན་དུ་།བྱེར་ཅིང་འཇིགས་པས་ཚིག་སྨྲས་ཏེ། །བུ་ [378B] །ས་གཞི་འདི་དག་ཤིན་ཏུ་འཇིགས་།བདེ་གཤེགས་གོ་འཕང་མ་གཏོགས་པ། །ཞི་བ་ཅི་ཡང་མ་མཐོང་ངོ་།བདུད་དང་བགེགས་ཀྱི་གཟུགས་རྣམས་ཀྱང།། རྣམ་པ་སྣ་ཚོགས་ཡང་དག་གནས། །ལུས་ནི་འགྱུར་བ་ལྟ་བུ་རུ། །ས་སྟེང་ན་ནི་ཤིང་བཞིན་གནས། །ཚངས་པ་ལ་སོགས་ཡུལ་རྣམས་ནི་།འདི་དག་ཐམས་ཅད་འབར་བར་མཐོང། །མནར་ མེད་གྱུར་པའི་ལུས་ཀྱང་ནི། །དུད་ཁ་དུད་སྐྱར་ཀུན་ཏུ་གནས་།སངས་རྒྱས་ཞིང་ནི་མ་ལུས་པ། །འདི་དག་ཐམས་ཅད་སྲེག་པར་བྱེད། །སྙིང་རྗེ་ཞུགས་ཤིང་ཡང་དག་ལྡན། །ཕྱག་ན་རྡོ་རྗེས་ འདི་སྐད་གསོལ། །སེམས་ཅན་དོན་དུ་མ་བསམ་པས། །བཅོམ་ལྡན་བཀོད་པ་བསྡུ་རུ་གསོལ། །བྱིས་པ་སྡུག་བསྔལ་རྟེན་ཅན་གྱིས། །འདི་ནི་བཟོད་པར་མི་ནུས་སོ། །འགྲོ་བའི་སེམས་ཅན་ ཀུན་གྱི་མགོན། །ཐུགས་རྗེ་རྣམས་ནི་བྱུང་བར་མཛད། །ཐུགས་རྗེ་གཅིག་པའི་རི་ལས་འཁྲུངས། །སེམས་ཅན་སྡུག་བསྔལ་གྲོལ་མཛད་པའི་།འགྲོ་བའི་མགོན་པོ་ཁྱོད་གཅིག་པུ། །གཉེན་ དུ་གྱུར་པ་ཁྱོད་ཁོ་ན། །འཁོར་བའི་རྒྱ་མཚོ་ལས་གྲོལ་བའི་།མཉན་པ་ཡང་ནི་ཁྱོད་གཅིག་པུ། །ནད་རྣམས་ཐམས་ཅད་གསོ་མཛད་པའི། །ཁྱོད་ཉིད་གཅིག་པུ་སྨན་པར་འགྱུར། །དམ་པའི་ ལམ་སྟོན་པ་ཡང་ཁྱོད། །ཁྱོད་ནི་འཁོར་བའི་རྒྱ་མཚོར་ཕ། །ས་སྟེང་ཉིད་ན་ཁྱོད་འབའ་ཞིག་མགོན་པོ་ཐུགས་རྗེ་བསྐྱེད་ནས་ནི་།ས་གཞི་ཐམས་ཅད་ཡང་དག་འཕེལ། །དཔག་བསམ་ཤིང་ [379A]༄༅། །བཞིན་དོན་གཉེར་བའི། །ཡང་དག་དཔའ་བོ་བྱང་ཆུབ་སེམས། །ས་བཅུའི་གནས་ཀྱི་དབང་ཕྱུག་རྣམས། །མགོན་པོ་ཁྱོད་ཉིད་གཅིག་པུས་འཕེལ། །ཐུགས་རྗེ་པདྨ་ འདམ་སྐྱེས་བཞིན། །སེམས་ནི་ངན་པར་འགྱུར་བ་ཡི། །འགྲོ་བའི་མགོན་པོས་སྲེག་པར་མཛོད། །སྙིང་པོ་མེད་པ་ལྟ་བུར་འགྱུར། །ཆུ་ཤིང་གི་ནི་སྡོང་པོ་བཞིན། །ཕྱེ་མ་ལེབ་བཞིན་སྐྱེ་བོ་ རྣམས༑ ༑དྲག་ཏུ་འབོད་པའི་ལུང་ཐོབ་པ། །བསྲེགས་ཀྱང་ཟུག་རྔུ་མི་འབྱུང་སྟེ། །དེ་བཞིན་འདིར་ནི་བྱིས་པ་རྣམས། །བགེགས་དང་ལོག་འདྲེན་ཐམས་ཅད་དང། །གྲངས་མེད་བཅུ་ཡི་སྟོབས་ ཀྱི་བདག་གསང་སྔགས་རྒྱལ་པོ་བརྗོད་པ་ཡིས། །དེ་དག་ཐམས་ཅད་ཐལ་བར་བརླག་དེ་བས་རྣམ་པ་ཐམས་ཅད་ཀྱིས། །བཅོམ་ལྡན་ཁྱོད་ལ་བདག་གསོལ་འདེབས། །ཁྱོད་ཀྱི་སྲས་པོ་ བདག་མཉེས་བཤིན། །བདག་གི་དེ་ནི་གསན་པའི་རིགས། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐུགས་རྗེ་དང་ལྡན་པའི་ཐུགས་མངའ་བས་ཕྱག་ན་རྡོ་རྗེས་སེམས་ཅན་ལ་ཕན་ པའི་ཕྱིར་ཐུབ་པ་མཆོག་གི་གཙོ་བོ་ལ་གསོལ་བ་བཏབ་པའི་ཚིག་འདི་ནི། ཤིན་ཏུ་རྒྱ་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྲོག་འབྱུང་ ཞིང་ཡེ་ཤེས་འཁྲུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་རིག་པའི་རྒྱལ་པོ་འདི་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། འདུས་ [379B] འཇིགས་པ་ཐམས་ཅད་རབ་ཏུ་འཇིགས་པར་བྱེད་པ། དགྲ་ཐམས་ཅད་དང། མེ་ཆུ་སེལ་བར་བྱེད་པ། སེམས་ཅན་ཐམས་ཅད་ཀྱི་དཔལ་ཕུན་ སུམ་ཚོགས་ཤིང་སྐལ་པ་བཟང་པོ་ཐོབ་པར་བྱེད་པ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། ཉན་ཐོས་དང། རང་རྒྱལ་སྐྱེད་པར་བྱེད་པ། འཇིགས་པ་ཐམས་ཅད་ སྲེག་[?]པར་བྱེད་པ། རྣམ་པར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞེད་པ་གསུངས་པ། ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦྦ་ སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་པ་རི་སྐཱ་ར་བི་ཤུདྡྷ་དྷརྨ་ཏེ་མ་ཧཱ་ན་ཡ་པ་རི་བཱ་རེ་སཱཧཱ། དེ་ནས་འདི་གསུངས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ་བདེ་བ་ཐམས་ཅད་གཏད་ཅིང། ཀུན་ནས་རྒྱལ་བ་དང་ལྡན་པ། །དབང་ཕྱུག་གོ་འཕང་བརྙེས་པ་ནི། །རང་གི་ལུས་ལ་སེམས་བཅུག་པས། །ངང་ཚུལ་བཟང་པོར་ ཡང་དག་འབྱུང། །སྡིག་པ་ཐམས་ཅད་རབ་ཏུ་ཞི། །བཅོམ་ལྡན་འདས་ནི་གཟིགས་པར་འགྱུར། །རིག་པར་གྱུར་པའི་སེམས་དང་ལྡན། །ཐམས་ཅད་རང་གི་སྲོག་དང་ལྡན། །རྫུ་འཕྲུལ་ རྟུལ་ཕོད་པར་གྱུར་པ། །ཤིན་ཏུ་ངོ་མཚར་གོ་འཕང་འཐོབ། །དེ་ནི་རྒྱལ་མཆོག་སྤྱན་སྔར་གནས། །རང་གཞན་བརྟུལ་ཞུགས་བརྟན་འགྱུར་བ། །རིག་པ་འདི་ཡི་མཐུ་སྟོབས་ཀྱིས། ། [380A]༄༅། །རང་གི་རྫུ་འཕྲུལ་གཡུལ་ལས་རྒྱལ། །ས་སྟེང་ཕ་རོལ་གནོན་པ་འབྱུང། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །བདུད་ཀུན་གྱི་ནི་གཙོར་གྱུར་པ། །ས་སྟེང་ གྱུར་ཏོ་ཅོག་ཀུན་ནི། །འཇིགས་པ་ཐམས་ཅད་རྣམ་པར་བྲལ། །ངན་འགྲོ་ཞེས་ནི་གང་བཤད་པའི། །ཤིན་ཏུ་སྡུག་བསྔལ་གཏིང་གནས་ཏེ་།ངན་འགྲོ་ཐམས་ཅད་རྣམ་དྲལ་ནས།། བདེ་བ་ཡི་ནི་སྣོད་དུ་འགྱུར། །དམྱལ་བའི་མེ་ཞེས་བྱ་བ་ཡི། །ཤིན་ཏུ་བལྟ་དཀའ་འཇིགས་རུང་དེ། །དེ་ཚེ་ལྷག་པར་གསལ་བར་གྱུར། །སྟོན་ཀའི་ཟླ་བའི་ཆ་ལྟར་གནས། །གང་ ཡང་དམྱལ་བ་ཞེས་བཤད་པ། །ཤིན་ཏུ་གྲང་བའི་མུན་ནག་འཁྲིགས་།དྲག་ཤུལ་མེ་ཆེན་འབར་བ་བཞིན། །དེ་དག་ཐམས་ཅད་དྲོ་བར་འགྱུར། །ཡི་དྭགས་ཞེས་བྱའི་སྡུག་བསྔལ་ གང། །ཤིན་ཏུ་མི་བཟད་འཇིགས་སུ་རུང། །རིག་པ་འདི་ཡི་མཐུ་སྟོབས་ཀྱིས། །འདི་དག་ཐམས་ཅད་བྲལ་བར་འགྱུར། །གང་ཡང་འཁོར་དེ་ཐམས་ཅད་ནི། །སྡུག་བསྔལ་གྱིས་ནི་ སེམས་གདུངས་པ། །བདེ་བ་ཐམས་ཅད་ཡང་དག་གཏད། །ཕན་ཚུན་དུ་ནི་དགའ་གཏམ་སྨྲ། །བགེགས་ཆེན་ལོག་པར་འདྲེན་པ་དང། །གཞན་ཡང་སྲོག་ཆགས་གྱུར་པ་གཞན།། ས་སྟེང་འབྱུང་པོ་རང་སེམས་གནས། །ངེས་པར་གྱུར་ནས་འདི་རྣམས་ནི། །གཅིག་ལ་གཅིག་ནི་བལྟ་བར་འགྱུར། །བྱང་ཆུབ་སེམས་དཔའ་དཔའ་བོ་དང། །ཚངས་པ་ལ་སོགས་ [380B] །རང་སེམས་མཛེས་པར་རྣལ་མར་ནི། །དེ་རྣམས་ཐམས་ཅད་བདེ་བ་འཐོབ། །ཕོ་ཉ་མངག་གཞུག་བཀའ་ཉན་སྩོལ། །འབྱུང་པོ་གདོན་དང་ཤ་ཟ་དང། །ཐམས་ཅད་དབང་ཕྱུག་ གོ་འཕང་འཐོབ། །ས་གཞི་སྟེང་ན་རྣམ་པར་གནས། །གང་ཡང་བྱང་ཆུབ་སེམས་དཔའ་བརྟན། །ཐམས་ཅད་དང་ནི་ལྡན་པ་ཡི། །རྫུ་འཕྲུལ་ཆེན་པོ་འཁོར་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་ ཚིག་གསོལ་པ། །ཨེ་མའོ་ཀུན་མཁྱེན་མཚུངས་པ་མེད། །ཐབས་ཀྱི་ཡེ་ཤེས་བསམ་མི་ལང། །ས་སྟེང་ཁྱོད་མ་གཏོགས་པ་ཡི། །འབྱུང་འགྱུར་གཞན་ནི་སུ་ཞིག་ཡོད། །མཐའ་ཡས་བདེ་ བའི་སྣོད་དུ་ནི། །འདི་དག་ཐམས་ཅད་གང་འཛིན་མཛད། །ཐམས་ཅད་དབང་ཕྱུག་གོ་འཕང་བརྙེས། །ས་ཡི་སྟེང་ན་རྣམ་པར་གནས་།སྲིད་པའི་སྡུག་བསྔལ་སླར་ཡང་མེད། །དེ་ལྟར་ཤིན་ ཏུ་མི་བཟད་འཇིགས། །ཐམས་ཅད་སངས་རྒྱས་སྲས་སུ་འགྱུར། །སེམས་ཅན་ཀུན་ལ་ཕན་དགའ་བས། །སེམས་ནི་རྩེ་གཅིག་གྱུར་པ་ཡིས། །སྙན་པ་ཡི་ནི་ཚིག་གིས་གསོལ། །ཀུན་གྱི་ གཉེན་དུ་གྱུར་པ་ཡིས། །སངས་རྒྱས་ཉིད་ལས་གཞན་པ་མེད། །སེམས་ནི་དམན་པར་གྱུར་པ་ཡང། །སོ་སོ་ནས་ནི་བདེ་བར་མཛད། །སྐྱེས་པས་ཡང་དག་བསྟན་པ་ནི། །ཇི་སྲིད་མྱ་ངན་མ་ འདས་པ། །དེ་སྲིད་བར་དུ་འཁོར་བར་ཞུགས། །སངས་རྒྱས་ཐེག་པ་ཚུལ་གྱི་མཆོག་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། །ཚངས་པ་ལ་སོགས་འཁོར་རྣམས་ནི། །ཐམས་ཅད་སྟན་ [381A]༄༅། །ལས་ལངས་གྱུར་ཏེ། །གཙོ་བོ་གང་ན་བཞུགས་པ་དེར་།བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར། །ཚངས་སོགས་རྫུ་འཕྲུལ་ཆེ་བའི་ལྷ། །ལྷན་ཅིག་ཡང་དག་ པར་ལྷགས་ཏེ། །བླ་མེད་གོ་འཕང་གསོལ་བ་འདེབས། །སེམས་ཅན་ཀུན་ལ་ཕན་བཞེད་པ། །རྫོགས་སངས་རྒྱས་ལ་བསྐོར་བར་བྱས། །འཇིག་རྟེན་མགོན་ལ་རབ་བཏུད་ནས། །འདི་ སྐད་ཀྱི་ནི་ཚིག་གསོལ་ཏོ། །ཨེ་མའོ་སངས་རྒྱས་ཆེ་བའི་བདག་།སེམས་ཅན་ཀུན་ལ་སྨན་པར་དགྱེས། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི་།ཐབས་ནི་མཚུངས་མེད་བསམ་མི་ཁྱབ། །གང་གིས་ འདི་ནི་གནས་པར་བྱས། །སྡུག་བསྔལ་རྒྱ་མཚོ་རྣམ་པར་སྦྱོང་།འགྲོ་ལ་སྨན་པ་ཁྱོད་མཐོང་ན། །བདེ་བ་ཡང་དག་འབྱུང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐུགས་ རྗེ་དང་ལྡན་པའི་ཐུགས་ཟབ་པས་སྒྲ་དབྱངས་འདི་སྐད་ཀྱི་ཚིག་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །རྫུ་འཕྲུལ་ལྡན་པ་ཁྱེད་མ་འཇིགས། །རྫོགས་སངས་རྐང་ གཉིས་མཆོག་གིས་ནི། །བསམ་གྱིས་མི་ཁྱབ་འདི་དག་གསུངས། །འདི་འདྲའི་ཆོས་ནི་བསྟེན་པ་ནི། །སྡུག་བསྔལ་གང་གིས་སླར་ཡང་ནི་།འཁོར་བར་དེ་ལྟར་འཆིང་འགྱུར་བ། ། བསྙེན་པར་གྱུར་པས་འབྱུང་མི་འགྱུར། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །ཐེག་པ་ཆེན་པོ་ཡང་དག་གསུངས། །ལམ་ནི་ཡང་དག་བསྡུས་ནས་ནི། །ཐམས་ཅད་སྡུག་ [381B] །དེ་ནི་མཆོག་གི་དེ་ཉིད་ཞི། །སངས་རྒྱས་རྣམས་ཀྱི་ཐེག་པར་བརྗོད། །ཐེག་པ་དམ་པ་འདི་བཟུང་ནས་།སངས་རྒྱས་ངེས་པར་གདོན་མི་ཟ། །འདས་པའི་སངས་རྒྱས་ ཀུན་དང་ནི། །དེ་བཞིན་གང་ཡང་མ་བྱོན་པ། །མགོན་པོ་ད་ལྟར་བཞུགས་པ་རྣམས། །འགྲོ་ལ་ཕན་པའི་ཚུལ་ཉིད་ལས། །དེ་དག་ཐམས་ཅད་ཡང་དག་བཟུང། །སྡུག་བསྔལ་ཞི་བ་འཐོབ་པར་ འགྱུར༑ ༑དེ་ཕྱིར་རྣམ་པ་ཐམས་ཅད་ཀྱི། །འདི་ལྟ་བུ་ཡི་དམ་ཆོས་བསྟེན། །གཙོ་བོ་འདི་ནི་བསྟེན་གྱུར་ན། །སྡུག་བསྔལ་རྣམས་ནི་སེལ་བར་བྱེད། །གང་ཡང་བྱང་ཆུབ་སེམས་དཔའ་གཞན།། ཚངས་པ་ལ་སོགས་རྫུ་འཕྲུལ་ཆེ། །སེམས་ཅན་ཕན་པར་ཞུགས་པ་ཡི། །སྤྱན་སྔར་སྙན་པའི་ཚིག་འདི་གསོལ། །མགོན་པོ་ཁྱོད་ཀྱིས་ཅི་ཞིག་གསུངས། །བདག་གི་ཡིད་ཀྱང་རྟེན་གཞན་མེད།། ཁྱོད་ཉིད་སྐྱབས་སུ་གྱུར་པ་ལས། །མཆོག་གཞན་ཞིག་ནི་ཡོད་མ་ཡིན། །ཀུན་གྱི་དབང་ཕྱུག་གོ་འཕང་བརྙེས། །རང་གི་རྫུ་འཕྲུལ་སྙེམས་ཚུལ་གྱུར། །འཇིགས་པ་ཀུན་དང་རྣམ་པར་བྲལ། ། སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྫུ་འཕྲུལ་ཆེན་པོ་གུས་པར་ལྡན། །ཐེག་པ་ཆེན་པོར་ཡང་དག་གནས། །བྱང་ཆུབ་མཛད་པ་ལ་སོགས་ འཐད༑ ༑ཅེས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་གསོལ་བ་ [382A]༄༅། །བཏབ་པ། བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་བདག་ཅག་ལ་ཐུགས་བརྩེ་བ་བསྐྱེད་དེ། སེམས་ཅན་ཐམས་ཅད་དབང་ཕྱུག་གི་གོ་འཕང་ཐོབ་པར་བྱེད་པ་ ནད་ཐམས་ཅད་གསོ་སྦྱོང་མཛད་པ། དཔལ་ཐམས་ཅད་དང་ལྡན་པ་དུས་མ་ཡིན་པའི་འཆི་བ་དང་བགེགས་ཐམས་ཅད་འཇོམས་པར་བྱེད་པ་དགྲ་ཐམས་ཅད་དང། ཉེ་བར་འཚེ་བ་ དང། ཆོམ་རྐུན་དང། མི་རྒོད་དང། རྒྱལ་པོའི་གནོད་པ་དང་སེངྒེ་དང། སྟག་ལ་སོགས་པ་དང། རིམས་དང། སྐྲན་དང། མཚན་པར་རྡོལ་བ་དང། སྡིག་སྤྲུལ་གྱི་གནོད་པ་ ཐམས་ཅད་འཇོམས་པར་བྱེད་པ་དང། གང་གིས་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་ཆོས་ཉིད་མཐོང་བས། སེམས་ཅན་ཐམས་ཅད་ཀྱིས་དབང་ཕྱུག་གི་གོ་འཕང་འཐོབ་པར་འགྱུར་ པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བཅོམ་ལྡན་འདས། །ཤཱཀྱའི་མགོན་པོ་རྫུ་འཕྲུལ་ཆེ། །རྡོ་རྗེ་བྱུང་བ་ཆེ་བའི་བདག་སྙན་པའི་ཚིག་གིས་བཀའ་སྩལ་པ། །ས་སྟེང་གི་ནི་ དཀྱིལ་འཁོར་མཆོག་བཤད་པར་བྱ་ཕྱིར་བུ་ཁྱོད་ཉོན། །སྐྱོབ་པ་སངས་རྒྱས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའི་གསང་བ་ནི་།ཁྱོད་ལ་ཡང་དག་བཤད་པར་བྱ། །ཕན་པའི་ སེམས་ཀྱིས་ཚུར་ལ་ཉོན། །ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ནི་།འདི་དག་ཐམས་ཅད་མ་གསུངས་པ། །ངན་པས་སེམས་ནི་འཁྲིགས་པ་ལ་།བུ་ཁྱོད་ཀྱིས་ནི་སྦྱིན་མི་བྱ། །རེ་ཞིག་ [382B] །བུ་ཁྱོད་མཉན་པར་བཞག་པས་ཉོན་།དེ་ནི་ཀུན་ཏུ་རབ་གནས་འགྱུར། །གང་མང་ཅུང་ཟད་བདག་གིས་བཤད་།ཚུལ་ཁྲིམས་ཕུན་ཚོགས་སྙིང་རྗེར་ལྡན།། བཟོད་དང་བརྩོན་ལྡན་ལེགས་པར་གནས། །གཙང་ཞིང་ཆོ་ག་ཕུན་སུམ་ཚོགས། །བླ་མ་ལ་ཡང་སྨོད་མི་བྱེད། །བདག་ཉིད་ཇི་བཞིན་གཞན་ཕན་ལྟ། །སྦྱིན་ལ་དགའ་ཞིང་ཆེད་དུ་བརྩོན།། བདེན་པའི་ཚིག་དང་ཡང་དག་ལྡན། །གཏོང་ཕོད་ལ་དགའ་མཉེས་བཤིན་པ། །ལུས་ཀུན་ཡོན་ཏན་ཕུན་སུམ་ཚོགས། །སངས་རྒྱས་ཉན་ཐོས་རྒྱལ་སྲས་རྣམས། །རྟག་ཏུ་མཆོད་པར་གྱུར་ པ་དང། །བླ་མ་ལ་གུས་ང་རྒྱལ་མེད། །འགྲོ་ལ་གཅིག་ཏུ་ཕན་ཞིང་དགེ་བློ་གྲོས་ཟབ་མོ་དང་ཡང་ལྡན། །དུས་དང་དུས་མིན་ཤེས་དང་ལྡན། །དབང་པོ་དོན་གྱི་ཆ་རིག་པ། །རྟག་ཏུ་སེམས་ ཅན་ཕན་པར་དགའ། །གསང་སྔགས་མཉེས་པར་ཤིན་ཏུ་བརྩོན། །དཀྱིལ་འཁོར་འདི་རུ་རབ་ཏུ་བསྔགས། །རྫུ་འཕྲུལ་ཆེན་པོ་ལྷ་རྣམས་དང་།སངས་རྒྱས་ཉན་ཐོས་ཆོས་རྣམས་དང།། སྐྱོབ་པ་བྱང་ཆུབ་སེམས་དཔའ་ཡང། །ཆ་ཤས་རིག་ནས་རྟག་པར་ཡང། །ཟབ་མོའི་དོན་ནི་རབ་ཏུ་བསྟན། །སེར་སྣ་ཡང་ནི་ཡོད་མ་ཡིན་།ཁྲོ་བོ་གང་ཡང་བརྩེ་བར་སྨྲ། །བསྡུ་བ་བཞི་ཡི་ ངང་ཚུལ་ཤེས། །ཕ་རོལ་ཕྱིན་པ་དྲུག་གིས་བརྒྱན། །བྱང་ཆུབ་སེམས་དཔའི་གོ་ཆ་བགོས། །སྒྱུ་མ་ལྟ་བུའི་གོ་འཕང་གནས། །ཉན་ཐོས་རྣམས་ཀྱིས་ཇི་བཞིན་བཤད། །བདེན་པ་བཞི་ནི་ [383A]༄༅། །སྒོམ་བྱེད་པ། །སྔགས་པས་དེ་བཞིན་འདིར་གསུངས་པ་།བྱང་ཆུབ་སེམས་ཀྱི་སྒོམ་པའོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །འདི་ནི་ཡིད་ཀྱིས་སྒོམ་བྱེད་ པ༑ ༑བསམ་པའི་ཡེ་ཤེས་ཐོབ་པར་བྱེད། །ཐེག་པ་ཆེན་པོ་ལས་བྱུང་བ། །བསྡུ་བའི་དངོས་པོ་རྣམ་བཞི་དང། །ཕ་རོལ་ཕྱིན་ཉིད་དྲུག་ཏུ་འདོད། །བསམ་མི་ཁྱབ་པའི་འབྲས་སྩོལ་བ།། ཤེས་རབ་ཅན་དེ་སྒོམ་པར་བྱེད། །ལྗང་གུ་དཀར་དང་སེར་བ་དང་།མདོར་ན་ནག་པོར་གྱུར་ཀྱང་རུང། །རིང་དང་ཐུང་ཡང་མདངས་བཟང་བ། །ཕྱག་གིས་པུས་མོར་སླེབ་པ་ཉིད། །རྟག་ པར་རྒྱུན་དུ་ཞལ་རིང་ཞིང། །མགོ་བོ་མཉམ་པར་རྣམ་པར་རྒྱས་།སྨིན་མཚམས་མ་ཆད་ཤངས་མཐོ་བ། །རྐང་པའི་ལོང་བུ་ཅུང་ཟད་དམར། །ཡོན་ཏན་ཐམས་ཅད་ཡང་དག་ བརྒྱན༑ ༑སྡིག་པའི་རྒྱ་མཚོ་རྣམ་པར་སྦྱོང། །ཆོས་རྣམས་ཐམས་ཅད་མཆོད་པར་བྱ། །དེ་ཉིད་ཀྱང་ནི་སྟོན་པར་བྱེད། །དཀྱིལ་འཁོར་རྣམས་ཀྱི་ཆ་ཤེས་པ། །སྔགས་དང་ཕྱག་ རྒྱའི་ཚོགས་ཀྱང་ངོ། །རྗེས་གནང་དང་ནི་དབང་བསྐུར་འཐོབ་།གང་ཞིག་ཡང་དག་ཡེ་ཤེས་འགྱུར། །བླ་མ་ལ་གུས་བལྟ་དང་ནི་།སྔགས་དང་ཕྱག་རྒྱ་བསྡུས་དང་ལྡན། །གསང་ སྔགས་རྒྱལ་པོའི་གསང་སྔགས་ཤེས། །སེམས་ཅན་མཉེས་ཤིང་བརྩེ་བ་སྨྲ། །བཟླས་དང་སྦྱིན་སྲེག་དེ་ཉིད་ཤེས། །ཞི་དང་རྒྱས་པའི་དེ་ཉིད་ཤེས། །མངོན་སྤྱོད་དང་ནི་དབང་བྱ་ [383B] ༑སྔགས་དང་ཕྱག་རྒྱ་ཤིན་ཏུ་སྦྱོར། །བླ་མ་ཡང་དག་བསྟེན་པ་ཡང། །སྟོན་པ་བཞིན་དུ་སེམས་པར་བྱེད། །འབྱུང་པོ་ཐམས་ཅད་མཆོད་པར་བྱེད། །འཇིག་རྟེན་པ་ཡང་དེ་ཉིད་ རིག་སེམས་ཅན་སྙོམས་མེད་ཕུན་སུམ་ཚོགས། །སྤྲོ་བ་དང་ནི་བརྟན་པར་གྱུར། །གང་གི་དབང་ཕྱུག་ཤེས་རབ་སྔགས། །ཐམས་ཅད་དབང་དུ་བྱེད་པ་ཡིན། །ཁྲོ་བོ་རྣམས་ནི་རྟག་ཏུ་ བཟླས༑ ༑ལྷ་མཉེས་པ་ལ་ཆེད་དུ་བྱེད། །ཚུལ་ཁྲིམས་དང་ལྡན་ཕུན་སུམ་ཚོགས། །སྐུ་དང་གསུང་ལས་ཡང་དག་བྱུང། །བརྟུལ་ཞུགས་ཀྱིས་ནི་ཡང་དག་བརྒྱན། །རྟག་པར་ཐམས་ ཅད་སྐྱོང་པར་བྱེད། །དེ་ལྟར་ཡོན་ཏན་མདོར་བསྡུས་པའི། །མཚན་ཉིད་བདག་གིས་བསྟན་པ་ཡིན། །འདི་རྣམས་ཡང་དག་ཡོངས་ཤེས་པ་།སློབ་དཔོན་དུ་ནི་རབ་ཏུ་བསྔགས། །སྔགས་ ཀྱི་བཟླས་པའི་ཆོ་ག་ནི། །གཞན་དུ་ན་ནི་འབྲས་མེད་བུ། །གསང་སྔགས་རང་གིས་མི་འགྲུབ་ཅིང། །གཞན་ལ་བསྟན་ཡང་གྲུབ་པ་མེད་།དཀྱིལ་འཁོར་འབྲས་བུ་བཅས་པ་མིན།། སྔགས་ཀྱི་སྒྲུབ་ཐབས་དག་ཀྱང་མེད། །བསྲུང་བར་བྱ་བ་ཀུན་ཀྱང་མིན། །སྦྱིན་སྲེག་ལྷ་ཡང་མེད་པ་སྟེ། །འདི་ནི་སྒོམ་པ་མེད་གྱུར་པའི། །མཚན་ཉིད་འདི་ནི་རྣམ་པར་སྤངས། །དེ་བས་ རྣམ་པ་ཐམས་ཅད་ཀྱང། །སློབ་དཔོན་མཚན་ཉིད་བསྔགས་པ་ཡིན་།དེ་བས་གསང་བའི་ཡེ་ཤེས་འདི། །སངས་རྒྱས་ཐམས་ཅད་འབྱུང་བར་ནི། །གསུངས་པ་རུ་ནི་ཤེས་པར་བྱ།། [384A]༄༅། །གཞན་དུ་ན་ནི་འབྲས་མེད་འགྱུར། །སློབ་དཔོན་དང་ནི་སློབ་མ་ཡིས། །རྟག་ཏུ་བག་ཡོད་གྱུར་པས་ཀྱང། །རྟག་པར་རྒྱུན་དུ་བསྲུང་བར་བྱ། །བདག་ཉིད་སྲོག་ ནི་ཇི་བཞིན་ནོ། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན། །དེ་ཡང་ས་སྟེང་གཙོ་བོ་ཡིས། །བཤད་པ་ཡིས་ནི་ཤིན་ཏུ་དཀོན། །དེ་ཕྱིར་རྣམ་པ་ཐམས་ ཅད་ཀྱི༑ ༑ཡོན་ཏན་ཀུན་གྱིས་ཡང་དག་བརྒྱན། །སློབ་དཔོན་གྱིས་ནི་རྟག་པ་རུ། །གསང་སྔགས་ཡི་གེ་བཅོ་ལྔ་བཟླས། །འབུམ་ཕྲག་གཅིག་ནི་བཟླས་གྱུར་ནས། །སྦྱིན་སྲེག་ ཡང་ནི་བརྩམ་པར་བྱ། །དེ་ལྟར་བྱས་པའི་སྔགས་ཤེས་པས་།དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །གདུག་པ་མེད་ཅིང་བགེགས་ཀྱང་མེད། །གཞན་ཡང་འབྱུང་ཚོགས་ལ་སོགས་ མེད༑ ༑མཐུ་སྟོབས་ཀྱིས་ནི་བགེགས་བྱེད་པ། །གོ་འཕང་འབྲས་བུ་ཡོད་མ་ཡིན། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །ཀུན་ཀྱང་བདེ་བས་ཡང་དག་བརྒྱན། །འཇིགས་པ་ཐམས་ ཅད་རྣམ་པར་བྲལ། །ཐེ་ཚོམ་མེད་པར་འགྱུར་བ་ཡིན། །གཞན་དུ་ཐམས་ཅད་འབྲས་བུ་མེད། །བགེགས་ཀྱི་གླགས་ནི་བཙལ་ནས་སུ། །སྔགས་པའི་ལུས་ནི་འཕྲོག་པར་བྱེད། །ཆོ་ གའི་འབྲས་བུ་བྱ་བ་མེད། །དེ་ལྟར་བྱས་ན་སྔགས་པ་བདག་དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །སངས་རྒྱས་གཅིག་ཤོས་གོ་འཕང་ནི་།དེ་ནི་ཐམས་ཅད་འགྲུབ་པར་འགྱུར། ། [384B] །མཉམ་པར་བཞག་པའི་ཡིན་ཀྱིས་ཉོན། །དཀྱིལ་འཁོར་མཛེས་མཆོག་རྨད་དུ་བྱུང། །འདི་ནི་གང་དུ་བྲི་བ་ནི། །ཆུ་ཀླུང་མཚོ་བྲན་ཡང་དག་བཤད། །རི་བོ་མེ་ཏོག་ འབྲས་བུས་བརྒྱན། །སྐྱེད་མོས་ཚལ་དུའང་བཤད་པ་སྟེ། །སྤུ་སྡུག་རྨ་བྱས་རྣམ་པར་བརྒྱན། །ཀུན་དགའ་ར་བ་ཁང་བཟང་དགའ་།ཕྱུགས་ལྷས་བྲེས་དང་བཞི་མདོ་དང། །གཞན་ཡང་ཕྱི་རོལ་ གང་ཞིག་ཏུ། །གཙུག་ལག་ཁང་དང་རི་སུལ་དང། །ཁང་པ་བརྩེགས་དང་ཁང་པ་དང། །མཚན་མ་གཅིག་པ་ཇི་བཞིན་དུ། །ཆུ་ཀླུང་ཀུན་དགའ་ར་བ་དང། །དེ་ཡི་ཁོང་གསེབ་ཁྱད་པར་དུའོ། ། གཞན་ཡང་རྣམ་པ་སྣ་ཚོགས་པའོ། །གང་དུ་ཡིད་ལ་འདོད་པར་བྱ་།དེ་ལ་སོགས་པའི་གནས་རྣམས་ལས། །གང་ཡང་རུང་བའི་གནས་བཟུང་སྟེ། །ལྷ་ནི་སྤྱན་ཡང་དྲངས་བྱས་ནས། །ཡང་དང་ ཡང་དུ་མཆོད་པར་བྱ། །ཡིད་ཉིད་ཀྱིས་ནི་གཤེགས་སུ་གསོལ། །ཕྱོགས་ནི་རབ་ཏུ་བཅིངས་པར་བྱ། །རང་ཉིད་གོ་ཆ་བགོས་ནས་གནས། །ལུས་ལ་གཙུག་ཏོར་ཡང་དག་བརྒྱན། །ལག་ཏུ་ རྡོ་རྗེ་ཐོགས་ནས་ནི། །ལྷ་ནི་ཡིད་ཀྱིས་བྱོན་པར་བསམ། །དེ་ལྟར་བདག་ཉིད་གནས་ནས་སུ། །སྐྱེ་བོ་སྲུང་བ་དགོད་པར་བྱ། །དེ་རུ་བདག་ཉིད་བྱིན་བརླབས་ཏེ། །ས་གཞི་གཞན་ལ་ཤིན་ཏུ་བསྡད།། པུས་མོ་གང་ཙམ་བརྐོས་ནས་ནི། །འབུ་སྲིན་རྣམ་པར་བསལ་བར་བྱ་།སྐྱོན་ནི་དུ་མ་དང་བྲལ་བ། །འབད་པས་སླར་ཡང་བརྡུང་བར་བྱ་།བ་ཡིས་རྣམ་ལྔས་བྱུགས་ནས་ནི། །མེ་ཏོག་བདུག་པས་ [385A]༄༅། །དགེ་བར་མཆོད། །ས་གཞི་ཡི་ནི་ཕྱོགས་ཀུན་ཏུ། །གཏོར་མ་རབ་ཏུ་གཏང་བར་བྱ། །མེ་ཏོག་སིལ་མ་གཅལ་དུ་དཀྲམ། །དྲི་དང་བདུག་པ་ཆོ་གའི་རིམ། །སྦྱིན་སྲེག་ ཆོ་ག་བཞིན་དུ་བྱ། །རྣལ་འབྱོར་དགེ་བར་འདོད་པ་ཡིས། །དེ་ལྟར་རབ་ཏུ་འབད་པ་ཡིས། །གནས་སུ་ཉི་མ་གཅིག་ཏུ་བྱ། །ལེགས་པར་སྦྱངས་པར་གྱུར་པ་ལ། །ལྷ་ནི་སྤྱན་ཡང་དྲང་ བར་བྱ༑ ༑ཁྱད་པར་དུ་ནི་གཏོར་མ་དང། །དྲི་དང་མེ་ཏོག་ཡང་དག་དབུལ། །ཤེས་རབ་བློ་ལྡན་མཚན་མ་བསླང། །དགེ་དང་མི་དགེའི་འབྲས་བུ་འབྱུང། །གལ་ཏེ་རྨི་ལམ་བཟང་མཐོང་ ན༑ ༑ཡིད་ནི་སྤྲོ་བར་གྱུར་པ་ཡིས། །བདག་དང་གཞན་ཚེ་བསྒྲུབ་བྱའི་ཕྱིར། །དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ། །ངན་ན་ཤེས་རབ་ཅན་གྱིས་སྤང། །འཇིགས་དང་རྩུབ་པའི་མི་དགེ་སྟེ།། བདག་དང་གཞན་ལ་དངོས་གྲུབ་མེད། །དེ་ལ་འབྲས་མེད་འབྲས་བུ་འབྱུང། །དཀྱིལ་འཁོར་དངོས་གྲུབ་འདོད་པ་ཡིས། །ཤེས་རབ་ཅན་གྱིས་དེ་དབུས་བྲི། །དེ་ནི་ཁྲུ་བརྒྱད་དེ་བཞིན་དུ། ། བཅུ་དྲུག་དག་གི་གྲངས་ཀྱང་ཡོད། །རྒྱལ་བ་མཆོག་གིས་རྟག་ཏུ་ནི་།གཙོ་བོ་ལྔ་ནི་རབ་ཏུ་གསུངས། །དེ་རུ་ཆ་གཉིས་སུ་བགོས་ནས་།ཁྲུ་ཚད་གང་ནི་ཕྱི་རོལ་ཡིན། །ཆ་གཅིག་ཡང་ དག་བཤད་པ་ནི། །དབུས་ཆ་ཡིན་པར་རབ་ཏུ་བརྟག་ཁྲུ་ཚད་གང་དུ་གནས་པ་དེར། །དབུས་སུ་སངས་རྒྱས་བསྟན་པ་ཡི། །གཉིས་པ་རྒྱལ་བའི་སྲས་པོ་སྟེ། །མདོ་རུ་བསྡུས་ནས་ [385B] །གཉིས་པའི་ཕྱི་རོལ་གནས་པའི་ཆ། །དེར་ཡང་དེ་བཞིན་རབ་ཏུ་བརྟག་ཁྲུ་ཚད་གང་དུ་མདོར་བསྡུས་ན། །ཆ་ནི་ཐམས་ཅད་རབ་ཏུ་བརྟག་སྒོ་བཞི་རྟ་བབས་དང་བཅས་པ། ། བུམ་པ་ཡི་ནི་རྒྱན་གྱིས་བརྒྱན། །ས་གཞི་ཐམས་ཅད་འབབ་པ་ལྟར་།སྒོ་དང་མཚམས་སུ་རྡོ་རྗེ་སྟེ། །མཚམས་རྣམས་སུ་ནི་གཙོ་བོ་རུ་།བུམ་པ་ཐམས་ཅད་ངེས་པར་གནས། །རྡོ་རྗེ་རྟ་བབས་ བཅིངས་པ་དང། །ཞགས་པས་བཅིངས་པ་རྣམ་པར་བརྒྱན། །འདི་དག་ཐམས་ཅད་ཀུན་བྱས་ནས། །དབུས་སུ་པད་མ་འདབ་བརྒྱད་བཅས། །དེ་ཡི་སྙིང་པོ་མཛེས་པར་ནི། །དེ་ལ་བུམ་པ་ཡང་ དག་གནས། །བུམ་པ་ཡི་ནི་སྟེང་གི་སྣོད། །པདྨ་དཀར་པོ་གནས་པ་དེར། །དེ་ལ་བཞུགས་པ་འགྲོ་བའི་མགོན། །གཙོ་བོ་བསྟན་པའི་དོན་མཛད་པ། །སྐྱོབ་པ་ཤཱཀྱའི་མགོན་པོ་ཡི། །ལྷུང་བཟེད་ ཕྱག་རྒྱ་རྟག་ཏུ་བྲི། །དེ་ནས་དེ་ཡིས་ཀུན་ཏུ་ཁྱབ། །དཀྱིལ་འཁོར་ཕུན་སུམ་ཚོགས་པ་འབྱུང། །འདི་ལྟར་སོར་མོ་བཅུ་དྲུག་ནི། །སྐྱོབ་པ་དེ་ཡི་དཀྱིལ་འཁོར་ཡིན། །དེ་ཡིས་ཐམས་ཅད་རབ་ཏུ་ བཤད༑ ༑ལྷག་མ་སྣམ་བུ་གཡས་བསྐོར་དུ། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །སྐྱོབ་པ་འཇིག་རྟེན་དབང་ཕྱུག་བཞུགས། །པདྨའི་སྟེང་དུ་རྡོ་རྗེ་ནི། །ཁ་དོག་དཀར་པོ་གཟི་བརྗིད་ཆེ། །བྱམས་ པ་ཡི་ནི་གོ་ཆ་བགོས། །བྱམས་པའི་བདག་ཉིད་ལས་བྱུང་བའི་།དབང་ལྡན་ཕྱོགས་སོན་ཕྱག་མཚན་ནི། །དེ་ནི་སྤྱི་བླུགས་ཕྱག་རྒྱ་སྟེ། །ངོ་མཚར་རྟུལ་ཕོད་བསམ་མི་ཁྱབ། །ཀུན་ཏུ་བཟང་ [386A]༄༅། །པོ་རྟག་ཏུ་བྲི། །མེ་རུ་མཚོན་ནས་བཞུགས་པ་ནི། །གཙོ་བོ་ཡིད་བཞིན་ནོར་བུ་བསྣམས། །ཡེ་ཤེས་རྒྱ་མཚོ་ཡོངས་སུ་གང། །ཟབ་མོའི་དོན་ནི་རྣམ་པར་བསྒོམ། ། དབང་པོ་ཕྱོགས་ལ་བརྟེན་ནས་ནི། །ཡེ་ཤེས་ཨུཏྤལ་བསྣམས་པ་བཞུགས། །གཤིན་རྗེའི་གནས་སུ་ཉེར་མཆིས་པ། །ཀུན་གྱི་དགྲ་ཡི་གཤེད་དུ་འབྱུང། །གནས་དེར་བཞུགས་པའི་ མགོན་པོ་ནི། །རྡོ་རྗེ་རྩེ་མོའི་རིགས་སུ་འབྱུང། །བདེན་བྲལ་ཕྱོགས་སུ་བརྟེན་པས་ནི། །རླུང་སོགས་དེ་ཡི་དབུས་སུ་བཞུགས། །ཡེ་ཤེས་རལ་གྲི་གོ་ཆ་བགོས། །ཁྲོ་བོའི་རྒྱལ་པོ་སྟོབས་ ཆེན་བཞུགས། །ཁྲོ་བོ་གྲངས་མེད་པ་ཡི་མགོན། །ཀུན་ཏུ་འཁོར་གྱིས་ཡོངས་སུ་བསྐོར། །དཀྱིལ་འཁོར་ཡོན་ཏན་རྒྱ་མཚོ་ནི། །ཀུན་ནས་གསལ་བར་གྱུར་པ་ཡིན། །རླུང་གི་ཕྱོགས་ ལ་བརྟེན་ནས་ནི། །རྒྱལ་བ་ཀུན་བདག་ལས་བྱུང་བཞུགས། །ཐམས་ཅད་ཡེ་ཤེས་ཉེ་བར་མཚོན། །འོད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཆུ་བདག་ཕྱོགས་སུ་བརྟེན་ནས་ནི། །རྡོ་རྗེ་ ཕྱག་རྒྱ་ཤིན་ཏུ་སྦྱོར། །པདྨ་དམར་པོའི་སྟེང་ན་བཞུགས་།མཛེས་པས་དུས་ཟད་ལྟ་བུར་བཞུགས། །ནུབ་ཀྱི་ཕྱོགས་ལ་བརྟེན་ནས་སུ། །གང་ཡང་ས་བཅུའི་གཅས་དབང་ཕྱུག་དེ་ཡང་ ཇི་བཞིན་བཀོད་ནས་བཞག་རང་གི་ཕྱག་རྒྱའི་མཚན་མས་མཚན་།དེ་ལ་འོག་གི་ཆར་གནས་དང། །སྟེང་གི་ཕྱོགས་ཀྱི་ཆ་ཉིད་དུ་།བདག་ཉིད་ཆེན་པོ་སྐྱོན་བྲལ་བ། །དེ་དག་ [386B] །དབུས་སུ་གཅིག་བུ་བཞུགས་པར་འགྱུར་།སོ་སོར་བྱང་ཆུབ་ལ་བརྟེན་ནས། །ཤཱ་རིའི་བུ་ནི་བདག་ཉིད་ཆེ་།དེ་ནས་ཡེ་ཤེས་ནམ་མཁའ་མཁྱེན། །རྫུ་ འཕྲུལ་ཕུལ་ནི་མཆོག་ཏུ་གྱུར། །མཽ་གལ་ཡན་ཉིད་དང་ནི། །འོད་སྲུང་བདག་ཉིད་ཆེན་པོ་ནི། །རྒྱལ་མཆོག་དེ་ནས་ས་སྟེང་དུ། །རྟ་ཐུལ་དང་ནི་བ་ལང་བདག་དྲག་ཤུལ་དབང་ཆེན་ཚངས་ བུ་ཅན༑ ༑བྷ་ར་བྷཱ་ཛ་ཉིད་དང་ནི། །ཀུན་དགའ་བོ་ནི་དགའ་ཞེས་བཤད། །སྒྲ་གཅན་འཛིན་ཡང་རིམ་ཇི་བཞིན། །འདི་རུ་ཇི་བཞིན་བཀོད་ནས་གཞག་ལྷུང་བཟེད་ཆུ་སྐྱེས་རྣམ་པར་བརྒྱན། །ཕྱག་ ན་རྡོ་རྗེ་སྲས་པོ་ཀུན། །དཔུང་བཟང་ལ་སོགས་དེ་བཞིན་ཀུན། །ཕྱག་ན་རྡོ་རྗེ་ཉེ་བར་ནི། །དེ་རྣམས་ཇི་བཞིན་བཀོད་ནས་བཞག་དམ་ཆོས་སྲས་པོར་བཤད་པ་ནི། །གང་ཡང་འཇམ་དཔལ་ལ་ སོགས་གཞན། །འཇམ་པའི་དབྱངས་དང་ཉེ་བར་ནི། །དེ་དག་ཐམས་ཅད་གཞག་པར་བྱ། །གང་ཡང་ཁྲོ་བོ་ཡང་དག་བཤད། །ཕྱག་ན་རྡོ་རྗེའི་རིགས་ལས་བྱུང། །ལྷོ་ཡི་ཕྱོགས་སུ་བརྟེན་ནས་ སུ། །འདི་ནི་རིམ་པ་བཞིན་དུ་གཞག་རྡོ་རྗེ་དགྲ་སྟ་ཡང་དག་ལྡན། །རྡོ་རྗེ་ཐོབ་དེ་བཞིན་ནོ། །ཤིན་ཏུ་དྲག་ཤུལ་ཡང་དག་བཤད། །འབར་བའི་ཕྲེང་བའི་འོད་ཀྱིས་འཁྲིགས། །ཁྲོ་བོར་ཡང་དག་ བཤད་པ་ནི། །རྟ་མགྲིན་ཤིན་ཏུ་མཐོང་བར་གནས། །ཁྲོ་གཉེར་ཅན་དང་ཡང་དག་རོལ། །སྒྲོལ་མར་གྲགས་པའང་རྙེད་པར་དཀའ། །རང་གི་ཕྱག་རྒྱ་མཚན་མར་ལྡན། །བརྩོན་པས་དེར་ཡང་བྲི་བར་ [387A]༄༅། །བྱ༑ ༑སྒྲོལ་མ་ཁྲོ་གཉེར་ཅན་དག་བྲི། །རིག་མ་བཅོམ་ལྡན་མ་དེ་བཞིན། །མཱ་མ་ཀཱི་དང་ལྕགས་སྒྲོག་བཤད། །ནམ་མཁའ་སངས་རྒྱས་སྤྱན་དང་ནི། །རྨ་བྱ་འོད་ཟེར་ཅན་ ཉིད་དང། །དུག་སེལ་རི་ཁྲོད་ལོ་མ་ཅན། །རང་གི་ཕྱག་རྒྱ་མཚན་མར་ལྡན། །སྐལ་པ་ཆེན་པོ་དེ་ཡང་བྲི། །བྱང་གི་ཕྱོགས་ལ་བརྟེན་ནས་སུ། །ཤིན་ཏུ་རྫུ་འཕྲུལ་ཆེ་བ་བཞུགས། །ཕྱག་རྒྱ་ གང་ཚེ་གཟུགས་ཅན་མ། །སྐུ་ལ་རྒྱན་གྱིས་རྣམ་པར་བརྒྱན། །ཕོ་ཉ་ཕོ་མོ་དེ་བཞིན་དུ། །མངག་གཞུག་ཕོ་མོ་ཤིན་ཏུ་རྩུབ། །རང་གི་ཕྱག་རྒྱ་མཚན་མར་ལྡན། །ནུབ་ཀྱི་ཕྱོགས་སུ་བྲི་བར་ བྱ༑ ༑ས་ཡི་དཀྱིལ་འཁོར་ཞེས་བཤད་པ། །རྒྱལ་བའི་བདག་ཉིད་ལས་འཁྲུངས་ལྷ། །འཇིག་རྟེན་སྐྱོང་བ་ལ་སོགས་བྲི། །ས་སྟེང་དམ་ཚིག་གནས་པ་ནི། །ལྷ་ཡི་རྒྱལ་པོ་ལྷ་མིན་ཆེ། །ཚངས་ པ་ཁྱབ་འཇུག་དབང་ཕྱུག་ཆེ། །རང་གི་ཕྱག་རྒྱའི་མཚན་མར་བཅས། །ཤར་གྱི་ཕྱོགས་ལ་བརྟེན་ནས་བྲི། །གང་ཡང་དྲང་སྲོང་བཤད་པ་ནི། །སྣ་ཚོགས་བཤེས་གཉེན་འགྲོ་སྐྱོང་དང།། ངན་སྤོང་གཤིན་རྗེ་མ་དང་མཚུངས། །གཞན་ཡང་ཤིན་ཏུ་མཐོང་བར་དཀའ། །རིག་བྱེད་བདེན་པ་ཡང་དག་ལྡན། །དེ་ནི་བྱང་གི་ཕྱོགས་སུ་བྲི། །ཉི་མ་ཟླ་བ་ཆུ་བདག་དང། །མེ་ཡང་ཤིན་ཏུ་ མཐོང་བར་དཀའ། །གནོད་སྦྱིན་དབང་པོ་རྟག་ཏུ་ནི། །ལྷོ་ཡི་ཕྱོགས་ཆར་བྲི་བར་བྱ། །གང་ཡང་མ་མོར་ཡང་དག་བཤད། །ས་སྟེང་ཤིན་ཏུ་དྲག་པ་ནི། །རང་གི་མཆོད་པའི་ཕྱག་དང་ལྡན།། [387B] །གང་ཡང་སྲིང་མོར་བཤད་པ་ནི། །སྣ་ཚོགས་གཟུགས་ཅན་འཕྲུལ་མོ་ཆེ། །སེམས་ཅན་ཕན་པ་ཤིན་ཏུ་རྩོམ། །དེ་ཡང་དེ་ཡི་ཕྱོགས་བརྟེན་བཞུགས། །ཤར་གྱི་སྒོ་ན་ ནག་པོ་བཞུགས༑ ༑རྫུ་འཕྲུལ་ཆེན་པོ་སྐྱོང་ཞིང་སྲུང། །དགའ་བྱེད་བྱང་གི་སྒོ་སྲུང་ཞིང། །དེ་བཞིན་ལྷོ་ན་ངན་སྤོང་ངོ་།ནུབ་སྒོར་ཡང་དག་བཤད་པ་ནི། །བགེགས་ཆེན་རིགས་ལས་ཡང་དག་ བྱུང། །རང་གི་ཕྱག་རྒྱ་མཚན་མར་བཅས། །རྫུ་འཕྲུལ་ཆེན་པོ་སྲུང་ཞིང་བཞུགས། །བུ་གཅིག་མདོར་ན་འདི་དག་ནི། །ཤིན་ཏུ་རྒྱས་པར་བསྟན་པ་ཡིན། །སངས་རྒྱས་ཀུན་ནོར་ཐམས་ཅད་པ། །ས་ སྟེང་ན་ཡི་གནན་མ་མཐོང། །རྟག་ཏུ་བག་ཡོད་པར་གྱུར་པས། །བདག་ཉིད་སྲོག་ནི་ཇི་བཞིན་པ། །དེ་ལྟར་མཛེས་པའི་རང་བཞིན་བསྲུང་།སངས་རྒྱས་ཐམས་ཅད་ཀྱིས་ནི་བསྲུང། །བྱིས་པ་སོ་སོའི་ སྐྱེ་བོ་ལ། །ཁྱོད་ཀྱིས་ཡིད་ཆེས་པར་མི་བྱ། །རྨོངས་པ་དེ་ནི་རང་བརླག་ཅིང། །གཞན་ཡང་བརླག་པར་བྱེད་པར་འགྱུར། །བདག་གིས་དམ་ཆོས་བཤད་པ་འདི། །སྡུག་བསྔལ་ཐམས་ཅད་གྲོལ་ བར་བྱེད། །དེ་ནི་རླག་པར་བྱེད་པ་ནི། །མི་ཤེས་བསྒྲིབས་པས་འབྱུང་བར་འགྱུར། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི། །མཆོག་འདི་དད་པ་མེད་པ་དང། །སྡིག་ཅན་འཇིགས་ཤིང་རྩུབ་ པ་ཡི། །བྲག་དུལ་མཆེད་པར་འགྱུར་བ་ལ། །བུ་ཡིས་ཅུང་ཟད་མི་སྦྱིན་པར། །ཁྱོད་ལ་རྫོགས་སངས་རྒྱས་ཀྱིས་གསུངས། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །ཤིན་ཏུ་གསང་བར་ཡང་ [388A]༄༅། །དག་གསུངས། །ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ནི། །འདི་དག་ཐམས་ཅད་བཤད་མི་བྱ། །རྟག་ཏུ་བག་ཡོད་པར་གྱུར་པས། །རྒྱལ་བའི་བསྟན་པ་བསྲུང་བར་བྱ། །དཀྱིལ་ འཁོར་མ་མཐོང་བ་ལ་ནི། །འདི་ནི་སྟོན་ཅིང་སྟེར་བ་ན། །སྐྱོབ་པ་སངས་རྒྱས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་བསླུ་བར་བགྱི་།སྡུག་བསྔལ་ཀུན་གྱི་སྡེར་གྱུར་པ། །སྡིག་པ་ཅན་དུ་ ངེས་པར་འགྲོ། །སྡིག་ཆེན་དེ་ཡི་གསང་སྔགས་ཀྱི། །དངོས་གྲུབ་ངེས་པར་འབྱུང་མི་འགྱུར། །བསྟན་པའི་དོན་ནི་མཛད་པ་ཡིས། །གཙོ་བོར་དཔལ་ལྡན་རྡོ་རྗེ་འཛིན། །དཀྱིལ་འཁོར་མ་མཐོང་ སྟོན་བྱེད་ཀྱི། །མགོ་བོ་རྡོ་རྗེས་འགེམས་པར་བྱེད། །དེ་ཡིས་གསང་སྔགས་མི་འགྲུབ་ཅིང། །བགེགས་རྣམས་ཀྱིས་ཀྱང་བརླག་པར་འགྱུར་།སྔགས་ཀྱི་སྒྲུབ་པ་འབྲས་བུ་མེད། །དེ་ཕྱིར་ སངས་རྒྱས་ཀྱིས་གསུངས་པའི། །གསུང་འདི་བུ་ཁྱོད་ཚུར་ཉོན་ལ་།རྣ་ཐོས་ཙམ་དུའང་མི་སྦྱིན་ཏེ། །དམ་ཚིག་རྫོགས་སངས་རྒྱས་ཀྱིས་གསུངས། །སངས་རྒྱས་ཀྱིས་གསུངས་དམ་ ཚིག་ནི༑ ༑གང་ཞིག་ཤིན་ཏུ་འདའ་བྱེད་ན། །འཇིག་རྟེན་གསུམ་བཞུགས་རྫོགས་སངས་རྒྱས། །དབང་ཕྱུག་བསྐུས་པར་གྱུར་པ་ཡིན། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ དག་ངོ་མཚར་ཏུ་གྱུར་ནས་མིག་བལྟས་ཏེ། ཤིན་ཏུ་ངོ་མཚར་ཡིད་ཀྱིས་སུ། །འདི་སྐད་ཀྱི་ནི་ཚིག་གསོལ་ཏོ། །ཨེ་མའོ་སངས་རྒྱས་བསམ་དུ་མེད། །ཐུགས་རྗེའི་དབང་གིས་བསྒྱུར་བ་ [388B] ༑རྒྱུ་དང་མི་རྒྱུ་མི་ཤེས་པ། །དམ་ཆོས་འདི་ནི་རབ་ཏུ་གསུངས། །དེ་རྣམས་ཀྱི་ནི་ངན་འགྲོ་བཅད། །སྡུག་བསྔལ་ཐམས་ཅད་འཇིག་པར་མཛད། །གང་གི་ལག་ན་གནས་པ་དེ། །བསམ་མི་ ཁྱབ་པར་སངས་རྒྱས་གསུངས། །བགེགས་དང་ལོག་པར་འདྲེན་པ་དང་།སྡིག་ཅན་ཤིན་ཏུ་དྲག་པ་གང། །སྔགས་པས་དཀྱིལ་འཁོར་མཐོང་པ་ཡིས། །དེ་དག་ཐམས་ཅད་ཞི་བར་འགྱུར།། འདི་ཀུན་གང་དུ་གནས་པ་ན། །དམ་པའི་ཆོས་ནི་གནས་མེད་དོ། །སྡིག་པ་འདི་དག་ཐམས་ཅད་དག་དེ་ཚེ་འཇིགས་པ་ལས་གྲོལ་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ། །སེམས་ ཅན་ཐམས་ཅད་དབང་བྱེད་པ། །ཐེ་ཚོམ་མེད་པར་རབ་ཏུ་འགྱུར་།སེམས་ཅན་ས་འོག་གནས་པ་དང། །ཇི་སྲིད་གདུག་པའི་སེམས་ཅན་རྣམས་།ས་ལ་གནས་པའི་བར་དུ་ནི། །དེ་ཀུན་ དབང་དུ་བྱས་ནས་ནི། །མངག་གཞུག་དག་ནི་ཉན་པར་གནས། །ས་གཞི་མཐིལ་གྱི་ལྷ་ལ་སོགས། །ལྷའམ་ལྟོ་འཕྱེ་ཆེ་འདིས་ནི། །ཅུང་ཟད་གང་དུ་གནས་པ་དེར། །བདག་ཉིད་ཆེན་པོ་ སྲུང་བར་བྱེད། །ཐམས་ཅད་བཀའ་བསྒོ་རབ་ཏུ་བྱེད། །ལྷ་གང་གནོད་སྦྱིན་མི་ཡི་བདག་ས་གཞི་སྟེང་གི་རྒྱལ་པོ་འདིར། །ཅི་བགྱི་ཞེས་ནི་སྨྲ་བར་གནས། །བགེགས་ཀྱིས་ཉེ་བར་འཚེ་བ་ དང། །ནད་ཀྱིས་སྡུག་བསྔལ་གཟིར་བར་བྱེད། །རྒྱལ་པོ་གདུག་པས་སྡངས་པར་བྱེད། །ཐམས་ཅད་འཕྲོག་པར་བྱེད་པ་དང། །མ་མོ་གདུག་པས་འདེབས་པར་བྱེད། །སེངྒེ་སྟག་དང་ཆུ་དེ་ [389A]༄༅། །བཞིན། །ས་གཞིའི་སྟེང་འདིར་མཁའ་འགྲོ་མ། །སྲིན་པོ་ལྟོ་འཕྱེ་འཇིགས་པ་དང། །ཡུལ་འཁོར་དུ་ནི་མུ་གེས་གཡོགས། །ནད་རྣམས་ཀུན་གྱིས་འཇིགས་པར་ བྱེད༑ ༑རིམས་དང་གློ་ནད་དབུགས་མི་བདེ། །ལྷོག་པ་དང་ནི་མཚན་པར་རྡོལ། །མགོ་དང་མིག་གི་ཟུག་གཟེར་དང། །ལྟོ་བར་ཟུག་གཟེར་འདེབས་པ་དང། །ནད་རྣམས་ཀུན་གྱིས་ འདེབས་པ་དང། །ཉེ་བར་འཚེ་བར་ཀུན་གྱིས་གདུངས། །ཡུན་དུ་བཀྲེན་པར་གྱུར་པ་དང། །འཐབ་དང་འཐབ་མོ་རྩོད་པ་དང། །རྒྱལ་པོ་ཆོམ་རྐུན་ཕོ་ཉ་སོགས། །ཐ་སྙད་དུ་ནི་གྱུར་པ་ ནའང། །སྲུང་ཆེན་འདི་ནི་ཟུངས་ཤིག་པར། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །གནོད་སྦྱིན་ལ་སོགས་ལྷ་ཡི་བདག་འབྱུང་པོ་གནོད་སྦྱིན་མི་འམ་ཅི། །གང་ཡང་ས་སྟེང་གནས་ པ་ཡི༑ ༑དམ་ཚིག་ལ་ནི་གནས་པ་ཀུན། །དམ་ཚིག་དགུར་ནི་གསུངས་པ་ལས། །དེ་རྣམས་ཐམས་ཅད་མི་འདའ་འོ། །རྫོགས་སངས་རྐང་གཉིས་ མཆོག་གིས་ནི། །གསུངས་པའི་བསམ་མི་ཁྱབ་པ་ཀུན། །བསམ་མི་ཁྱབ་པའི་ལས་གསུངས་པ། །འབྲས་བུའང་བསམ་མི་ཁྱབ་པ་འབྱུང། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེའི་ཚེ་འཁོར་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །བདུད་ཐམས་ཅད་འདའ་བར་མི་བྱ་བའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་ [389B] །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཡིད་ནི་མགུ་བར་གྱུར་པ་ཡིས། །སྙན་པ་ཡི་ནི་ཚིག་གསུངས་པ། །རྡོ་རྗེའི་བདག་ནི་ཆེན་པོ་བྱུང། །ལེགས་ སོ་དཔའ་བོ་ཡེ་ཤེས་ཆེ། །སླར་ཡང་རྡོ་རྗེ་འཛིན་ཁྱེད་ལེགས་།བསམ་མི་ཁྱབ་པའི་ལས་སྣ་ཚོགས། །རྒྱལ་སྲས་ཁྱེད་ལ་བཤད་པར་བྱ། །རྒྱལ་མཆོག་གཙོ་བོས་གསུངས་པ་ཡི། །བསམ་ མེད་ཡེ་ཤེས་རྟུལ་ཕོད་པ། །གང་གིས་ངེས་པ་འགྲུབ་པ་ཡི། །དེ་དག་ཐམས་ཅད་བཤད་པར་བྱ། །དཀྱིལ་འཁོར་དུ་ནི་འཇུག་པ་དང། །མཆོད་པའི་ལས་དང་གཏོར་མ་དང། །དྲི་དང་མེད་ ཏོག་ལ་སོགས་དགེ་བཤད་ཀྱི་བུ་ཁྱོད་ཚུར་ལ་ཉོན། །གང་གིས་ཡང་དག་བསམ་མི་ཁྱབ། །བླ་ན་མེད་པའི་གོ་འཕང་ཐོབ། །གང་གིས་སངས་རྒྱས་རང་བཞིན་གནས། །ཕྱོགས་བཞི་རུ་ ནི་ཁོར་ཡུག་ཏུ། །སྐུ་ནི་སྣ་ཚོགས་མངའ་བ་ཡིན། །བྱང་ཆུབ་སེམས་དཔས་མདུན་བདར་ཏེ། །ཇི་སྙེད་ནམ་མཁའི་མཐས་གཏུགས་པ། །དེ་སྙེད་སེམས་ཀྱི་སྤྱོད་ཡུལ་ཡིན། །མངོན་སུམ་ བཞིན་དུ་ཡང་དག་བལྟ། །ཡོན་ཆབ་དབུལ་ལ་མདུན་བྱས་ཏེ། །སངས་རྒྱས་ཐམས་ཅད་སྙན་གསན་དབབ། །བྱང་ཆུབ་སེམས་དཔའ་ཉན་ཐོས་བཅས། །གཞན་ཡང་བྱ་བ་བྱས་པ་དང།། འཇིག་རྟེན་པ་ཡི་ཆོ་གའི་རིམ། །མཆོད་པའི་ཆོ་ག་རྒྱས་པ་རུ་།ཡང་དག་ཆོ་ག་ཤེས་པར་བྱ། །ཇི་སྲིད་སྐུ་ཡི་དཀྱིལ་འཁོར་ནི་།ཡང་ནི་ཕྱིར་ཞིང་བལྟས་ནས་ནི། །བསམ་མི་ཁྱབ་པའི་མཆོག་ [390A]༄༅། །སྩོལ་ལ༑ ༑ཕྱོགས་བཅིང་བ་ནི་རབ་ཏུ་བྱ། །ཐུགས་རྗེའི་ཐུགས་ཅན་གྱུར་པ་དང། །བསམ་མི་ཁྱབ་པའི་འབྲས་སྩོལ་བ་།ཐམས་ཅད་སེམས་ཀྱིས་བཞུགས་ པར་ནི། །འཇིག་རྟེན་མགོན་པོས་སླར་ཡང་ནི། །དེ་ལྟར་སེམས་ཀྱིས་བསམས་ནས་ཀྱང། །དྲི་དང་མེ་རྟོག་དབུལ་བར་བྱ། །ཁྱད་པར་དུ་ཡང་གཏོར་མ་ནི། །ཆོ་ག་བཞིན་དུ་དབུལ་ བར་བྱ། །བྱིན་ནས་སྟེང་གི་སངས་རྒྱས་རྣམས། །ཐུགས་རྗེར་གྱུར་པའི་ཐུགས་མངའ་བ། །བལྟས་ནས་འཁོར་བའི་སྡུག་བསྔལ་ནི། །གཙོ་བོ་དེ་རུ་བལྟ་བར་བྱ། །དེ་ནས་ལག་པས་མེ་ ཏོག་དང། །བདུག་པ་བླངས་ནས་སྙིང་གར་གཞག་དེ་ལ་གསོལ་པ་གདབ་པར་བྱ། །ཐུགས་རྗེའི་རོ་གཅིག་ཏུ་གྱུར་པ། །འགྲོ་བ་ཕན་པར་མཛད་པ་ཡི། །ཇི་སྙེད་རྫོགས་སངས་རྒྱས་ བཞུགས་པ། །དེ་སྙེད་བདག་གིས་འདོད་པ་ཡི། །འབྲས་བུ་ཡང་དག་ཐོབ་པར་མཛོད། །དེ་ལྟར་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བའི་གནས་སུ་གསོལ་བ་གདབ། །དེ་ནས་ཡང་ དག་བསམ་བྱས་པའི། །རྗེས་སུ་རྒྱལ་བའི་བྲས་པོ་ཡང། །ཡོན་ཆབ་ལ་སོགས་ཆོ་ག་ཡི། །དྲི་དང་མེ་ཏོག་སོགས་སླར་ཡང། །མངོན་སུམ་བཞིན་དུ་སྐྱོབ་པ་ནི། །མཉམ་བཞག་གྱུར་ བས་མཆོད་པར་བྱ། །རང་གི་སྐུར་གྱུར་ཐམས་ཅད་ནི། །དེ་བཞིན་རང་གི་མཚོན་ཆར་ལྡན། །རང་གི་ཆ་བྱད་མཚན་མར་ལྡན། །འཇིགས་པ་མེད་པར་བསམ་པར་བྱ། །འདི་དག་ [390B]ཅོད་པན་མགོ་བོར་གནས་པར་བཤད། །བསམ་པ་ཐམས་ཅད་རྫོགས་མཛད་པ། །སྐལ་པ་ཆེན་པོ་བསམ་པར་བྱ། །དེ་ལྟར་དཀྱིལ་འཁོར་མགོན་པོ་ནི།། མཆོད་སྦྱིན་བདག་ཉིད་བསམ་པར་བྱ། །གཙོ་བོ་བསྟན་ལ་སྨན་མཛད་པ། །རྣམ་པ་ཀུན་ཏུ་བསམ་པར་བྱ། །དེ་ནས་མཁས་པས་མར་མེ་དང་།མཆོད་ཡོན་ཞལ་བསིལ་ཤིན་ཏུ་མཛེས།། དྲི་དང་མེ་ཏོག་མར་མེ་དང། །བདུག་པ་གཏོར་མ་དེ་བཞིན་དུ། །ཞལ་ཟས་དེ་ལ་དབུལ་བར་བྱ། །ཆན་དང་འོ་ཐུག་དེ་བཞིན་ནོ། །རས་གྱིས་མགྲིན་པ་བཅིངས་པ་ཡི། །བུམ་པ་བཅུ་དྲུག་ གཞུག་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང། །རྟ་དང་གླང་པོ་བཞོན་པའི་མཆོག་དྲིལ་བུའི་སྒྲ་ནི་རབ་ཏུ་སྙན། །རོལ་མོ་རིན་ཆེན་ཁྱད་པར་དུ། །བྱེ་བ་གྲངས་ནི་མེད་པ་ཡི།། མཆོག་ཉིད་ཀྱང་ནི་དབུལ་བར་བྱ། །ཁྱད་པར་དུ་ཡང་སྙན་པའི་སྒྲ། །དབྱངས་གླུ་སོས་དལ་ཡིད་འཕྲོག་དང། །དུང་གི་རོལ་མོས་ཁྱད་པར་དུ། །དཀྱིལ་འཁོར་དགེ་བ་མཆོད་པར་བྱ། །དེ་ལྟར་ ཆོ་ག་བཞིན་མཆོད་ནས། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །སྨོན་ལམ་རབ་ཏུ་འཕེལ་བྱའི་ཕྱིར། །རྒྱལ་མཆོག་ལ་སོགས་རབ་ཏུ་འདུད། །དེ་ནས་དེ་བྱུང་སློབ་མ་ནི། །བློ་ལྡན་དཀྱིལ་འཁོར་ དུ་བོས་ཏེ། །དེ་ཚེ་གསུམ་ལ་སྐྱབས་འགྲོ་སྦྱིན། །དཀོན་མཆོག་གསུམ་ལ་གུས་པར་ལྡན། །བྱང་ཆུབ་སེམས་ནི་རྣམ་དཔྱད་པ། །མ་ལུས་པར་ནི་གཟུང་བར་བྱ། །རྟག་ཏུ་བླ་མ་ལ་ [391A]༄༅། །གུས་ཤིང། །བློ་གྲོས་ཟབ་མོ་ཡང་དག་ལྡན། །སྤྲོ་ཆེན་བློ་གྲོས་ཕུན་སུམ་ཚོགས། །བཟླས་ལ་དགའ་ཞིང་ཆེད་དུ་བྱེད་།སྔགས་ཤེས་ཚུལ་ཁྲིམས་ཕུན་སུམ་ ཚོགས། །གཏོང་ལ་དགའ་ཞིང་ཤིན་ཏུ་བརྩོན། །དབང་པོ་དྲུག་ནི་རབ་ཏུ་ལྡན། །སྒྱུ་རྩལ་ཆོ་ག་རྣམ་པར་མཁས། །སྤྲོ་བ་ཆེ་དང་སེམས་པར་ལྡན། །བྱས་པ་ཤེས་ཤིང་བྱས་པ་གཟོ། ། ཕ་དང་མ་ལ་ཤིན་ཏུ་གུས། །དཀོན་མཆོག་གསུམ་ལ་ཤིན་ཏུ་ངེས་།སངས་རྒྱས་ཉན་ཐོས་ཆོས་རྣམས་དང། །འཇིག་རྟེན་པ་རྣམས་མཆོད་པར་བྱེད། །དད་པ་དང་ནི་ཐུགས་རྗེར་ ལྡན། །ནད་མེད་དབང་པོ་མ་ཚང་མེད། །སེམས་ཅན་ཕན་པར་ཡང་དག་ལྡན། །སྡིག་པའི་དགྲ་ནི་རབ་ཏུ་འཇོམས། །ལོག་པའི་ལྟ་བ་རྣམ་པར་བྲལ། །ཡང་དག་ལྟ་བ་ཡང་དག་བརྟེན།། སེར་ཞིང་ལྗང་གུ་དཀར་བ་དང། །ནག་པར་གྱུར་ཀྱང་མདངས་བཟང་བ། །གང་ཡང་ལུས་ནི་རབ་ཏུ་དྲང། །མགོ་བོ་ཤིན་ཏུ་རྒྱས་བཅས་པ། །སྣ་ལྡན་སྨིན་མཚམས་བར་མ་ཆད། ། མིག་དང་རྫི་མ་ཡང་དག་ལྡན། །གང་ཡང་མཉམ་པ་ཉིད་དུ་རྒྱས། །དེ་བཞིན་མགོ་བོ་གདུགས་ལྟ་བུ། །རྐེད་པ་རྒྱས་ཤིང་ཡང་དག་ལྡན། །རྐང་པ་ཤིན་ཏུ་གནས་པ་དང། །དེ་ སོགས་ཡོན་ཏན་ཡང་དག་ལྡན། །དེ་ཚེ་བླ་མས་བརྟགས་ནས་ནི་།ལྔའམ་བརྒྱད་ནི་གཟུང་བར་བྱ། །གྲངས་མེད་ཡང་དག་འདོད་ཚད་ནི། །དེ་ནས་དེ་ལ་སྤྱིན་པར་བྱ། །གསུམ་ [391B] །བདག་ཉིད་དབུལ་བ་དེ་དག་ལ། །སངས་རྒྱས་བྱང་ཆུབ་ཆེད་དུ་སྦྱིན། །བྱང་ཆུབ་སེམས་ནི་མ་ལུས་པ། །བློ་གྲོས་ལྡན་པའི་མི་ཡིས་གཟུང། །དེ་དག་ མ་ལུས་ཡང་དག་བྱ། །སླར་ཡང་དམ་ཆོས་བཤད་པར་བྱ། །བསྐལ་པ་བྱེ་བ་གྲངས་མེད་དུ། །དལ་འབྱོར་ཤིན་ཏུ་རྙེད་པར་དཀའ། །ཨུ་དུམ་བ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་ འགའ་ཞིག་དེ་བས་ཀྱང་ནི་འཇིག་རྟེན་མགོན། །སྐྱོབ་པ་ཤིན་ཏུ་རྙེད་པར་དཀའ། །གཙོ་བོ་གསང་སྔགས་ཚུལ་ཡང་ནི། །ས་སྟེང་དུ་ཡང་དེ་བཞིན་ནོ། །ཤིན་ཏུ་སྡུག་བསྔལ་འཇིགས་ པ་ཡང། །འཁོར་བའི་རྒྱ་མཚོ་འདི་རུ་བུ། །ས་སྟེང་གསང་སྔགས་མ་གཏོགས་པ། །སྐྱོབ་པ་སུ་ཡང་མ་མཐོང་ངོ། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །འཁོར་བའི་སྐྱོན་ནི་སྤོང་འདོད་ པས༑ ༑རྒ་དང་ན་དང་འཇིགས་པ་དང། །འཆི་བའི་འཇིགས་པ་རྩུབ་བལྟས་ནས། །ལམ་མཆོག་འདི་ནི་བསྟེན་པ་ན། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་འགྱུར། །གདོད་ཆས་ པས་བཅིངས་མཐའ་ཡས་དང། །གཞན་ཡང་སྡུག་བསྔལ་བ་ཡི་ཚོགས་།ལམ་མཆོག་འདི་ནི་བསྟན་པ་ན། །གང་དུ་མི་འབྱུང་ཤིན་ཏུ་དཀོན་།ཉེ་དུ་མཛའ་བོ་སྡུག་བསྔལ་ དང། །གྲོགས་པོ་གཉེན་དང་སྣག་གཉེན་མཚམས། །ལོངས་སྤྱོད་ཕུན་ཚོགས་སྡུག་བསྔལ་དང། །ནད་ཀྱི་སྡུག་བསྔལ་གྱིས་གདུངས་དང་།ཟས་ཀྱིས་འཇིགས་པའི་སྡུག་ [392A]༄༅། །བསྔལ་དང། །གང་ཡང་ས་སྟེང་འཁོར་གནས་པས། །ཚུལ་འདི་བསྟེན་པར་གྱུར་པ་ན། །འབྱུང་བ་རུ་ནི་མི་འགྱུར་རོ། །བཅུ་དང་བརྒྱད་དང་དེ་ནས་ལྔ། །གསུམ་ ལ་སྐྱབས་འྒྲོའམ་དུས་ཁྲིམས་ནི། །བསླབ་པ་བྱིན་ཏེ་བླང་པར་བྱ་།སངས་རྒྱས་བསྟན་པ་ཤིན་ཏུ་དཀོན། །སྡོམ་པ་ཡང་དག་བླངས་ནས་སུ། །ལུས་ཅན་རྣམས་ཀྱི་སྲོག་བཞིན་དུ། ། བསྡམས་པར་གྱུར་པ་བསྲུང་བར་བྱ། །དལ་བ་ཕུན་སུམ་ཚོགས་པ་དཀོན། །གསང་སྔགས་སྤྱོད་པ་ལས་བྱུང་བའི། །དང་པོ་ཉམས་གཅིག་བསྟེན་པར་བྱ། །ཡིད་བཞིན་ནོར་བུ་ལྟ་ བུའི་སྐུ༑ ༑ཞི་བའི་སངས་རྒྱས་གོ་འཕང་འཐོབ། །ལམ་འདི་མཆོག་སྟེ་དཔལ་དང་ལྡན། །བསམ་གྱིས་མི་ཁྱབ་འབྲས་བུ་སྩོལ། །མི་གཡོ་བ་ནི་བསྟེན་གྱུར་ནས། །བླ་ན་མེད་པའི་གོ་ འཕང་འགྱུར། །འདི་ནི་མཆོག་གི་དེ་ཉིད་ཞི། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །ཤིན་ཏུ་གུས་པ་དང་ལྡན་པ། །ཐེག་པ་ཆེན་པོ་འཐོབ་པར་འགྱུར། །དེ་བས་ཁྱོད་ཀྱིས་ཐེག་ ཆེན་ལ། །སླུ་བ་མེད་པར་གུས་པར་གྱིས། །གང་གིས་ཁྱོད་ནི་འགྲོ་བ་ན། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །སེམས་ཅན་ཀུན་ལ་ཕན་པའི་ཡིད། །བསམ་པ་ཐམས་ཅད་ རྫོགས་པར་བྱེད། །ཁྱེད་ནི་ཐེག་པ་གསུམ་འཆད་པ། །ཚུལ་ལས་གནས་པ་དེ་ནས་འབྱུང། །ཟབ་མོ་ཡི་ནི་བློ་གྲོས་ལྡན། །ཟབ་མོའི་དོན་ནི་སྟོན་བྱས་པ། །རྒྱལ་བའི་ཚུལ་ནི་སྟོན་ [392B] ༑དེ་ལས་ཐེ་ཚོམ་མེད་པ་འབྱུང། །གདོད་ནས་ཞི་ལ་གནས་མེད་པའི། །དམ་པའི་ཆོས་ནི་དེ་ནས་བཤད། །སེམས་ཅན་སུས་ཐོས་ཐམས་ཅད་ཀྱང། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། ། འདི་ན་བདག་མེད་སྲོག་ཀྱང་མེད། །དབང་ཕྱུག་ཀྱང་མེད་བྱེད་པའང་མེད། །འཇིག་རྟེན་བྱེད་པོ་སེམས་ཅན་མེད། །སྐྱེས་པ་མེད་ཅིང་མ་ནིང་མེད། །གང་ཟག་ཀྱང་མེད་གནས་ཀྱང་མེད། །གང་དུ་ཚོར་ བ་བྱེད་པ་མེད། །གཙོ་བོ་ཡོད་མིན་ཁྱབ་པའང་མེད། །ཕྲ་བ་མེད་ཅིང་གསལ་བའང་མེད། །རྒྱུའམ་གཞན་ཡོད་མེད་པ་སྟེ། །རང་གི་ངོ་བོ་རང་བཞིན་མེད། །བདག་གི་བ་ཡི་རང་བཞིན་མེད། །ས་ སྟེང་ན་ནི་རྟག་པ་མེད། །ཐམས་ཅད་སྒྱུ་མའི་ལས་བྱུང་ལྟར་།བྱེད་པོ་ལ་སོགས་རྣམ་པར་སྤངས། །འདི་དག་ཐམས་ཅད་སྟོང་པར་བལྟ། །ཡེ་ཤེས་གོ་འཕང་དུ་ནི་བརྟག་བདག་དང་སྲོག་ལ་ སོགས་པ་ཀུན། །བྱིས་པ་འབའ་ཞིག་གིས་ནི་བརྟགས། །འདི་ན་བདག་མེད་སེམས་ཅན་མེད། །འདོད་མེད་འབའ་ཞིག་ལས་བྱུང་བ། །སྒྱུ་མ་དང་ནི་སྨིག་རྒྱུ་དང། །དྲི་ཟའི་གྲོང་ཁྱེར་རྨི་ལམ་ ལྟར༑ ༑དངོས་པོ་ཐམས་ཅད་སྟོང་པ་ཉིད། །ཆུ་ཤིང་ལྟ་བུར་ཡང་དག་གནས། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །དབུ་བ་ཆུ་བུར་ལྟ་བུར་གནས། །སྒྱུ་མ་སྐྱེ་བ་སྐྱེ་བ་མེད། །ནམ་མཁའ་ལྟ་ བུར་སྟོང་པ་ཉིད། །ནམ་མཁའ་ལྟ་བུར་གོས་པ་མེད། །དག་པར་ཀུན་ཏུ་ཡང་དག་གནས། །ཞི་བའི་མཆོག་གི་དེ་ཉིད་དེ། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །དེ་འདིར་ཡེ་ཤེས་ [393A]༄༅། །མཆོག་ཐོབ་པའི། །དེ་བཞིན་གཤེགས་པ་འབྱུང་འགྱུར་རོ་།དེ་ནས་སྔགས་པས་གསོལ་འདེབས་པའི། །སློབ་མ་སྡིག་དང་བྲལ་བྱེད་པ། །རལ་གྲིའི་ཕྱག་རྒྱས་ བསྲུང་བར་བྱ། །དེ་ཡི་རྗེས་སུ་གོ་ཆ་བགོ་ཆོ་ག་ཤེས་པས་བསྲུང་བར་བྱ། །སློབ་མ་ལ་ནི་ཕན་འདོགས་པས། །སྔགས་ཀྱིས་ཚིམ་པར་བྱེད་པ་ཡི། །ཡི་གེ་བཅོ་ལྔ་སྔགས་པ་ཡིས། ། ཐམས་ཅད་དུ་ནི་རབ་བརྗོད་དོ། །ཡང་དག་སྔགས་ཀྱིས་བསང་གཏོར་བྱ། །གདོང་ནི་རས་ཀྱིས་བཅིངས་ནས་སུ། །མགོ་བོ་ས་ལ་བཏུད་པར་བྱ། །དཀོན་མཆོག་གསུམ་ལ་སེམས་ཕྱོགས་ ཏེ༑ །སྙིང་རྗེ་དང་ནི་ལྡན་པའི་སེམས། །སྐྱོབ་པ་ཐམས་ཅད་མངོན་སུམ་དུ། །གྱུར་པར་བསམས་ཏེ་གཞུག་པར་བྱ། །ཀུན་ཀྱང་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་ པར་སྤངས། །ཇི་བཞིན་འདོད་པའི་སངས་རྒྱས་ཀྱང། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །བླ་མ་ལ་ནི་ཡོན་ཕུལ་ནས། །དབང་བསྐུར་བར་ན་གསོལ་བ་གདབ། །གུས་པར་གྱུར་བའི་རང་ སྲོག་གིས། །བླ་མ་ལ་ནི་འདུད་པར་བྱ། །བླ་མ་ལ་ནི་དབུལ་བའི་ཡོན། །རང་གི་ལུས་ནི་སྙན་མནན་ནས། །བདག་ཉིད་དངོས་པོ་དབུལ་བར་བྱ། །གཞན་དུ་འབྲས་བུ་མེད་པར་འགྱུར། ། རིན་ཆེན་གླང་པོ་རྟ་དང་ཕྱུགས། །གཞན་ཡང་ཡིད་ལ་གང་བཞེད་པ། །སློབ་མའི་བློ་བདག་གུས་པ་ཡིས། །དེ་དག་ཐམས་ཅད་དབུལ་བར་བྱ། །དེ་བཞིན་ན་བཟའ་རབ་ཏུ་དབུལ། །བླ་མ་ [393B] །བླ་མ་ལ་ནི་ཡོན་ཕུལ་བས་།བསམ་མི་ཁྱབ་པའི་འབྲས་བུ་གསུངས། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །རྒྱལ་བ་སྐྱེས་མཆོག་འདི་མཆོད་བྱ། །རྫོགས་སངས་ རྒྱས་སུ་དེ་འདིར་བཤད། །ས་བཅུའི་གནས་ཀྱི་དབང་ཕྱུག་དང་།འཇིག་རྟེན་སྐྱོང་བ་ཐམས་ཅད་བཤད། །བརྒྱ་བྱིན་ལ་སོགས་བདུད་ཚོགས་བཞིན། །ཚངས་པ་ཁྱབ་འཇུག་དྲག་པོ་ དང། །ཀླུ་མོ་དུལ་བའི་སྲས་པོ་དང། །གཟའ་དང་རྒྱུ་སྐར་ཚོགས་ཐམས་ཅད། །ཕུང་པོ་ཡང་ནི་རྫུ་འཕྲུལ་ཆེ། །ཟག་པ་ཟད་པ་བཤད་པ་དང། །ཐམས་ཅད་དེ་ཉིད་དུ་བརྗོད་དོ། །དཔལ་ལྡན་ གདུལ་དཀའ་འདུལ་མཛད་པ། །ཕྱག་ན་རྡོ་རྗེ་ས་སྟེང་འདི། །དཔལ་ལྡན་བསྟན་པའི་དོན་མཛད་པ། །དམ་པའི་ལམ་གྱི་གདམས་ངག་ཅན་།རྫོགས་སངས་རྒྱས་ཀྱི་ཇི་བཞིན་སྐུ། །ཡོན་ ཏན་ཀུན་གཅིག་ཡང་དག་བཤད། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་།སྐྱོན་ནི་ནམ་ཡང་མ་ཡིན་ཏེ། །ཡོན་ཏན་བཟུང་བས་དངོས་གྲུབ་འཐོབ། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ བརླག་དེ་ཡི་གྲིབ་མ་འགོམ་པ་ནི། །མཆོད་རྟེན་བཤིག་པ་ཞེས་སུ་བཤད། །བསམ་མི་ཁྱབ་པའི་འབྲས་སྟེར་བ། །འདི་ནི་སངས་རྒྱས་ལྟ་བུར་བལྟ། །བརྟན་དང་གཡོ་བ་ཡི་གསང་བ། ། མཆོག་ནི་ཐམས་ཅད་སྟོན་བྱེད་ལ། །ཁྱེད་ཀྱིས་སློབ་དཔོན་སྨོད་པ་དང། །རྨི་ལམ་དུ་ཡང་ཕྲད་མི་བྱ། །གང་ཡང་སློབ་དཔོན་སྨོད་པ་དེ། །བགེགས་དང་ལོག་པར་འདྲེན་པས་འཛིན། ། [394A]༄༅། །སྡིག་ཅན་སེམས་ཅན་ཐག་རིང་དུ། །ས་སྟེང་དུ་ནི་སྤང་བར་བྱ། །མནར་མེད་ལ་སོགས་འཇིགས་རུང་བས། །དམྱལ་བར་ཡང་དག་བསྟན་པ་གང། །སློབ་ དཔོན་ལ་ནི་སྨོད་པ་གང། །དེ་རུ་ཡང་དག་འཆོད་པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །བསམ་གྱིས་མི་ཁྱབ་འབྲས་སྟེར་བ། །འདི་ནི་ རྨད་བྱུང་གུས་པས་མཆོད། །དབང་བསྐུར་ཆོ་ག་རྒྱས་པར་ནི་།བཤད་པར་བྱ་ཡི་བུ་ཁྱོད་ཉོན། །གང་དུ་དབང་བསྐུར་བར་གྱུར་ན། །འཇིག་རྟེན་སངས་རྒྱས་ལྟ་བུར་བལྟ། །དེ་རུ་པདྨ་ འདབ་བརྒྱད་པ། །ཁྲུ་གང་ཆོད་དུ་བརྗོད་པ་ཡིན། །ནང་ན་གནས་པའི་རྡོ་རྗེ་ནི། །འོད་ཟེར་གྱིས་ནི་རྣམ་པར་བརྒྱན། །བུམ་པ་བརྒྱད་ནི་ཡོངས་རྫོགས་པར། །གཙང་མའི་ཆུ་ཡིས་རབ་ཏུ་ བཀང། །མགྲིན་པ་རས་ཡུག་བཟང་པོས་བཅིངས། །ལོ་འདབ་བཟང་པོས་ཁ་རྒྱན་བྱས། །ཁྲོ་བོའི་རྒྱལ་པོས་བསྔགས་ནས་ནི། །སྨན་དང་རིན་ཆེན་ཀུན་གྱིས་བཀང། །གདུགས་དང་ རྒྱལ་མཚན་བ་དན་དང། །རོལ་མོའི་སྒྲ་སོགས་ཡིད་འཕྲོག་པ་།སྙན་ཅིང་རྒྱ་ཆེ་བ་ཡི་ཚོགས། །རབ་བསྔགས་ཀུན་ཏུ་མངོན་དགའ་བས། །སྔགས་པས་དེ་ཚེ་དབང་བསྐུར་ཏེ། ། སྐྱོབ་པ་མངོན་སུམ་བཞིན་དུ་བྱ། །དབང་བསྐུར་བྱས་མ་ཐག་ཏུ་ནི་།དཔལ་ལྡན་བྱང་ཆུབ་རྟོགས་ཕྱིར་སྦྱིན། །དེ་ནས་བཟུང་སྟེ་བུ་ཁྱོད་འདི། །ས་སྟེང་སངས་རྒྱས་སྲས་པོ་ནི། ། [394B] །བྱང་ཆུབ་སེམས་དཔས་གཟུང་བར་བྱ། །དེ་ནི་མ་མཐོང་བར་གྱུར་པས། །བྱང་ཆུབ་སེམས་དཔར་བརྗོད་པ་ཡིན། །བདུད་དང་བགེགས་དང་སྦྲུལ་ དང་ནི། །གཞན་ཡང་ལོག་པར་འདྲེན་པ་ཡིན། །རྒྱལ་སྲས་བྱང་ཆུབ་སེམས་དཔའ་ནི། །དེ་ཕྱིར་མཐོང་བར་མི་འགྱུར་རོ། །མ་བསྒྲུབས་པ་ཡང་མྱུར་དུ་འགྲུབ། །བདུད་རྣམས་ཐམས་ཅད་ འཇོམས་པར་བྱེད། །དཀྱིལ་འཁོར་འདིར་ནི་དབང་བསྐུར་བ། །དེ་ནི་ངེས་པར་སངས་རྒྱས་ཉིད། །འདིར་ནི་སྡུག་བསྔལ་འཇིགས་རུང་བའི། །སྡུག་བསྔལ་སླར་ཡང་འབྱུང་མི་འགྱུར། །ཐམས་ ཅད་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཡོན་ཏན་ཀུན་གྱིས་དེ་བཞིན་བརྒྱན། །སློབ་མ་ལ་ནི་སྨན་བྱའི་ཕྱིར། །དེ་ནས་སྦྱིན་སྲེག་རབ་ཏུ་བརྩམ། །ཐབ་ཁུང་ དག་ཀྱང་བྱ་བ་སྟེ། །དེ་ལ་ཁ་རན་དང་བཅས་གནས། །དེ་ཡི་དབུས་གནས་རྡོ་རྗེ་ནི། །ཞི་བ་མཆོག་ཏུ་རྨད་དུ་བྱུང། །དེ་ཡི་ཐབ་ཁུང་ཁོར་ཡུག་ཏུ། །དྲིས་ཀྱང་རྗེས་སུ་བྱུག་པར་བྱ། །མེ་ཡི་ཐབ་ནི་ ཁྲུ་གང་དུ། །དེ་བཞིན་གཤེགས་པས་ཡང་དག་གསུངས། །མེ་ནི་ཀུན་ཏུ་འབྱུང་བའི་ཤིང། །མེ་ཐབ་འདི་རུ་མེ་སྦར་བྱ། །དེ་ནས་མཆོད་ཡོན་ཞབས་བསིལ་བྱ། །བསང་གཏོར་ས་སྟེང་དུ་ནི་ བརྗོད༑ ༑ཀུ་ཤ་རྩེ་མོ་དགྲམ་པར་བྱ། །སླར་ཡང་རྩ་བས་བསྐོར་བར་བྱ། །དེ་ལྟར་འདི་དག་ཐམས་ཅད་བྱ། །མར་དང་སྦྲང་རྩི་བྱུག་པས་མཛེས། །གང་ཞིག་ཡམ་ཤིང་ལས་རྣམས་ཀྱིས། ། [395A]༄༅། །རྣམ་པར་མཁས་པས་སྦྱིན་སྲེག་བྱ། །སེམས་ནི་སྙིང་རྗེ་དང་ལྡན་པ། །སློབ་མ་རེ་རེ་བརྗོད་ནས་སུ། །དཔལ་ལྡན་སྲེག་བླུགས་བསྲེག་པར་བྱ། །ཉི་ཤུ་ཐམ་པ་ ཉིད་ཀྱང་ངོ། །འདི་དག་ཐམས་ཅད་བྱས་ནས་སུ། །སེམས་ནི་སྙིང་རྗེ་དང་ལྡན་པ། །རྒྱལ་མཆོག་ཐམས་ཅད་རབ་བཏུད་ནས། །དེ་ནས་སྨོན་ལམ་གདབ་པར་བྱ། །བཅོམ་ལྡན་བདག་ གིས་གང་བསགས་པའི། །བསོད་ནམས་གྲངས་མེད་གཞལ་མི་ལང། །དེས་ནི་འགྲོ་བ་མ་ལུས་པ། །བླ་མེད་གོ་འཕང་ཐོབ་པར་ཤོག་སེམས་ཅན་བྱེ་བ་གྲངས་མེད་གང། །གཞན་ ཡང་ངན་འགྲོར་གྱུར་པ་གང། །བདག་གི་བསོད་ནམས་མཐུ་ཡིས་ནི་།ཐམས་ཅད་བདེ་དང་ལྡན་གྱུར་ཅིག་གང་ཞིག་ཡི་དྭགས་སྡུག་བསྔལ་དང། །གང་ཡང་ངན་འགྲོར་གྱུར་པ་ རྣམས༑ ༑བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་ཐམས་ཅད་བྲལ་འགྱུར་ཤོག་ཇི་སྙེད་སེམས་ཅན་ཐམས་ཅད་ཀྱང། །སྡུག་བསྔལ་སྣ་ཚོགས་ཉིད་དག་དང། །དེ་དག་ ཐམས་ཅད་ཞི་གྱུར་ནས། །འགའ་ཡང་སྡུག་བསྔལ་མ་གྱུར་ཅིག་ཇི་སྙེད་སེམས་ཅན་ཉེས་སྤྱད་པས། །ལུས་དང་ངག་དང་ཡིད་ལས་བྱུང་།སེམས་ཅན་ཐམས་ཅད་དེ་མ་གྱུར། །ཀུན་ ཀྱང་བདེ་དང་ལྡན་གྱུར་ཅིག་དེ་ནས་རྒྱལ་མཆོག་ཀུན་བཏུད་ནས་།དྲི་དང་མེ་ཏོག་སོགས་ཐོགས་ཏེ། །སྟེང་དང་འོག་ཏུ་བལྟས་གྱུར་པས། །དེ་ནས་རབ་ཏུ་བསྡུ་བའི་ཕྱིར། །དེ་ནས་ [395B] །སྐྱོབ་པ་ཐམས་ཅད་མངོན་སུམ་དུ་།བདག་ལ་སླར་ཡང་བརྩེ་བའི་ཕྱིར། །བཅོམ་ལྡན་སྲས་དང་བཅས་པ་ཡང། །ཇི་སྲིད་བདག་ནི་དོན་གྲུབ་པར། །བདག་ཉིད་ ཆེན་པོ་སླར་བྱོན་མཛོད། །དེ་ནས་གཏོར་མ་མེ་ཏོག་དང། །དྲི་དང་བཅས་པའི་རྡུལ་ཚོན་ལ། །སྔགས་པ་དངོས་གྲུབ་མཆོག་འདོད་པས་།ལག་པས་རེག་པར་མི་བྱའོ། །དེ་ནས་རང་གིས་བྱིན་ བརླབས་ཏེ། །ས་ལ་འདུག་ནས་གོས་ཕུད་པས། །འབད་པར་གྱུར་པས་བསྡུས་ནས་ནི། །ཆུ་བོ་ལ་ནི་བསྐུར་བར་བྱ། །དེ་ལྟར་རབ་ཏུ་འབད་པས་ཀྱང། །ཉི་མ་གཉིས་པ་ཤར་བ་ལ། །དེ་ཚེ་དངོས་ གྲུབ་ཀུན་བྱེད་པའི། །ཕྱག་རྒྱ་ཤེས་རབ་ཅན་གྱིས་བསྟན། །གང་ཞིག་བཅིངས་པ་ཙམ་གྱིས་ནི། །དེ་ལ་ལྷ་ནི་ཉེ་བར་འགྱུར། །ས་སྟེང་ཤིན་ཏུ་སྡུག་བསྔལ་གནས། །སེམས་ཅན་ཐམས་ཅད་ འདུལ་བྱེད་པ། །འཇིག་པ་བརྟན་དང་གཡོ་བ་ཡི། །འཇིག་རྟེན་ཀུན་གྱིས་མི་མཐོང་ངོ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཕུན་སུམ་ཚོགས་པ་ཡང་དག་ལྡན། །ཕྱག་རྒྱ་རྟག་ ཏུ་འགྲུབ་པར་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །རལ་གྲི་ཡི་ནི་ཕྱག་རྒྱ་བཤད། །དེ་ནས་དེ་ཡིས་འོག་ཏུ་ནི། །གོ་ཆ་བཤད་པར་བྱ་ཡི་ཉོན། །མགོ་བོར་ཡང་ནི་ཐོ་བར་བཅས། །སྤྱི་ བོང་རྡོ་བ་དག་དང་ལྡན། །བཀར་བཏགས་ཕྱག་རྒྱ་སྙིང་གར་ཏེ་།ཕྱོགས་བཅིངས་པར་ནི་རབ་ཏུ་བྱ། །དེ་བཞིན་མར་མེ་དྲི་ཕྱག་རྒྱ། །གཏོར་མའི་ཕྱག་རྒྱ་བདུག་པ་ཡང། །མེ་ཏོག་ཞལ་ཟས་ [396A]༄༅། །ཕྱག་རྒྱ་དང། །སྤྱན་དྲང་པ་ནི་ཉིད་དག་དང། །དེ་བཞིན་གཤེགས་པ་རྒྱལ་སྲས་དང། །ཉན་ཐོས་དང་ཡང་ཕོ་ཉ་སོགས། །འཇིག་རྟེན་པ་ནི་ཐམས་ཅད་དང། །དེ་ བཞིན་དྲང་སྲོང་ཚོགས་རྣམས་དང། །སྲིང་མོ་ཡང་དག་བཤད་པ་དང། །མ་མོ་ཡང་ནི་བདུན་ཉིད་དང། །དེ་དག་རྣམས་ནི་མ་ལུས་པ་།ས་སྟེང་དུ་ནི་རྒྱས་པར་ཉོན། །ཚམ་ངམ་སྐད་ཅིག་ མི་གཡོ་བར། །ཕན་པའི་དོན་དུ་བུ་ཚུར་ཉོན། །གང་ཞིག་བརྗོད་པ་ཙམ་གྱིས་སུ། །བགེགས་དང་ལོག་པར་འདྲེན་པ་འཇོམས། །མཛུབ་མོ་དང་ནི་གུང་མོ་དག་བློ་དང་ལྡན་པས་དྲང་ པོར་བརྐྱང། །སྲིན་ལག་དང་ནི་མཐེ་ཆུང་ཉིད། །མཐེ་བོ་ཡིས་ནི་བརྟན་པར་མནན། །ལག་པ་གཡས་པས་དེ་ལྟར་བྱ། །རལ་གྲི་ཡང་དག་ལྡན་བཅས་ཏེ། །རལ་གྲི་ཤུབས་སུ་བཅུག་པ་ ལས༑ ༑སླར་ཡང་ཀུན་ནས་འབྱུང་བར་བྱ། །འབར་བ་ལྟ་བུར་འཇིགས་པ་ནི། །ཕྱོགས་ཀུན་ཏུ་ནི་བསྐོར་བར་བྱ། །འདི་ནི་དཔལ་ལྡན་རལ་གྲི་འཆང། །ཡེ་ཤེས་རལ་གྲི་རྒྱལ་བའི་སྲས།། གང་ཞིག་མི་ཤེས་ལས་བྱུང་བ། །ཡེ་ཤེས་རང་བཞིན་རལ་གྲིས་གཅོད། །དེ་ཕྱིར་རྣམ་པ་ཐམས་ཅད་དུ། །བགེགས་ཀྱི་རྒྱལ་པོ་ཀུན་འཇོམས་ལ། །རྒྱུན་དུ་ཉིན་རེ་དུས་གསུམ་དུ།། ཕྱག་རྒྱ་རབ་ཏུ་བཅིང་བར་བྱ། །གཡོན་པའི་ཁུ་ཚུར་དམ་པོར་བཅིང། །མཛུབ་མོ་མཐེ་བོང་ནང་དུ་ནི། །བཅུག་པ་སྡིགས་མཛུབ་བཅུམས་ཡིན་ཏེ། །བཅུག་པ་དེ་ནི་ཞགས་པར་བརྗོད། ། [396B] །ཞགས་པའི་ཕྱག་རྒྱ་ཞེས་སུ་གྲགས། །ས་བཅུ་གནས་ཀྱི་དབང་ཕྱུག་རྣམས། །ཀུན་ནས་རབ་ཏུ་འགུགས་འགྱུར་ན། །གདུག་པའི་སེམས་ཅན་དམྱལ་ བ་ལྟར༑ ༑གང་ལས་ཅི་ཡི་ཕྱིར་མི་ལྟ། །གུང་མོའི་སོར་མོ་ཡང་དག་སྦྱར། །ཕན་ཚུན་དུ་ནི་རྩེ་སྤྲད་དེ། །མཛུབ་མོ་དང་ནི་མིང་མེད་དག་ཀུན་ནས་ལག་པའི་ནང་དུ་བཅུག་མཐེ་བོང་དེ་ལ་ཁ་ བསྟན་མནན། །མཐེའུ་ཆུང་དང་པོར་བཞག་པ་ནི། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །འདི་ནི་གོ་ཆའི་ཕྱག་རྒྱར་གསུངས་།ཡེ་ཤེས་རལ་གྲི་སྙིང་ག་དང། །ཡན་ལག་ལྔ་ ལའང་རྣམ་པར་དགོད། །དེ་ཚེ་ཕྱག་རྒྱས་གོ་ཆ་བགོ་ཕྱག་རྒྱ་སེམས་ཅན་སྡོམ་པ་ཡིན། །དེ་ལྟར་རབ་ཏུ་འབད་པར་བྱ། །སློབ་མ་སྡིག་དང་བྲལ་བྱེད་པ། །ཕུན་སུམ་ཚོགས་ཀུན་འགྲུབ་ བྱའི་ཕྱིར། །དེ་ཚེ་དབང་བསྐུར་སྦྱིན་པར་བྱ། །བཟླས་པའི་ཚེ་ན་གཞན་རྣམས་སུ། །ཆོ་ག་བཞིན་དུ་བསྲུང་བར་བྱ། །བགེགས་ཀྱི་རྣམ་པ་རྣམས་དང་ནི། །གཞན་ཡང་དགྲ་བོ་བྱུང་བ་ལ། ། བདག་དང་གཞན་གཉིས་བསྒྲུབ་བྱའི་ཕྱིར། །འདི་ནི་རྟག་ཏུ་སྦྱར་བར་བྱ། །ལག་པ་ཕན་ཚུན་བཟུང་ནས་སུ། །ལག་པ་གཉིས་ནི་བརྟན་པོར་བྱ། །མཛུབ་མོ་གཉིས་ནི་གྱན་དུ་བསྒྲེང། །མགོ་ བོའི་ཕྱག་རྒྱ་ཞེས་སུ་བཤད། །ལག་པ་གཉིས་ཀྱི་བྱ་བ་ནི། །སོ་སོར་ཁུ་ཚུར་བཅིང་བར་བྱ། །གསང་བ་པ་ཡི་ལག་པ་ཡི། །གཡོན་པའི་མཐེ་བོང་ནས་བཟུང་སྟེ། །གཡས་པའི་མཐེ་བོང་ [397A]༄༅། །གྱེན་དུ་བསྒྲེང། །རྡོ་རྗེ་ལྟ་བུར་གཞོན་པ་ནི། །མེ་ནི་ཆེན་པོ་ལྟ་བུར་འབར། །ལག་པ་རྡོ་རྗེ་ལྟ་བུར་གནས། །སྔགས་པ་གང་ལ་ཁྲོས་གྱུར་པ། །ལྷ་དང་ཀླུ་མོ་འཁོར་ དང་ནི༑ ༑གནོད་སྦྱིན་ལྟོ་འཕྱེ་སྲིན་པོ་དང། །གྲུལ་བུམ་དང་ནི་ལུས་སྲུལ་པོ། །ལྷ་མིན་ཡི་དྭགས་མི་འམ་ཅི། །གང་ཡང་བགེགས་ནི་བྱེད་པ་གཞན། །གླང་པོ་རྟ་དང་ཤིང་རྟ་དང། །གང་ཡང་ རྒྱ་མཚོ་སྙེམས་པ་དང། །གང་ཡང་རྒྱལ་པོ་གདུག་པ་དང། །འདིར་ནི་བསྟན་ལ་གནོད་བྱེད་པ། །གདུག་པའི་སེམས་ཅན་དེ་རྣམས་ནི། །གདུལ་བའི་ཕྱིར་དང་བརླག་པའི་ཕྱིར། །དེ་བཞིན་ དངོས་གྲུབ་མྱུར་བའི་ཕྱིར། །ཕྱག་རྒྱ་ཆེན་པོ་རབ་ཏུ་སྦྱར་།སྔགས་དང་ལྷན་ཅིག་དགོད་པར་བྱ། །བདག་ཉིད་ལས་བྱུང་ལྷ་རྣམས་ཀྱི། །དཀྱིལ་འཁོར་ལ་ནི་རབ་ཏུ་གནས། །རྒྱུ་དང་འབྲས་ བུ་སྤྱར་བར་བྱ། །གཡས་པའི་ཕྱག་རྒྱ་ཁུ་ཚུར་བཅིང། །གུང་མོ་གྱེན་དུ་རྣམ་པར་བསྒྲེང། །རྫོགས་སངས་རྒྱས་ཀྱི་དབང་ཕྱུག་གིས། །འདི་ནི་སྤྱི་གཙུག་དག་ཏུ་གསུངས། །ལག་པ་གཡོན་ པ་ཁུ་ཚུར་བཅིང། །མཛུབ་མོ་གུང་མོ་བསྒྲེངས་ནས་ནི། །དེ་ནི་གཡོན་པ་རྟག་ཏུ་བཅིང། །འདི་ནི་བཀར་བཏགས་ཕྱག་རྒྱར་གྲགས་།ལག་པ་གཉིས་ཀྱི་ཁུ་ཚུར་ནི། །བཅིངས་ནས་ཕན་ ཚུན་བཙིར་བར་བྱ། །གཅིག་ཏུ་བརྟན་པར་བཅུགས་པ་ནི། །རྡོ་བ་ལྟ་བུར་ཡང་དག་བཤད། །གཡས་པ་ཁུ་ཚུར་དམ་དུ་བཅིང། །མཁས་པས་སྙིང་གར་གཞག་པར་བྱ། །རྫོགས་སངས་ [397B] །སྙིང་གའི་ཕྱག་རྒྱ་ཞེས་སུ་བཤད། །གུང་མོ་དང་ནི་མཛུབ་མོ་ཉིད། །མཐེ་བོང་སོ་སོར་བརྐྱངས་ནས་སུ། །གཉིས་ཀའང་འདི་ལྟར་གནས་བྱས་ནས། །ཕྱོགས་ བཅུར་ཡོངས་སུ་སྤྲོ་བར་བྱ། །འདིས་ནི་ཕྱོགས་བཅུར་བཅིངས་བྱས་ནས་།མཁས་པས་སྔགས་ཀྱིས་བཟླས་པ་བྱ། །ལག་པ་གཉིས་ནི་མཐིལ་སྦྱར་ནས། །གུང་མོ་ནང་དུ་སྦྱར་བར་བྱ། །རྫོགས་ སངས་རྐང་གཉིས་དམ་པ་ཡིས། །དྲི་ཡི་ཕྱག་རྒྱ་ཞེས་སུ་བཤད་།ལག་པ་ཕྱི་རོལ་བསྒྲིལ་ནས་ནི། །མཐེ་བོང་གུང་མོ་གྱེན་དུ་བསྒྲེང། །མཐེའུ་ཆུང་ནི་བསྒྲེངས་ནས་གཞག་རྒྱལ་དང་ རྒྱལ་སྲས་རྣམས་ཀྱིས་ཀྱང། །མར་མེའི་ཕྱག་རྒྱ་ཞེས་སུ་བཤད་།སླར་ཡང་ལག་པ་ཕྱིར་བཀྲོལ་ནས། །ཕྱིན་ཅི་ལོག་བྱས་གུང་མོ་དང། །མཛུབ་མོ་མཐེ་བོང་སྔ་མ་བཞིན། །ཚིགས་པ་ ཤིན་ཏུ་བརྟན་པར་བྱ། །སྔགས་དང་ལྷན་ཅིག་བཅས་པ་ནི། །གཏོར་མའི་ཕྱག་རྒྱ་ཞེས་སུ་བརྗོད། །ལག་པའི་ཤུབས་ཀྱི་ཕྱག་རྒྱ་ནི་།ཤུབས་ལྟ་བུར་ནི་རབ་ཏུ་མཛེས། །བདུག་སྤོས་ཕྱག་ རྒྱ་མདོར་སྡུས་ན། །རྒྱལ་བ་སྐྱེས་བུ་མཆོག་གིས་གསུངས། །གུང་མོ་མིང་མེད་སྦྱར་བཀུག་ནས། །མཐེ་བོང་སྟེང་ན་རྣམ་པར་གནས། །དེ་ལྟར་གཡོན་པ་ཡང་བྱས་ན། །མེ་ཏོག་ཕྱག་རྒྱ་ ཞེས་སུ་བརྗོད། །ལག་པ་འོག་ཏུ་ཐལ་སྦྱར་ནས། །གུང་མོ་དང་ནི་སྲིན་ལག་དང། །མཛུབ་མོ་ཡང་ནི་བཀུག་ནས་སུ། །མཐེའུ་ཆུང་ཕྱི་རོལ་ཉིད་དུ་གནས། །མཐེ་བོང་དེར་ནི་མངོན་ཕྱོགས་ [398A]༄༅། །པ༑ ༑ཞལ་ཟས་ཀྱི་ནི་ཕྱག་རྒྱར་བརྗོད། །པརྱཾ་ཀཱ་ཤཱ་ནི་སྔགས་ཤེས་པས། །ལག་པ་དག་ནི་ལྷུང་བཟེད་སྦྱར། །མཐེ་བོང་དག་ནི་བཀུག་བྱས་ནས། །བློ་ལྡན་དེ་ཡི་ རྩ་བར་སྦྱར། །གསང་སྔགས་ཤེས་པས་སྤྱན་དྲང་བྱ། །སྐྱོབ་པ་ཤཱཀྱ་སེངྒེ་ཡི། །དཔའ་བོ་ཆོས་གོས་ངུར་སྨྲིག་མནབས། །གཙོ་བོ་བསྟན་པའི་དོན་མཛད་པ། །མཐའ་ཡས་འཇིག་རྟེན་ རབ་འབྱམས་ཁམས། །ཤིན་ཏུ་མཉམ་པར་བཞག་པ་ཡང། །ཤེས་རབ་ཅན་གྱིས་རྟག་བསམས་ན། །བྲང་པའི་འབྲས་བུ་ཐོབ་པར་འགྱུར། །ལག་པ་གཉིས་ནི་ཐལ་སྦྱར་ནས། ། མཁས་པས་མཛུབ་མོ་བཀུག་ནས་སུ། །རྩེ་མོར་མཐེ་བོང་བཞག་པ་ནི་།རྒྱལ་སྲས་རྟག་ཏུ་དགུག་པར་བྱེད། །ལག་པ་པདྨ་ལྟར་བྱས་ནས་།སོར་མོ་གུང་མོ་མིང་མེད་ཙམ། །འདི་ རྣམས་ཐམས་ཅད་འགུགས་པར་བྱེད། །ཉན་ཐོས་རྣམས་དང་ས་སྟེང་བཞུགས། །གང་ཡང་ཕོ་ཉ་མ་ཚོགས་བཤད། །ཕོ་ཉ་ཡང་ནི་རྫུ་འཕྲུལ་ཆེ། །དེ་རྣམས་ཕྱག་རྒྱ་བཤད་པ་ ནི༑ ༑ས་སྟེང་ལྕགས་ཀྱུས་འགུགས་པར་བྱེད། །གཡས་པ་ཁུ་ཚུར་དམ་པོར་བཅིང། །བརྟན་པོར་རབ་ཏུ་ལྡན་བྱས་ཏེ། །མཛུབ་མོ་ཤེས་རབ་ཅན་གྱིས་བརྐྱང། །ཚིགས་པ་གསུམ་ པ་བཅག་པར་བྱ། །ལག་པ་གཡས་པས་གཡོན་པ་ཡི། །འཁྲིག་མ་ནས་ནི་བཟུང་བ་ཡིས། །ས་སྟེང་ཕོ་ཉ་མོ་ལ་སོགས། །བརྟན་པར་གྱུར་པས་དགུག་པར་བྱ། །ལག་པ་ཕྱི་རོལ་ [398B] །གུང་མོ་གྱེན་དུ་རྣམ་པར་བསྒྲེང། །མཛུབ་མོ་དྲང་པོར་བྱས་ནས་ནི། །དེ་དང་རབ་ཏུ་སྤྲད་པར་བྱ། །ནང་གི་ཆ་རུ་བཀུག་ནས་སུ། །མཐེ་བོང་མི་མཐུན་པ་རུ་གཞག་འཇིག་རྟེན་ པ་ཡི་ཕྱག་རྒྱ་སྟེ། །དགུག་པ་རུ་ནི་རབ་ཏུ་གྲགས། །ཕྱག་རྒྱ་འདི་དག་ཉིད་ལ་ཡང། །གཡོན་པ་རབ་ཏུ་ཕྲལ་བ་ཡི། །གཡས་པ་དྲང་སྲོང་ཐམས་ཅད་དང། །བརྟུལ་ཞུགས་གནས་པ་དགུག་ པ་ཡིན༑ ༑ལག་པ་གཡོན་པ་དྲངས་བྱས་ནས། །མཁས་པས་གུང་མོ་དགུག་པར་བྱ། །མཛུབ་མོ་སོར་མོ་ཡང་བཀུག་ནས། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །སྲིང་མོ་རྣམས་ཀྱི་རབ་ཏུ་ གྲགས༑ ༑སྲིང་མོ་དངོས་གྲུབ་མཛད་པ་ཅན། །དམ་པར་གྱུར་པ་སྤྱན་དྲང་བྱ། །གཡས་པ་དྲང་པོར་བརྐྱངས་ནས་སུ། །སོར་མོ་གསུམ་ནི་དྲང་པོར་བརྐྱང། །དེ་རུ་མཛུབ་མོ་བཀུག་པ་ཡི། །རྩེ་ མོར་མཐེ་བོས་རེག་པར་བྱ། །ཕྱག་རྒྱ་འདི་ཡིས་ངེས་པ་རུ། །མ་མོ་བདུན་ཉིད་དགུག་པར་བྱེད། །རྫོགས་སངས་རྐང་གཉིས་དམ་པ་ཡིས་།ཕྱག་རྒྱ་འདི་ནི་ཡང་དག་གསུངས། །རྟག་ཏུ་ བག་ཡོད་པར་གྱུར་པས། །ས་གཞི་དཀྱིལ་འཁོར་བསྲུང་བར་བྱ། །ཕྱག་རྒྱ་འདི་ནི་འཆང་བ་དཀོན། །རྒྱལ་བ་མཆོག་གིས་རབ་ཏུ་གསུངས་།ཕྱག་རྒྱ་འདི་དེ་ལ་བརྟེན་ན། །བསམ་གྱིས་མི་ ཁྱབ་འབྲས་བུ་འཐོབ། །དེ་བས་རྣམ་པ་ཐམས་ཅད་དུ། །བསམ་མི་ཁྱབ་པའི་འབྲས་འདོད་ཅིང། །དངོས་གྲུབ་འདོད་པར་གྱུར་པ་ཡིས་།སྔགས་པས་རྟག་ཏུ་བཟུང་བས་ན། །བགེགས་ [399A]༄༅། །དང་ལོག་པར་འདྲེན་པ་དང། །ཀླུ་དང་སྲིན་པོ་གདུག་པ་ཀུན། །གནོད་སྦྱིན་གྲུལ་བུམ་མིའམ་ཅི། །ཡི་དྭགས་ལུས་སྲུལ་ལྟོ་འཕྱེ་ཆེ། །ཕྱག་རྒྱ་འདི་ཡིས་ བསྲུངས་པ་ཡིས། །གླགས་ལྟའི་གོ་སྐབས་མི་རྙེད་དོ། །གཞན་ཡང་གདུག་པའི་སེམས་ཅན་དང། །གང་ཡང་ནད་ནི་འཇིགས་རུང་བ། །དེ་དག་ཐམས་ཅད་མི་འབྱུང་སྟེ། །ཕྱག་རྒྱ་འདི་ ཡིས་ཤིན་ཏུ་སྲུང། །འཇིགས་པ་ཐམས་ཅད་རྣམ་པར་བྲལ། །ཀུན་ཀྱང་དབང་ཕྱུག་ཡང་དག་ལྡན། །དེ་དག་ཐམས་ཅད་མི་འབྱུང་སྟེ། །འདི་རུ་དགོས་པ་སྤྱད་མི་བྱ། །སེམས་ཅན་གདུག་ སེམས་ཡོད་པ་གང། །ཤིན་ཏུ་དྲག་ཤུལ་ལས་བྱེད་པ། །ཞི་བའི་ཐུགས་ཀྱིས་བདེ་གཤེགས་ཀྱིས། །གདུལ་བ་རུ་ནི་མི་ནུས་པ། །དེ་རྣམས་རབ་ཏུ་གདུལ་བའི་ཕྱིར། །ཁོ་བོ་འདི་ནི་རྙེད་ པར་དཀའ། །བདེ་བར་གཤེགས་པས་མཛེས་པར་གསུངས། །བསམ་མི་ཁྱབ་པའི་འབྲས་སྟེར་བ། །སྣ་ཚོགས་བསམ་མི་ཁྱབ་པའི་ལས། །ས་སྟེང་ཕྱག་རྒྱ་རྙེད་པར་འགྱུར། །བསམ་མི་ ཁྱབ་པར་བཤད་པ་ནི། །དེ་ཕྱིར་འདི་ཡིས་བསམ་མི་ཁྱབ། །དམ་ཚིག་ཡེ་ཤེས་བཤད་པ་འདི། །བརླག་པ་རུ་ནི་འབྱུང་བར་འགྱུར། །སངས་རྒྱས་ལ་ནི་བསླུས་པས་ན། །གསང་སྔགས་ འབྲས་བུ་ཀུན་མི་འབྱུང། །བྱང་ཆུབ་ཚོགས་ནི་འགྲུབ་བྱའི་ཕྱིར་།དམ་ཚིག་རྟག་ཏུ་བསྲུང་བར་བྱ། །དམ་ཚིག་བསྲུངས་པས་དངོས་གྲུབ་ཀྱི། །འབྲས་བུ་ཡང་ནི་འབྱུང་བར་འགྱུར། ། [399B] །ལུས་ཅན་རྣམས་ཀྱི་ཕྱག་རྒྱ་དགོད། །བུ་མེད་པ་ཡང་བུ་རྙེད་འགྱུར། །མ་གྲུབ་པའང་ཐམས་ཅད་འགྲུབ། །གང་ཚེ་བུ་མོ་ཆགས་པ་ཡང། །ལུས་ཅན་འདོད་ བ་མངལ་དུ་འཆགས། །དེ་ཚེ་ཡང་དག་རབ་སྦྱར་བའི། །ཕྱག་རྒྱ་དོན་ཀུན་འགྲུབ་པར་བྱེད། །དཀྱིལ་འཁོར་འཇུག་པ་ཞེས་བཤད་པ་།ཕྱག་རྒྱ་བཤད་པ་འདི་ཡིན་ནོ། །གཞན་དུ་ལུས་ཅན་ ཐམས་ཅད་ཀྱིས། །ཆོ་ག་ཉམས་པས་འབྲས་བུ་མེད། །དབང་ཕྱུག་སོགས་རྒྱལ་གང་སུ་དག་མི་ཡི་ཕྱོགས་དང་མཚུངས་པ་འཐོབ། །འདི་ནི་དེ་ཡི་ཆོ་གའི་ལམ། །ས་སྟེང་ན་ནི་གཞན་མ་མེད་ ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཕྱག་རྒྱ་འཆང་བར་གྱུར་པ་ཡིས། །སེམས་ཅན་ཐམས་ཅད་དབང་ཐོབ་འགྱུར། །ཚམ་ངམ་མཚན་ཉིད་ ས་སྟེང་དུ། །རྒྱས་པར་བཤད་ཀྱི་ཚུར་ལ་ཉོན། །གང་ཞིག་བཅིངས་པ་ཙམ་གྱིས་ནི། །བསམ་མི་ཁྱབ་པའི་གོ་འཕང་འཐོབ། །གང་ཡང་ས་སྟེང་གདུག་པ་ཅན། །ལྷ་དང་ཀླུ་དང་གནོད་སྦྱིན་ དང། །ལྟོ་འཕྱེ་སྲིན་པོ་མིའམ་ཅི། །འབྱུང་པོ་གདོན་དང་ཤ་ཟ་དང། །གང་ཡང་བགེགས་གཞན་ལོག་པར་འདྲེན། །དེ་རྣམས་འཇོམས་པར་བྱ་བའི་ཕྱིར། །ཚམ་ངམ་འཛིན་པ་བསླབ་པ་ ཉིད༑ ༑གནས་གསུམ་དུ་ནི་གནས་རྣམས་ལ། །མཉམ་པར་གཞག་པར་རབ་སྤྱར་ན། །དེ་ནི་བརླག་པར་འགྱུར་བའམ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །དམ་ཚིག་སྟེར་བའི་གནས་ [400A]༄༅། །གནས་ལ། །སྤྱི་བོར་མེ་ཏོག་ཐལ་སྦྱར་ཏེ། །རྒྱལ་བ་ཐམས་ཅད་མཆོད་བྱས་ནས། །ཡང་དང་ཡང་དུ་ཕྱག་ཀྱང་བྱ། །དེ་ནས་མཉམ་པར་གཞག་གྱུར་པས། །ས་ སྟེང་ཕྱག་རྒྱ་མཆིང་པས་འཆིང། །རྐང་པ་ཡ་གཅིག་བཏེག་ནས་སུ། །མ་རུངས་པ་ཡི་ལྟ་སྟངས་དབབ། །ཁྲོ་དང་བཅས་པས་གཞག་པར་བྱ། །རྐང་པའི་འོག་ཏུ་ལྟ་སྟངས་དབབ། ། ལག་པ་གཡས་པ་བསྒྲེང་བར་བྱ། །གཡོན་པ་སྙིང་གར་ཡང་དག་གཞག། །རྐང་པ་བགྲད་ནས་གཞག་པར་བྱ། །སྐུ་ལས་ཧཱུཾ་ཡིག་འོད་ཟེར་འབར། །བརྟན་དང་གཡོ་བའི་བགེགས་ སམ་གཞན། །འོག་ཏུ་བསྣུན་པར་ཡང་དག་གནས། །རྐང་པ་མནན་ནས་བསྣུན་པ་ཡིས། །ལྷ་དང་ལྷ་མིན་གཡོ་བར་བྱེད། །ས་གསུམ་ཡང་ནི་གཡོ་བ་དང། །ཤིན་ཏུ་མི་བཟད་སྲེག་ པར་བྱེད། །ཐམས་ཅད་སྲེག་པར་འགྱུར་པ་ན། །དེ་དང་ཉེ་བའི་དྲུང་དུ་འཁོར། །བདག་རང་ཁྲོ་བོ་ལྟ་བུ་ཡིས། །ཞགས་པའི་ཕྱག་རྒྱ་ཐོགས་ནས་ནི། །ཞགས་པའི་ཕྱག་རྒྱས་བཅིང་བར་བྱ། ། ཕྱོགས་བཅུ་ཀུན་ན་གནས་པ་ཡི། །ཞགས་པའི་ཕྱག་རྒྱས་དེ་བཅིངས་ཏེ། །ཤིན་ཏུ་གདུང་བར་བྱེད་པའོ། །ཧ་ཧ་ཞེས་སྒྲོག་རབ་ཏུ་འཕྲུལ། །ལ་ལ་ཐལ་བར་བརླག་པར་འགྱུར། །བདེ་ གཤེགས་ཆེ་བའི་བདག་ཉིད་ཅན། །དེ་དག་ཐམས་ཅད་སྙན་པའི་ཚིག་།སྐལ་པ་ཆེན་པོ་བཀའ་བསྒོ་སྩོལ། །བདག་ཅག་ཁྱེད་ཀྱི་བཀའ་ལྟར་བགྱིད། །བདག་ནི་ཡིད་བཞིན་མ་ཡིན་ [400B] ༑བཀའ་བསྒོ་བཅག་པར་མི་བགྱིད་དོ། །དེ་ནས་དེ་རྣམས་དམ་ཚིག་ནི། །བདེ་བར་གཤེགས་པ་ཆེན་པོས་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་ཡང། །ཁྱོད་ཀྱིས་ཡིད་ལ་ བྱ་བར་འོས། །བཀའ་བསྒོ་གྱུར་པ་ཐམས་ཅད་ཀྱིས། །ཁྱོད་ཀྱིས་བསྟན་པ་རྣམས་ཀྱང་བསྲུངས། །སྔགས་པ་བདག་ཉིད་ཆེན་པོ་ཡིས། །བཀའ་བསྒོ་བ་ནི་བཅག་མི་བྱ། །ཀུན་ལ་གནོད་པར་ མི་བྱ་སྟེ༑ ༑བགེགས་ནི་ནམ་ཡང་མ་བྱེད་ཅིག་སངས་རྒྱས་ཆོས་དང་ཡིད་ལྡན་པའི། །བཀའ་བསྒོ་བཅག་པར་མི་འགྱུར་རོ། །སྔགས་པ་ཡི་ནི་བཀའ་བསྒོ་བ། །ནམ་ཡང་བཅག་པ་མ་ ཡིན་ཏེ༑ ༑གལ་ཏེ་གསོ་བ་དོན་གཉེར་ན། །དམ་ཚིག་འདི་རྟག་འབྲས་བུ་སྟེར། །གལ་ཏེ་ཁྱོད་ནི་བཀའ་གཅོག་ན། །སྔགས་པས་ཀྱང་ནི་ཧཱུཾ་བརྗོད་ན། །རྟག་ཏུ་ཐལ་བར་རློག་པར་འགྱུར། ། འདི་ནི་དཔལ་ལྡན་རྡོ་རྗེ་འཆང། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་།རྡོ་རྗེས་མགོ་བོ་ཨརྫ་ཀའི། །དོག་པ་བཞིན་དུ་འགེམས་པར་བྱེད་།དེ་དག་ཐམས་ཅད་མོས་ནས་སུ། །འཇིགས་པར་གྱུར་ པས་ཚིག་སྨྲས་པ། །སྔགས་པས་ཇི་ལྟར་བཀའ་སྩལ་པའི། །བཀའ་བསྒོ་བཅག་པར་མི་བགྱིད་དོ། །ཉིད་ལ་བཀུར་སྟི་ཇི་བཞིན་བགྱིད་།སྲུང་བར་ཡང་ནི་ཤིན་ཏུ་བགྱིད། །རྟག་ཏུ་རྗེས་ སུ་འབྲེལ་བར་ནི། །གྱུར་པར་སྔགས་པ་ལ་བགྱིད་དོ། །བདེ་བར་གཤེགས་པས་གསུངས་པའི་གནས། །དམ་པའི་ཆོས་ནི་སྲུང་བར་བགྱིད། །བསྟན་པ་ཡང་ནི་སྲུང་བ་ནི། །ཇི་སྲིད་ [401A]༄༅། །གནས་ཀྱི་བར་དུ་བགྱིད། །དེ་ལྟར་བདེ་གཤེགས་ཀྱིས་བསྒོས་ཏེ། །དམ་ཚིག་ལ་ནི་ངེས་པར་སྦྱར། །བདག་ཉིད་ཆེན་པོ་རྡོ་རྗེ་ཅན། །བདེ་བར་གཤེགས་པ་ ཚིམ་པར་མཛོད། །གལ་ཏེ་བགེགས་ཀྱིས་བསྟན་པ་ལ། །གནོད་པ་རུ་ནི་བྱེད་གྱུར་དང། །གལ་ཏེ་སེམས་ཅན་རྣམས་ལ་ཡང། །འགའ་ཞིག་གནོད་པར་བྱེད་པ་ཡི། །བདེ་གཤེགས་ ཐུ་བོའི་སྲས་གཅིག་པོ། །རྡོ་རྗེ་ཁྱོད་ནི་བདག་ཉིད་ཆེ། །ང་ཡི་བཀའ་ཡིས་རྟག་ཏུ་ནི། །ཁྱོད་ཀྱི་མགོ་བོ་རྡོ་རྗེས་འགེམས། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང། །མགུ་བར་གྱུར་པའི་ཐུགས་ ཀྱིས་སུ༑ ༑སྐུ་ནི་སྟན་ལས་བཞེངས་མཛད་དེ། །བདེ་བར་གཤེགས་གསུངས་བཀའ་བསྒོ་བ། །ཐལ་མོ་སྦྱར་ཏེ་པུས་མོ་བཙུགས། །བཀའ་སྩལ་སྤྱི་བོར་འཇོག་པར་བགྱི། །མགོན་པོ་ ཁྱོད་ཀྱི་ཆོས་ཀྱི་སྲས། །བུ་ནི་བདག་ལ་བཀའ་བསྒོ་སྩོལ། །དུས་གསུམ་པར་གནས་བཀའ་བསྒོ་བ། །བདག་ནི་དེ་བཞིན་སྐྱོང་བར་བགྱིད་།དེ་ནས་རྡོ་རྗེ་རྒྱལ་ཆེན་བདག་ཀུན་མཁྱེན་ དཀྱིལ་འཁོར་སྤྱན་སྔ་རུ། །རྔ་སྒྲ་ཟབ་མོ་ཡི་ནི་དབྱངས་།སྙན་པའི་གསུང་ནི་བཀའ་སྩལ་པ། །གང་ཡང་རྫུ་འཕྲུལ་ཆེན་ཀུན་དང། །གཞན་ཡང་བགེགས་དང་སྲིན་པོ་ཉོན། །སྔགས་ པ་བདག་ཉིད་ཆེན་པོ་ཡི། །བཀའ་ནི་བཅག་པར་མི་བྱའོ། །གལ་ཏེ་བཀའ་ནི་གཅོག་བྱེད་ཅིང། །གལ་ཏེ་སེམས་ཅན་གནོད་པ་དང། །ས་སྟེང་གི་ནི་དཀྱིལ་འཁོར་དུ། །གལ་ཏེ་ [401B] །བདག་གིས་རྡོ་རྗེ་འབར་བ་ཡིས། །སྲས་དང་དཔུང་དུ་བཅས་པ་ནི། །གང་ཡང་ལྷ་དང་ལྷ་མིན་གྱི། །ལྷ་ཡི་བཞོན་པའམ་ཡང་ན་གནས། །བདེ་གཤེགས་བཀའ་ བསྒོ་ཡང་གནས་པས། །ཐམས་ཅད་ཐལ་བར་རློག་པར་བྱེད། །བདག་ཉིད་ཆེན་པོ་རྡོར་འབྱུང་བ། །དེ་ནས་དེ་རུ་ཚིག་སྨྲས་པ། །དཔའ་བོ་ཁྱོད་ཀྱིས་ཅི་བསྒོ་བ། །བདག་ཅག་བཀའ་བསྒོ་ དབང་དུ་བགྱིད། །དེ་ནས་རྐང་པ་གཡོན་བརྐྱངས་ནས། །ལག་པ་ཕན་ཚུན་བཅིངས་ནས་ནི། །བགེགས་ཡོད་པ་ཡི་གནས་སུ་བསྣན། །དེ་ཉིད་ཀྱི་ནི་གཡས་ཀྱི་ནི། །འཁོར་ལོའི་ཕྱག་རྒྱས་ བསྣུན་གྱུར་ན། །ཐལ་བའི་རྡུལ་དུ་རློག་པར་འགྱུར། །གལ་ཏེ་བགེགས་ནི་བྱེད་གྱུར་ན། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས། །གལ་ཏེ་ཚངས་སོགས་གྱུར་པ་དང། །ལྷ་ཡང་དེ་ནི་བརླག་ པར་འགྱུར། །ལག་པ་གཡོན་པ་གནས་སུ་གཞག་གཡས་པ་མགོ་བོར་བཞག་ནས་ནི། །འབྱུང་པོར་གྱུར་པའི་བགེགས་ལ་བསྣུན། །སླར་ཡང་གཡོན་པ་བསྣུན་ནས་ནི། །བསྐལ་པའི་ མེ་ལྕེ་ལྟར་བྱུང་སྟེ། །རྡོ་རྗེའི་ཐལ་མོས་བསྣུན་པར་བྱ། །ས་གཞི་ཕྱེ་མ་ལྟར་འགྱུར་ན། །གདུག་པའི་སེམས་ཅན་ལྟ་ཅི་སྨོས་།ཁྲོ་བོའི་སོ་ཡིས་མ་མཆུ་མནན། །མིག་ནི་ཁྲོ་གཉེར་དང་ལྡན་ པའོ། །རྡོ་རྗེ་ཐལ་མོ་ལེགས་སྦྱར་བས། །སྲིད་གསུམ་ཐམས་ཅད་འཇོམས་པར་བྱེད། །ལུས་ཀྱི་གཡོན་པ་བརྐྱངས་གྱུར་པས། །རྡོ་རྗེ་ཡི་ནི་ཕྱག་རྒྱས་བསྣུན། །སྲིད་གསུམ་ཐལ་བར་རློག་ [402A]༄༅། །འགྱུར་ན། །གདུག་པའི་སེམས་ཅན་སྨོས་ཅི་དགོས། །རྐང་པ་མཉམ་པར་གནས་ནས་ནི། །མཛུབ་མོ་གཡོན་པ་དཔྲལ་བར་སྦྱར། །གཡས་པ་སྟེང་དུ་བཏེག་ པ་ཡིས༑ ༑མཛུབ་མོ་རྩེ་མོ་རབ་ཏུ་འབར། །བགེགས་ཡོད་པ་ཡི་གནས་སུ་བསྣུན། །ཞལ་ནི་ཡི་གེ་ཧཱུཾ་གིས་བརྒྱན། །རྩ་བའི་ཕྱག་རྒྱ་ཡིས་བསྣུན་པས། །ལུས་ནི་བསྐལ་པའི་མེ་ལྟར་ བལྟ༑ ༑གལ་ཏེ་རྡོ་རྗེའི་ལུས་གྱུར་ཀྱང། །དེ་ནི་བརླག་པར་འགྱུར་བ་ཡིན། །རྐང་པ་མི་མཉམ་གྱ་ཚོམ་གཞག་ལག་པ་སྟེང་དུ་དབྱུག་པ་བསྒྲེང། །གཡས་ཀྱིས་ཡོངས་སུ་བསྐོར་ ནས་ནི༑ ༑བགེགས་ཀྱི་གཟུགས་ལ་སྣུན་པར་བྱེད། །དབྱུག་པའི་ཕྱག་རྒྱས་བསྣུན་པ་ཡིས། །འབར་བ་ལྟ་བུར་ལུས་ལས་བྱུང། །ཐེ་ཚོམ་མེད་པར་ཐལ་བར་རློག་གདོན་མི་ཟ་བར་ འཆི་བར་འགྱུར། །གཡོན་བརྐྱང་བ་ཡི་རྐང་པ་གནས། །ལག་པ་གཡས་པ་མགོ་བོར་བཏེག་གཡོན་པའི་རྐང་པ་བཏེག་ནས་ནི། །མི་སྡུག་ཞལ་ནས་ཧཱུཾ་བརྗོད་པས། །རི་རྒྱལ་ལྷུན་ པོའང་འགས་པར་བྱེད། །རྒྱ་མཚོ་ཡང་ནི་སྐམ་པར་འགྱུར། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །འདི་ནི་བརྟུལ་ཞུགས་ལེགས་པར་གནས་།གང་ཡང་རི་སོགས་བཤད་པ་དང། ། བགེགས་དང་ཤིན་ཏུ་མི་བཟད་རྣམས། །དེ་རྣམས་འཇོམས་པར་བྱ་བའི་ཕྱིར། །ཕྱག་རྒྱ་འདི་ནི་རབ་ཏུ་སྦྱར། །རས་བལ་འདའ་བ་རླུང་ཁྱེར་བཞིན། །དེ་དག་ཐམས་ཅད་ཐལ་བར་རློག་ [402B] །ཐོ་བ་མགོ་བོར་བཏེག་པར་བྱ་།གཡོན་པ་སྙིང་གར་ཡང་དག་གཞག་སླར་ཡང་གཡས་པས་བཏེག་བྱས་ནས། །མཁས་པས་འཁོར་ལོར་བསྒྱུར་བ་ཡིས། ། མཉམ་པར་སྦྱར་བས་བསྣུན་བྱས་ན། །བགེགས་ཀུན་བརླག་པ་ཉིད་དུ་ནི། །མདོར་བསྡུས་ནས་ནི་བརྗོད་པར་བྱ། །ཕྱག་རྒྱ་མཚན་མ་གཞན་གྱིས་ནི། །གང་གིས་བཟློག་པར་མི་ནུས་པ། ། གསུངས་པའི་ཕྱག་རྒྱ་འདི་ཡིས་ནི། །འདིར་ནི་འཇོམས་པར་ཐེ་ཚོམ་མེད། །ས་ལ་རྐང་པ་བཞག་ནས་ནི། །རྡོ་རྗེའི་ཕྱག་རྒྱ་ལེགས་པར་སྦྱར། །རྡོ་རྗེའི་མེ་ནི་འབར་བ་ལྟར། །བལྟས་ན་དེ་རུ་ བདག་མེད་ཀྱང། །ཁྲོས་པས་ཡ་སོས་མ་མཆུ་མནན། །གདུག་པའི་སེམས་ཅན་རྣམས་ལ་བསྣུན། །རྡོ་རྗེའི་ཕྱག་རྒྱ་བསྣུན་པ་ཡིས། །ཤིན་ཏུ་མི་བཟད་སྲེག་པར་འགྱུར། །ཤིན་ཏུ་མི་བཟད་ བསྡུས་ནས་ནི། །བཀའ་བསྒོའི་ལམ་ནི་གནོད་པར་བྱེད། །སྔགས་པ་ཡིད་ལ་ཅི་འདོད་པ། །དེ་ཚེ་དེ་ལ་སྦྱིན་པར་བྱེད། །གཞན་དུ་འགལ་ཚབས་ཅན་འགྱུར་ཏེ། །སྔགས་པའི་ལུས་ནི་ བརླག་པར་འགྱུར། །བསྐལ་པའི་མེ་དང་མཚུངས་གྱུར་པས། །ཧཱ་ཧཱ་ཞེས་སྒྲོས་རྣམ་བརྒྱན་པ། །བློ་ལྡན་ཞགས་པའི་ཕྱག་རྒྱ་ཡིས་།ཀུན་ནས་འགུག་པར་འགྱུད་པ་ཡིན། །གལ་ཏེ་རྡོ་རྗེ་ འཛིན་རང་ཡང། །རལ་གྲིའི་ཕྱག་རྒྱ་བསྣམས་ནས་ནི། །སྔགས་པ་ཧཱུཾ་གི་བསྒྲོགས་པས་ཀྱང། །དེ་ནི་བསྐམས་ནས་བརླག་པར་ནི། །ཐེ་ཚོམ་མེད་པར་འགྱུར་བ་རུ། །རྒྱལ་བ་མཆོག་གིས་ [403A]༄༅། །རྟག་ཏུ་གསུངས། །རྐང་པ་མཉམ་པོར་བཞག་ནས་གནས་།མཆན་ཁུང་དག་ཏུ་ལག་པ་གཞུག་སླར་ཡང་ལག་པ་དགབ་པར་བྱ་།སོ་ཡིས་མཆུ་མནན་དེ་ བཞིན་ནོ། །སླར་ཡང་གཡོན་བརྐྱང་བ་ཡིས་གནས། །ལག་པ་གཡས་པ་ཕྱར་ནས་ནི། །གཡོན་པ་སྙིང་གར་རྣམ་པར་དགོད། །བསྐལ་པའི་མེ་ནི་ལྟ་བུར་བྱུང། །བགེགས་ཀྱི་གནས་སུ་ བསྣུན་ནས་ནི། །དེ་མ་ཐག་ཏུ་ཐལ་བར་རློག་རྐང་པ་འཁྱོག་པོར་བྱས་ནས་ནི། །ལག་པ་གཡས་དང་གཡོན་པ་ཉིད། །བརླ་ལ་བཟུང་ནས་བསྟོད་པར་བྱ། །ཁྲོ་བས་ཡ་སོས་མ་མཆུ་ མནན༑ ༑འོག་ཏུ་ལྟ་སྟེང་དབབ་པར་བྱ། །བགེགས་རྣམས་ཐམས་ཅད་བསྡུས་ནས་ནི། །བློ་དང་ལྡན་པས་མཆན་ཁུང་གཞུག་ཐམས་ཅད་གདུང་བ་ཉིད་དུ་འགྱུར། །གང་ཡང་ཀླུ་དང་ སྲིན་པོ་དང། །འཇིགས་པ་ཆེན་པོའི་བགེགས་དང་ནི། །གང་ཡང་སྐྱེ་བོ་རྣམ་འཚེ་བ། །ཕྱག་རྒྱ་འདི་ནི་སྦྱར་བ་ཡིས། །དེ་དག་ཐམས་ཅད་བརླག་པར་འགྱུར། །ལག་པ་རྒྱབ་ཏུ་བཏང་ནས་ ནི༑ ༑གཡས་ཀྱིས་རྣམ་པར་བསྒྱུར་བར་བྱ། །ཡང་ན་མི་མཐུན་གྱ་ཚོམ་གནས། །རྡོ་རྗེ་ཐོ་བ་བརྡེག་པར་བྱ། །བགེགས་ཀྱི་གནས་སུ་ཉེར་སོང་སྟེ། །ཁྲོ་བོའི་ལྟ་སྟངས་དབབ་པར་བྱ། ། གལ་ཏེ་ས་སྟེང་རྡོ་རྗེ་འཛིན། །བགེགས་ཀྱི་གཟུགས་ལ་བསྣུན་ནས་ནི་།དེ་ནི་བརླག་པར་གྱུར་ནས་ནི། །འདི་ནི་ཐེ་ཚོམ་མེད་པར་མཆི་།གཡོན་བརྐྱང་བ་ཡི་རྐང་པ་ཡིས། །སྔགས་པ་ [403B] །ཞགས་པའི་ཕྱག་རྒྱ་གོ་ཆ་བཟང། །མེ་ཡི་འོད་དང་མཚུངས་པར་འབར། །ས་བཅུའི་གནས་ཀྱི་དབང་ཕྱུག་གིས། །བགེགས་རྣམས་ཐམས་ཅད་འགུགས་ པར་བྱེད། །ཀུན་ནས་འགུགས་པར་བྱས་ནས་ནི། །རལ་གྲི་ཕྱག་རྒྱས་གཅོད་པར་བྱེད། །ཐམས་ཅད་འགུགས་པར་གྱུར་པ་ན། །ཤིན་ཏུ་མི་བཟད་ཆོ་དེ་འདེབས། །དེ་རིང་བདག་ཅག་ རྣམས་ཀྱིས་དྲན། །མ་ལ་བུ་དང་བུ་མོ་རྣམས། །ཡང་ནི་སྡུག་བསྔལ་ཁྱེད་འདི་གཟིགས། །འདི་ནི་འཆི་བ་ཉིད་དུ་འགྱུར། །གལ་ཏེ་གསོན་པར་འདོད་ན་ནི། །བགེགས་ནི་རབ་ཏུ་མ་བྱེད་ ཅིག་སྔགས་པ་བདག་ཉིད་ཆེན་པོ་ཡི། །བཀའ་བསྒོ་བཅག་པར་མི་བྱའོ། །བགེགས་ཀྱི་ལག་ཏུ་གསོན་པར་བཞག་སླར་ཡང་གཡས་ཀྱིས་སོང་བ་ཡིས། །རྐང་པས་མྱུར་དུ་མནན་ པར་བྱ༑ ༑བདག་ཉིད་རི་རབ་ཏུ་གྱུར་པར། །བསམས་ནས་བདག་ཉིད་ཆེན་པོ་འདི། །ཁམས་གསུམ་དག་ནི་མ་ལུས་པར། །ཐམས་ཅད་མནན་པ་ཉིད་དུ་འགྱུར། །གང་ཡང་བགེགས་ དང་ལོག་འདྲེན་གཞན། །སྔགས་པས་ཧཱུཾ་སྒྲ་སྒྲོག་པ་ལས། །དེར་ནི་སླར་ཡང་གླགས་མི་ཚོལ། །གནས་པ་ཡང་དག་བཤད་པ་འདི། །གསང་སྔགས་ཀུན་གྱི་གསང་བ་ཡིན། །གལ་ཏེ་ སྔགས་ཀྱི་འབྲས་འདོད་ན། །འདི་ནི་གང་ལའང་མི་བཤད་དོ། །རང་གི་བདག་ཉིད་ལྷ་ཡི་སྐུ། །དེ་ནི་ཕྱག་རྒྱ་དཀྱིལ་འཁོར་ལྡན་།རང་གི་མཚན་མ་ས་བོན་དང། །རང་བཞིན་ཕྱི་རུ་བཅོས་ [404A]༄༅། །པ་ནི༑ ༑རྟག་པར་རྒྱུན་དུ་བསྣུན་པར་བྱ། །གཞན་དུ་ན་ནི་འབྲས་བུ་མེད། །མདོར་བསྡུས་ནས་ནི་འདི་རུ་བུ། །བདག་གིས་གསང་བ་གསུངས་པ་ཡིན། །ཕྱག་ རྒྱ་མཚན་མ་ཆོ་ག་ནི། །འདི་ནི་ཀུན་ཏུ་མ་འཆད་ཅིག་གང་ཡང་སྡིག་ཅན་སེམས་ཅན་གང། །བླ་མ་ལ་སྨོད་འཇིགས་སུ་རུང། །ཕ་དང་མ་ནི་མི་ཤེས་ཤིང། །གང་ཡང་དཀོན་ མཆོག་གསུམ་ལ་སྨོད། །འཇིགས་པའི་གཟུགས་ཅན་དད་པ་མེད། །གང་ཡང་མཚམས་མེད་ལྔ་བྱེད་པ། །སེམས་དཔའ་མེད་ཅིང་སྙོམ་པ་དང། །སྤྲོ་བ་མེད་ཅིང་སྙོམ་ལས་ ལྡན༑ ༑སེར་སྣའི་དྲི་མའི་འདམ་འདིར་བྱིང། །གང་ཡང་རྟག་ཏུ་གནས་པ་ནི། །སངས་རྒྱས་ཀྱིས་གསུངས་གསང་བ་ནི། །དེ་རྣམས་ལ་ནི་བཤད་མི་བྱ། །གང་ཡང་གདུག་པའི་ སེམས་ཅན་གཞན། །རྟག་ཏུ་སྡིག་པའི་ལས་ཅན་དེ། །ཁྲོ་བའི་རྒྱལ་པོ་མི་བཟླ་ཞིང། །དཀྱིལ་འཁོར་ཡང་ནི་བསྟན་མི་བྱ། །གསང་སྔགས་མི་ཤེས་ཕྱག་རྒྱ་མེད། །གང་ཡང་བླ་ མ་སུན་འབྱིན་པ། །དེ་རྣམས་འགའ་ཡང་རྒྱལ་བ་ཡིས། །གསུངས་པའི་ནུས་པ་ཀུན་མི་བཤད། །གསང་བ་ཅུང་ཟད་གང་ཡོད་པ། །ཁྲོ་བོའི་མིང་ཅན་སྙིང་པོ་འདི། །སེམས་ཅན་ རྣམས་ལ་ཕན་འདོད་པས། །དེ་ནི་མ་ལུས་བདག་གིས་བཤད། །གསང་བ་འདི་ལ་བརྟེན་ནས་ནི། །གང་ཡང་འདས་པའི་སངས་རྒྱས་དང། །འགྲོ་ལ་ཕན་ཕྱིར་འབྱུང་འགྱུར་ [404B] ༑གང་ཡང་མགོན་པོ་མ་བྱོན་པ། །འགྲོ་ལ་ཕན་པའི་ཚུལ་གྱིས་ནི། །མགོན་པོ་ད་ལྟར་བཞུགས་པ་གང། །དེ་ཀུན་མགོན་པོ་བསམ་དུ་མེད། །ཡེ་ཤེས་རྟུལ་ཕོད་མཚུངས་པ་ མེད༑ ༑རྣམ་པར་སྤྱད་ན་བསམ་དུ་མེད། །རྙོག་པ་མེད་པའི་དམ་ཆོས་ནི། །ཞིང་དུ་བཤད་པར་གྱུར་པ་ཡང། །ཐམས་ཅད་དུ་ནི་བདུད་ལས་རྒྱལ། །གཟོད་ནས་ཞི་ལ་གནས་མེད་པ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །སྦས་གསང་མཉམ་པའི་ཡེ་ཤེས་ནས། །བདག་གིས་གང་ཡང་མ་བསྟན་པ། །ས་སྟེང་དཀྱིལ་འཁོར་གསང་བ་སྟེ། །མ་ལུས་པར་ནི་བདག་ གིས་གསུངས། །མགོན་པོ་གྲངས་མེད་འདས་པ་དང། །གང་ཡང་འབྱུང་བར་འགྱུར་བ་གཞན། །འགྲོ་ལ་ཕན་ཕྱིར་འདིར་བཞུགས་པའི། །གང་ཡང་ད་ལྟར་བྱུང་བ་ནི། །ཀུན་ཏུ་གསང་ བའི་ཡེ་ཤེས་གང། །བསམ་གྱིས་མི་ཁྱབ་འབྲས་སྩོལ་བ། །གསང་བའི་ཡེ་ཤེས་ཕ་རོལ་གནོན། །དེ་དག་མ་ལུས་བདག་གིས་གསུངས། །གང་ཞིག་རྒྱུད་ཀུན་ཏུ་གསུངས་པ། །གསང་ བ་མཆོག་གི་རྨད་དུ་བྱུང། །དེ་དག་མ་ལུས་པ་རུ་གསུངས། །བསམ་མི་ཁྱབ་པའི་འབྲས་སྩོལ་བ། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །བདེ་བ་ཐམས་ཅད་ཡང་དག་གཏད། ། འཇིགས་པ་ཐམས་ཅད་རྣམ་བྲལ་བར། །ལུས་ཅན་ཐམས་ཅད་འབྱུང་བར་འགྱུར། །འདི་ནི་མྱུར་དུ་དངོས་གྲུབ་བྱེད། །བསམ་གྱིས་མི་ཁྱབ་འབྲས་བུ་སྩོལ། །སེམས་ཅན་ཐམས་ [405A]༄༅། །ཅད་སྲུང་བ་ཡིས། །གསང་བ་ཕ་རོལ་གནོན་པ་གསུངས། །དེ་བས་རྣམ་པ་ཐམས་ཅད་དུ། །གསང་བའི་གསང་བ་ཡང་དག་བྱུང་།རྟག་ཏུ་བག་ཡོད་པར་ གྱུར་པས། །བསྲུང་བའི་དོན་དུ་རྒྱལ་བས་གསུངས། །སྔགས་པ་བདག་ཉིད་ཆེན་པོ་ཡིས། །མཆོག་ཏུ་ཡིད་འོང་ཡང་དག་བཤད། །གསང་བའི་ཡེ་ཤེས་རྟུལ་ཕོད་པ། །སྔགས་པ་ མ་བསྒྲུབས་པ་ཡང་འགྲུབ། །གསང་བའི་ཡེ་ཤེས་ཕ་རོལ་གནོན། །གང་ལའང་བཤད་པར་མི་བྱ་སྟེ། །རྫོགས་སངས་རྐང་གཉིས་མཆོག་གིས་ནི། །མགོན་པོས་བསམ་གྱིས་མི་ ཁྱབ་གསུངས། །རྒྱལ་པོ་མེད་ཅིང་གདུག་པའང་མེད། །བགེགས་དང་ལོག་པར་འདྲེན་པ་མེད། །སྲིན་པོ་གནོད་སྦྱིན་དབང་པོ་མེད། །གདུག་པའི་གཟའ་དང་མ་མོ་མེད། །དུས་མིན་ འཆི་དང་འཇིགས་པ་མེད། །ནད་ཀྱིས་ཀུན་ཏུ་འཁྲུགས་པ་མེད། །མཁའ་འགྲོ་མ་དང་ཤ་ཟའང་མེད། །སེངྒེ་སྟག་སོགས་འཇིགས་པའང་མེད་།ཆུ་ཡིས་འཇིགས་པ་ཆེན་པོའང་ མེད༑ ༑རིམས་སོགས་འཇིགས་རུང་པ་ཡང་མེད། །གནོན་པོ་ལ་སོགས་ཀུན་ཀྱང་མེད། །དེ་བཞིན་ཐོག་གི་འཇིགས་པ་མེད། །མི་རྒོད་ཆོམ་རྐུན་ལ་སོགས་མེད། །གཞན་ཡང་ དེ་བཞིན་ཡམས་མེད་ཅིང། །དེ་རུ་མུ་གེའི་འཇིགས་པ་མེད། །བདུད་ཀྱི་འཇིགས་པའང་དེ་བཞིན་མེད། །ཡུལ་འཁོར་གཞན་གྱིས་འཇིགས་པ་མེད་།དེ་ལ་འགོ་ནད་འཇིགས་ [405B] ༑ལྷོག་པ་མཚན་པར་རྡོལ་བ་མེད། །ནད་ལ་སོགས་པ་ཐམས་ཅད་མེད། །གཞན་ཡང་འཇིགས་པར་བྱེད་པ་མེད། །ས་གཞི་ཐམས་ཅད་ཡོད་པ་ཡི། །ས་གཞི་སྟེང་འདིར་གནས་ པ་ཡི༑ ༑འདི་ནི་གང་གི་ལག་ན་གནས། །གང་གི་སྙིང་གར་གནས་པ་དེ། །འཇིགས་པ་ཐམས་ཅད་རྣམ་བྲལ་བས། །མི་ཡི་སྐྱེས་བུ་ཐོབ་པར་འགྱུར། །བདག་གི་དཀའ་བས་རབ་བརྩལ་ ཏེ༑ ༑དེ་བཞིན་སྲོག་ལ་ལྟོས་མེད་པར། །མགོན་པོ་གྲངས་མེད་རབ་མཉེས་པས། །གོ་འཕང་མཆོག་འདི་ཐོབ་པར་འགྱུར། །ཡེ་ཤེས་ཤིན་ཏུ་རྙེད་དཀའ་བའི། །ཡང་དག་འདི་ནི་ བདག་གིས་འཐོབ། །སེམས་ཅན་དོན་དུ་བསམ་མེད་པར། །གྲངས་མེད་བཞིན་དུ་རྣམ་པར་གནས། །ད་ལྟར་བདག་གིས་སངས་རྒྱས་ཉིད། །བྱང་ཆུབ་སྙིང་པོར་ཡང་དག་བཞུགས། ། ཕྱག་རྒྱ་འདི་ནི་བསྟན་པ་ཡིས། །ཡང་དག་པ་ནི་བདུད་ལས་རྒྱལ་།སྲིད་གསུམ་འདི་ནི་འཇིགས་པ་འཁྲིགས། །སེམས་ཅན་སྡུག་བསྔལ་ཡང་དག་ཁེངས། །འཇིག་རྟེན་གསུམ་ན་ འབད་པ་ཡིས། །བདག་གིས་མ་ལུས་པར་བསྒྲལ་ཏོ། །མ་ལུས་སངས་རྒྱས་ཆེ་བའི་བདག་སེམས་ཅན་དོན་དུ་བསྟན་པ་ཡིས། །དེ་དག་ཐམས་ཅད་བདག་གིས་ནི། །ཕྱག་རྒྱ་འདི་ཡི་ མཐུ་ཡིས་བྱས། །མཚུངས་མེད་ཡེ་ཤེས་ས་ཐོབ་ཅིང། །ས་སྟེང་ཀུན་མཁྱེན་ས་ཐོབ་ལས། །དེ་བས་བདག་ནི་ཀུན་མཁྱེན་བརྗོད། །ནམ་མཁའི་གོ་འཕང་བགྲོད་ནས་བཞུགས། །སྣ་ [406A]༄༅། །ཚོགས་འཇིག་རྟེན་འགྲོ་ཤེས་ནས། །དམྱལ་བ་ལ་སོགས་འཇིགས་རུང་བའི། །སྡུག་བསྔལ་གྱིས་གདུངས་མཐོང་ནས་ནི། །ཐུགས་རྗེར་ལྡན་པའི་ཐུགས་ ཀྱིས་སུ༑ ༑གསང་སྔགས་ཚུལ་གྱིས་འབྲས་བྱུང་བ། །བསམ་མི་ཁྱབ་པའི་དམ་ཆོས་བཤད། །ཇི་བཞིན་གསུངས་པའི་འཇིག་རྟེན་གསུམ། །ཡང་དག་ཡེ་ཤེས་རྣམ་པར་བསྒྱིངས། ། གསང་སྔགས་ཆོ་ག་རྒྱས་པ་ནི། །དེ་ནི་འདི་རུ་བདག་གིས་གསུངས་།དེ་བས་རྣམ་པ་ཐམས་ཅད་ཀྱིས། །བདག་གིས་དམ་ཆོས་བཤད་པ་འདི་།རྟག་ཏུ་བག་ཡོད་པར་གྱུར་པས། །ཆོ་ ག་རྒྱས་པར་བཤད་པར་བྱ། །གསང་བའི་ཕྱག་རྒྱ་རབ་གསུངས་པ་།དམ་ཚིག་མི་ཤེས་ལ་མི་བཤད། །སངས་རྒྱས་ཐམས་ཅད་བསླུས་གྱུར་ཅིང། །གསང་སྔགས་འབྲས་བུ་ མི་འབྱུང་ངོ། །དེ་རྣམས་ངན་འགྲོར་ལྟུང་བ་དང། །འབྲས་བུ་གཞན་དུ་འབྱུང་བ་མེད། །གལ་ཏེ་སེམས་ཅན་ཐམས་ཅད་ནི། །དམ་ཚིག་ཉམས་པར་གྱུར་ན་ནི། །འབད་པས་བླ་མ་ མཉེས་བྱས་ནས། །ས་སྟེང་དམ་ཚིག་གཟུང་བར་བྱ། །གསང་བ་ས་སྟེང་བཤད་པ་ཡི། །ཕྱག་རྒྱ་དེ་ནས་བཅིང་བར་བྱ། །དེ་ལྟར་བྱས་པའི་ཆོ་ག་ཤེས། །སྔགས་དང་ཕྱག་རྒྱ་ཤིན་ཏུ་ སྦྱར༑ ༑བསམ་མི་ཁྱབ་པའི་སྐུ་ཐོབ་སྟེ། །གཞན་དུ་ན་ནི་འབྲས་མེད་འགྱུར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །རྡོར་བྱུང་བདག་ཉིད་ཆེན་པོ་ལ། ། [406B] །གསང་སྔགས་སེམས་ཅན་དོན་སྒྲུབ་པ། །བཤད་པར་བྱ་ཡི་ཚུར་ལ་ཉོན། །བསམ་གྱིས་མི་ཁྱབ་འབྲས་བུ་མང། །ཡང་ནི་བདེ་བར་གཤེགས་པས་ གསུངས། །བསམ་གྱིས་མི་ཁྱབ་ལས་སྣ་ཚོགས། །བསམ་གྱིས་མི་ཁྱབ་འབྲས་བུ་གནོན། །གསང་སྔགས་འཆང་བ་འདི་དག་ལྡན། །དེ་ཕྱིར་འདི་ཡང་བསམ་མི་ཁྱབ། །གང་གིས་རྫོགས་ སངས་རྒྱས་བསྲུངས་པ། །རྫུ་འཕྲུལ་ཆེན་པོ་རྒྱལ་གྱུར་པ་།སྲུང་བའམ་འགའ་ཞིག་འཇིག་རྟེན་ནི། །ཐམས་ཅད་ཆགས་པས་གཟིར་གྱུར་པ། །དེ་ནི་བཤད་པར་བྱ་ཡི་བུ། །ཕན་ པར་གྱུར་པའི་ཡིད་ཀྱིས་ཉོན། །མཐོང་བའི་ཆོས་ལ་འབྲས་བུ་ནི་།གཞན་དུ་འབྲས་བུ་མེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེའི་ཚེ་སེམས་ཅན་ཐམས་ཅད་བསམ་ པ་ཡོངས་སུ་རྫོགས་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ངན་ འགྲོ་ཐམས་ཅད་རྣམ་པར་གྲོལ་བར་བྱེད་པ། ཚེ་དང་ནད་མེད་པ་ལ་སོགས་པ་དང། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། མཆོག་ཏུ་སངས་རྒྱས་པ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྙིང་པོ་གསང་སྔགས་ཀྱི་རྒྱལ་པོ་འདི་བཀའ་སྩལ་པ། ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨ་ཙ་ལ་ཀཱ་ཎ། ནཊྚ་ནཊྚ། མོཊྚ་མོཊྚ། མཊྚ་མཊྚ། ཏཊྚ་ [407A]༄༅། །ཏཊྚ། ཏིཥྛ་ཏིཥྛ། ཨཱ་བེ་ཤཱ་ཨཱ་བེ་ཤཱ་ཨཱམཏྟ་མ་ལ་ཀཱ། དྷ་ཎ་དྷ་ཎཿ། ཏྲྀ་ཎི་ཏྲྀ་ཎི། ཁཱ་ད་ཁཱ་ད། བིགྷྣཾ་མཱ་ར་ཡ་མཱ་ར་ཡ། དུཥྚཱཾ། རཀྵ་རཀྵ་སཏཱཾ། ཀུ་རུ་ཀུ་རུ་ ཀི་རི་ཀི་རི། མ་ཧཱ་བི་ཛ་ཡ་བཛྲ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཏྲི་བ་ལི་ཏ་རཾ་ག་ནརྟ་ཀ། ཧཾ་ཧཾ་ཧཾ། ཨ་ཙ་ལ་ཙེ་ཊ་ཕཊ་ཕཊ་ཡཿ། ཨཱཧཱུཾ་ཨ་ས་མཾ། ཏྲི་ཀ་ཏྲཱ་ཊ། མ་ཧཱ་བ་ལ་ཤཱ་ཏ་ཡ་ས་མཱ་ན་ཡ། ཏྲཱཾ་མཱཾ་ ཧཱཾ༑ ཤུདྡྷྱ་ཏུ་ལོ་ཀཿ། ཏུཥྱ་ཏུ་བཛྲི་ན་མོ་སྟྭ་པྲ་ཏི་ཧ་ཏ་བ་ལེ་བྷྱ། ཛཱ་ལ་ཛཱ་ལ། ཏྲཱ་ཊ་ཨ་ས་ཧ་ན་མཿ་སཱཧཱ། བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསང་བ་ཆེན་པོའི་སྙིང་པོ་འདི་གསུངས་ མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཆེམ་ཆེམ། རབ་ཏུ་ཆེམ་ཆེམ་ ཀུན་ཏུ་རབ་ཏུ་ཆེམ་ཆེམ། གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་ འུར༑ རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་སྟེ། སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། ། གཞན་ཡང་ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་དུ་མཐོང་ངོ་།བགེགས་དང་ལོག་འདྲེན་ཐམས་ཅད་དང། །གང་ཡང་སྲིན་པོ་འཇིགས་པ་དང། །ཤ་ཟ་གདུག་པའི་སེམས་ཅན་ [407B] །གང་ཡང་བདུད་དང་འཇིགས་སུ་རུང། །གནོད་སྦྱིན་ཀླུ་དང་མི་འམ་ཅི། །གྲུལ་བུམ་དང་ནི་ལུས་སྲུལ་བོ། །གང་ཡང་ལྷ་མིན་ཚོགས་དང་ཡང། །གང་ཡང་གཟའ་དང་མ་མོ་རྣམས།། རས་བལ་འང་བ་མ་རླུང་ཁྱེར་བཞིན། །དེ་དག་ཐམས་ཅད་ཐལ་བར་རློག་ཟབ་མོ་ཡི་ནི་དབྱངས་ཀྱི་སྒྲ། །ཕྱོགས་ཀུན་ཏུ་ནི་གྲགས་པར་འགྱུར། །འཇིགས་པ་ཆེན་པོའི་སྐར་མདའ་ལྟུང། ། འཇིགས་སུ་རུང་བའི་གློག་ཀྱང་འཁྲུགས། །ས་གཞི་ཐམས་ཅད་འབར་བ་ལྟར། །ས་སྟེང་ཀུན་ན་མེ་ཕུང་ངོ། །ཕྱོགས་ཀུན་འཇིགས་པ་ཆེན་པོར་འགྱུར། །ས་གཞི་དཀྱིལ་འཁོར་ཀུན་ འཁྲུགས་འགྱུར། །མུན་ནག་འཇིགས་པ་ཆེན་པོ་རུ། །ས་གཞི་དཀྱིལ་འཁོར་མཐོང་བར་འགྱུར། །སངས་རྒྱས་ཉན་ཐོས་ལྷ་དང་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ལམ་གོལ་བ་ ཡི་ཡིད་ཅན་ལ། །དེ་དག་ཐམས་ཅད་ངོ་མཚར་གྱུར། །ཀུན་མཁྱེན་སྤྱན་སྔར་འདུག་ནས་ནི། །སྙན་པ་ཡི་ནི་ཚིག་འདི་གསོལ། །ཀུན་མཁྱེན་བཀོད་པ་བསྡུ་བར་མཛད། །སེམས་ཅན་སྡུག་ བསྔལ་ཀུན་ཏུ་འཁྲུགས། །ས་གཞི་སྙིང་པོར་གྱུར་པ་འདིར། །ཚུལ་འདི་བཟོད་པར་མི་ནུས་སོ། །དེ་ཀུན་ཀུན་མཁྱེན་བཞེངས་ནས་ནི། །ཏིང་ངེ་འཛིན་ནི་སྟོང་འགྱུར་བས། །སྐྱོབ་པ་བྱང་ཆུབ་ སེམས་དཔའ་ཡིས། །སྙན་པའི་ཚིག་གིས་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་མ་འཇིགས་ཤིག་གང་ཡང་འཇིགས་པས་གཟིར་བའི་ལྷ་།གཞན་ཡང་གདུག་པའི་སེམས་ཅན་ [408A]༄༅། །ནི༑ ༑འཇིག་རྟེན་པ་དང་རྒྱུ་མི་རྒྱུ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །འདི་ནི་བསམ་དུ་མེད་པར་བཤད། །དེ་ནས་སེམས་ཅན་ཐམས་ཅད་ཀྱིས། །བདེ་བ་ ཐམས་ཅད་ཡང་དག་ཐོབ། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ་།སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །བསམ་པ་ཐམས་ཅད་རྫོགས་ནས་ནི། །དེ་མ་ཐག་ཏུ་ས་སྟེང་འགྱུར། ། ཁྲོ་བོའི་རྒྱལ་པོའི་སྙིང་པོ་འདི། །རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །སྟོབས་ཆེན་འདི་ནི་མི་མཐོང་བས། །ཁྲོ་བོའི་རྒྱལ་པོ་རང་ཉིད་གནས། །གནས་མེད་པ་ལ་སྦྱར་མི་བྱ། །གསང་ སྔགས་གསང་བ་ཕ་རོལ་གནོན། །རང་ཉིད་དེ་བཞིན་གཤེགས་པ་སྟེ་།འདི་ནི་ཁྲོ་བོའི་གཟུགས་ཀྱིས་བཞུགས། །ལས་རྣམས་སྣ་ཚོགས་ཡང་དག་ལྡན། །གསང་སྔགས་འདི་ནི་ བཟླས་པས་འགྲུབ། །མཚམས་མེད་ལྔ་པོ་བྱས་པ་ཡང། །འདི་ཡིས་མྱུར་དུ་འགྲུབ་པར་འགྱུར། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་གནས་ཀྱང་ནི་མེད་པར་མཛོད། །ཁྲུས་ཀྱི་བྱ་བ་ ཐམས་ཅད་མེད། །དྲི་སོགས་ཆོ་གའི་རིམ་པ་མེད། །རས་བྲིས་མེད་ཅིང་གནས་ཡོད་མིན། །དུས་ཀྱི་ཆོ་གའི་རིམ་པ་མེད། །སྡིག་པ་ཀུན་དང་ལྡན་པས་ཀྱང། །གང་དུ་ཡང་དག་གནས་སྒྲུབ་ པ༑ ༑སླར་ཡང་བཅོམ་ལྡན་འདས་ཀྱིས་ནི། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །རྡོར་བྱུང་ཆེ་བའི་བདག་ཉིད་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །གསང་སྔགས་རྒྱལ་པོ་རྫུ་ [408B] །ཁྲོ་རྒྱལ་ཉེ་བའི་སྙིང་པོ་ནི། །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །བཤད་པར་བྱ་ཡི་བུ་ཚུར་ཉོན། །ཡིད་ལ་འདོད་པའི་ཆོ་ག་ཉིད། །བསམ་གྱིས་མི་ཁྱབ་ལས་དང་ལྡན། །གསང་ སྔགས་ཆེན་པོ་འདི་བསྒྲུབས་ན། །བསམ་གྱིས་མི་ཁྱབ་འབྲས་བུ་སྟེར་།རྫོགས་སངས་མཆོག་ཏུ་གསང་བ་ནི། །བརྟན་དང་གཡོ་བས་མི་ཤེས་པ། །བསམ་པ་ཐམས་ཅད་རྫོགས་མཛད་ ན༑ ༑རྒྱལ་བ་མཆོག་གིས་རྟག་ཏུ་གསུངས། །ན་མཿ་སརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ་ཏྲཱ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲཱ་ས་ཡ་ཧཱུཾ། ཏྲ་ཀ་ཧཱཾ་མཾ། ཕྱག་ན་རྡོ་རྗེ་ འདིར་འདི་ཡི། །ཁྲོ་བོ་ཆེན་པོའི་ཉེ་སྙིང་ངོ། །ལས་ཀུན་ནུས་པ་ཅན་འདི་ནི། །སྔགས་ཀྱི་རྒྱལ་པོ་རྫུ་འཕྲུལ་ཆེ། །ཡིད་འདོད་བསམ་གྱིས་མི་ཁྱབ་པ། །མ་བསྒྲུབས་པ་ཡི་ལས་ཀྱང་བྱེད། །རྒྱུད་རྒྱལ་ གཞན་པ་རྣམས་སུ་ནི། །ཆོ་ག་རྒྱས་པར་གསུངས་པ་གང། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །དེ་ཡང་གྲངས་མེད་བསྒྲུབ་པར་བྱ། །ཁྲོ་བོའི་མངག་གཞུག་བཀའ་ཉན་པ། །ཕོ་ཉ་ཕོ་མོ་རྫུ་འཕྲུལ་ཆེ། ། ཆོ་ག་འདི་ཡི་རིམ་པ་ཡིས། །དེ་ཡང་ཇི་ལྟར་རིགས་པས་བསྒྲུབ། །གང་ཡང་འཇིག་རྟེན་པ་ཡི་ལྷ། །གང་ཡང་ཁྱབ་འཇུག་ལ་སོགས་ཀླུ་།གཟའ་དང་རྒྱུ་སྐར་སོགས་ཐམས་ཅད། །གྲུལ་བུམ་ དང་ནི་ལུས་སྲུལ་པོ། །གནོད་སྦྱིན་ལྷ་མིན་མི་འམ་ཅི། །གནོད་སྦྱིན་མོ་དང་ཤ་ཟ་དང། །གང་ཡང་སྲིན་པོ་དང་ནི་མི། །དྲང་སྲོང་མཁའ་འགྲོ་མ་དེ་བཞིན། །མ་མོ་དང་ནི་སྲིན་མོ་ཉིད། །གང་ [409A]༄༅། །གཞན་འཇིག་རྟེན་པར་བཤད་པ། །དེ་ཡང་ཆོ་ག་འདི་ཉིད་ཀྱིས། །ཐེ་ཚོམ་མེད་པར་བསྒྲུབ་པར་བྱ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ་ སརྦཱ་ཐཱ། ཧ་ན་ཧ་ན། མཱ་རཱ་ཡ་ཛྙཱ་ན། ཁངྒ་ཧཱུཾ་ཕཊ། རལ་གྲིའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། གྲིཧྣ་གྲིཧྣ། ཀ་ཌྷ་ཀཌྷ། པཱ་ས་ན་ བནྡྷ་བནྡྷ། མ་ཧཱ་མ་ཏྱེ་དྷརྨ་ཏེ་སཱཧཱ། གཞགས་པའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ་སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། རཀྵ་རཀྵ། ཧ་ན་ཧ་ན། ཀུཊྚ་ཀུཊྚ། མཱ་ར་ ཡ་མཱ་ར་ཡ། དུཥྚ་བི་ནཱ་ཡ་ཀཾ་ཧཱུཾ་ཛོཿ། གོ་ཆའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། དྷ་ར་དྷ་ར། བཛྲ་ནཱི་ལ་ཁངྒ་པཱ་ཤ་དྷ་རཱ་ཡ་སཱཧཱ། སྤྱི་ གཙུག་གི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། བྷཉྫ་བྷཉྫ། ད་ཧ་པ་ཙ་བྷསྨི་ཀུ་རུ། ཧ་ན་ཧ་ན། བཛྲ་གནི་ན་ཧཱུཾ་ཕཊ། ཐོ་བའི་ཕྱག་ རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། ཤཱཾ་ཏ་མཱུརྟེ། ད་ཧ་ད་ཧ་སཱ་དྷ་ཡ་སཱ་དྷ་ཡ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ་ཀཱིརྟི་སཱཧཱ། མགོ་ པོའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། དཧུ་ར་དྷ་ར་ཨ་ཙིནྟྱ་བ་ལ་བི་ཀྲ་མ། ཨོཾ་བྷུརྦྷུ་བ། རཀྵ་རཀྵ་སརྦཾ་སཱཧཱ། རྡོ་རྗེའི་ཕྱག་རྒྱའི་ [409B] །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། བཛྲ་ཧྲི་ཏ། ད་མ་ད་མ་ཧཱུཾ། བཛྲ་མ་ཏྱིཾ་གི་སཱཧཱ། སྙིང་གའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་ བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། ཧཱུཾ་ད་ཧ་ད་ཧ་ཀིཾ་ཙི་རཱ་ཡ་སི། ཨཱ་ན་ཡ་ཤཱི་གྷྲིཾ་རཀྵ་རཀྵ། བནྡྷ་བནྡྷ། དུཥྚཱཾ་ད་མ་ད་མ་སཱཧཱ། ཕྱོགས་བཅིངས་པའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་ སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། ཨོཾ་དཧུ་ན་དཧུ་ན། མ་ཧཱ་པཱ་ཤཱ་ཁངྒ་དྷ་ར། སརྦ་སཱ་པ་རི་པཱུ་ར་ཀེ་བྷྱསཱཧཱ། བཀའ་རྟགས་ཀྱི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་ པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། ག་ག་ན་གཾ་དཧོད་བྷ་བེ་མ་ཧཱ་ས་མ་ཡ། པ་རི་པཱུ་ར་ཀེ་སཱཧཱ་དྲིའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་ བྷྱ། སརྦཱ་ཐཱ། བི་ཤུདྡྷི་ཛྙཱ་ནཱ་རྩི་སཾ་དྷ་བེ་ག་ག་ནཱནྟསཱཧཱ། མར་མེའི་ཕྱག་རྒྱའི་སྔགས་སོ། །ན་མཿ་སརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། ཤུདྡྷ་དྷརྨ་ཏེ་ཤུདྡྷྱ་ཤུདྡྷྱ་ གྲྀཧྣ་གྲྀཧྣ། སརྦཱ་སཱ་པ་རི་པཱུ་ར་ཀེ་སཱཧཱ། གཏོར་མའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ་སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ། བི་ཤུདྡྷ་མ་ཧཱ་ཛྙཱ་ན་སཾ་བྷ་བེ་དཱིཔྟ་དཱིཔྟ། མ་ཧཱ་ན་ ཡེ་སཱཧཱ། བདུག་པའི་ཕྱག་རྒྱའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་ཐཱ་ག་ག་ན་བི་ཀྲཱནྟ་གཱ་མི་ནྀ་མ་ཧཱ་ཤུདྡྷ་ན་ཡེ་སཱཧཱ། མེ་ཏོག་གི་ཕྱག་རྒྱའི་སྔགས་ [410A]༄༅། །སོ༑ ༑ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦཱ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཧ་ན་ཧ་ན། པ་ར་མ་བི་ཤུདྡྷེ་དྷརྨ་ན་ཡེ་པ་རི་པཱུ་ར་ཀེ་སཱཧཱ། ཞལ་ཟས་ཀྱི་ཕྱག་རྒྱའི་ སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨསཏ་ཧི་ཏོ། །དྱ་ཏ། ད་མ་ད་མ་སརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱསཱཧཱ། དཔའ་བོ་ཆེན་པོ་སྤྱན་དྲང་བའི་ སྔགས་སོ། །ན་མཿ་སརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། བི་ཤུདྡྷ་བི་ཤུདྡྷ། སཏ་སཾ་བྷ་བེ་ཨཱ་ན་ཡ་ཨཱ་ན་ཡ། མ་ཧཱ་ན་ཡེ་སཱཧཱ། བྱང་ཆུབ་སེམས་དཔའ་སྤྱན་ དྲང་བའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། བི་ཤུདྡྷ་སཏ། ཧ་ཧ་ཧ་ན་ཧ་ན། ད་མ་ད་མ། མ་ཧཱ་ན་ཡེ་སཱཧཱ། ཉན་ཐོས་སྤྱན་དྲང་བའི་སྔགས་ སོ༑ ༑ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཨོཾ་བཛྲ་ཨཱ་ཀརྵ་ཡ། ཤཱི་གྷྲཾ། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཧཱ་ན་ཡ་པ་རི་བྷ་རེ་སཱཧཱ། ཕོ་ཉ་མོ་ལ་སོགས་པ་ སྤྱན་དྲང་བའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། མ་ཐ་མ་ཐ། ཨཱ་ན་ཡ་ཨཱ་ན་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་བྷཱུ་ཏཱཾ་སརྦ་དེ་པཱཾ། ཏ་མ་ཏ་ མ༑ མ་ཧཱ་ན་ཡ་པ་རི་བཱ་རེ་ཧཱུཾ་སཱཧཱ། འཇིག་རྟེན་པ་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མཿ་སརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། སཏྱ་སཏྱ། མ་ཧཱ་སཏྱ། ད་མ་ [410B][?]མ༑ མ་ཧཱ་ད་མ། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། སཏྱ་བཱ་དི། མ་ཧཱ་ན་ཡ་བི་ཤུདྡྷེ་སཱཧཱ། དྲང་སྲོང་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ ཐཱ༑ ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། མ་ཧཱ་སཏྱ་བཱ་དི་ནི་སརྦ་ཧི་ཏེ་སཱཧཱ། སྲིང་མོ་རྣམས་སྤྱན་དྲང་བའི་སྔགས་སོ་།ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་ཐཱ། ཧྲིཧ་ཧ་ མ་ཐ་མ་ཐ། ད་མ་ད་མ། ཧ་ན་ཧ་ན། མ་ཧཱ་ན་ཡེ། མ་ར་མ་ར་ཧ་སཱཧཱ། མ་མོ་རྣམས་སྤྱན་དྲང་བའི་སྔགས་སོ། །ན་མསརྦཱ་སཱ་པ་རི་པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་ཏེ་བྷྱ་སརྦ་ཐཱ། ཨོཾ་ཧ་ན་ཧ་ ན་བཛྲ་ཧཱུཾ་ཕཊ། སརྦ་དུཥྚ་གྲ་ཧཱཾ། མ་ཐ་མ་ཐ་བྷཉྫ་བྷཉྫ། སརྦ་བིགྷྣ་ད་མ་ད་མ། སརྦ་དུཥྚན་ཨོཾ་ཧཱུཾ་ཕཊ་སཱཧཱ། ཐུན་མོང་གི་ནི་ཚམ་ངམ་དུ། །རིག་འདི་འཇིག་རྟེན་གཙོ་བོས་གསུངས། །ཕྱག་ རྒྱ་རྣམས་ནི་མ་ལུས་དང། །སྔགས་ནི་རྒྱས་པར་གསུངས་པ་ཡིན་།དོན་ཀུན་གྲུབ་པར་བྱེད་པའི་སྔགས། །འདི་ནི་མྱུར་དུ་གྲུབ་བྱེད་ཅིང། །བསམ་གྱིས་མི་ཁྱབ་འབྲས་སྩོལ་པ། །ཤིན་ཏུ་ གསང་བ་ཡང་དག་གསུངས། །ཕྱག་རྒྱ་དང་ནི་ལྷན་ཅིག་སྦྱར་།དྲི་དང་མེ་ཏོག་བདུག་པ་དང། །གཏོར་མ་ཡང་ནི་མ་ལུས་པ། །སུས་ཀྱང་གཞོམ་པར་མི་ནུས་སོ། །ཕྱོགས་བཅིང་བ་དང་ དེ་ནས་གཟའ། །གཞན་ཡང་ཡིད་ལ་ཅི་འདོད་འབྱུང། །དེ་ཀུན་སྔགས་དང་བཅས་པ་ཡི། །ཕྱག་རྒྱར་སྦྱར་བས་འགྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ནི། །ཕྱག་ན་རྡོ་རྗེར་ [411A]༄༅། །བཀའ་སྩལ་པ། །ཁྲོ་བོའི་རྒྱལ་པོ་རྣམ་པར་ཤུལ། །འདི་ནི་ཁྱོད་ལ་རྗེས་སུ་སྦྱིན། །ཞི་བ་དང་ནི་རྒྱས་པ་དང། །དེ་བཞིན་མངོན་སྤྱོད་དབང་དུ་བྱ། །དེ་བཞིན་སྣ་ ཚོགས་གྱུར་པ་དང། །ཁྱོད་ལ་རག་ཡུམ་མཆོག་ཏུ་འདོད། །བསོད་ནམས་དུ་མ་ལས་འཁྲུངས་པ། །མཚན་དང་དཔེ་བྱད་བཟང་པོས་འབར་།མཚན་རྣམས་ཐམས་ཅད་ཡོངས་སུ་ རྫོགས༑ ༑ཕྱག་བརྐྱང་བ་ནི་སྔོན་འགྲོ་བས། །བདག་གིས་རྫོགས་སངས་རྒྱས་དབང་བསྐུར། །བདེ་གཤེགས་ལས་འཁྲུངས་རྡོ་རྗེ་ཅན་།ཟབ་མོ་དབྱངས་ཀྱི་སྒྲ་ཡིས་ནི། །བདེ་བར་ གཤེགས་པས་ཀུན་གསུངས་པ། །ཁྲོ་བོའི་རྒྱལ་པོའི་ཆོ་གའི་རིམ་།རིམ་པ་ཇི་བཞིན་གསུངས་པ་ཉིད། །ཁྱོད་ཉིད་གཅིག་ཏུ་བརྟན་གཡོ་བའི། །སྙན་པ་དག་ནི་སྲུང་བར་གནས། །དམ་ པའི་ཆོས་ནི་སྦྲུལ་པའི་སྐུ། །ས་སྟེང་ན་ནི་ཞི་བར་འགྱུར་།སངས་རྒྱས་ཀུན་གྱི་སྤྱན་སྔར་ནི། །ས་སྟེང་ཁྱོད་ཉིད་གཅིག་པུ་གནས། །འདས་དང་མ་བྱོན་པར་གྱུར་དང། །འགྲོ་ལ་ཕན་ ཕྱིར་བཞུགས་པ་རྣམས། །ཁ་ལོ་སྒྱུར་བ་ཁྱོད་གཅིག་བུ། །བླ་ན་མེད་པའི་གོ་འཕང་འཐོབ། །རྡོ་རྗེ་སེམས་དཔའ་བློ་ལྡན་པ། །སླར་ཡང་ཕྱག་རྒྱར་བཞག་པས་ཀྱང། །དབང་ཆེན་ ཐམས་ཅད་གཡོས་ནས་ནི། །ས་གཞི་རྣམ་པ་དྲུག་ཏུ་བསྐྱོད། །དེ་དག་ཐམས་ཅད་མངོན་གྱུར་ཏེ། །སངས་རྒྱས་དམ་ཆོས་བསམ་མེད་པས་།བསམ་གྱིས་མི་ཁྱབ་གོ་འཕང་ [411B] ༑ས་སྟེང་རྡོ་རྗེ་སེམས་དཔའི་བདག་ནམ་མཁའ་མཛོད་ཀྱི་འོད་ཟེར་ཐོབ། །འཕགས་པ་ཆེན་པོ་རྨད་བྱུང་ཆེ། །འཇིག་རྟེན་ཡང་དག་བྱུང་གྱུར་ཏེ། །ས་གཞི་སྙིང་པོ་འདི་རུ་ཡིན། །དེ་ ནས་བཅོམ་ལྡན་རྒྱལ་གྱུར་པས། །ས་བཅུའི་བྱང་ཆུབ་སེམས་དཔའ་ལ་།བརྟན་དང་གཡོ་བའི་གསང་བ་རྣམས། །སྙན་པའི་གསུང་གི་བཀའ་སྩལ་པ། །ཁྱོད་ནི་བདག་གིས་ཚིམ་པར་ བྱས༑ ༑བདག་ཉིད་ཆེན་པོ་རྡོ་རྗེ་འཆང། །རྟག་ཏུ་བག་ཡོད་པར་གྱུར་པས། །བདག་ཉིད་ཆེན་པོས་དེ་ཉིད་བྱ། །དེ་ནས་བཅོམ་ལྡན་འདས་ཞི་བ། །ཆོས་ཀྱི་དབྱིངས་ལ་མཆོག་ཏུ་གཞོལ། ། ཆོས་ཉིད་གཅིག་པུ་ཐུགས་ཆུད་ནས། །ཀུན་མཁྱེན་ཅང་མི་གསུང་བར་འགྱུར། །དེ་ནས་འཁོར་རྣམས་ཐམས་ཅད་ཀྱིས། །ངོ་མཚར་བ་ཡི་ཚིག་གསོལ་པ། །སངས་རྒྱས་ཆེ་བ་བསམ་མི་ ཁྱབ༑ ༑འཇིག་རྟེན་མགོན་པོས་བསྟན་པ་ཉིད། །དེང་ནས་བཟུང་སྟེ་བདག་ཅག་ཀུན། །རྟག་པ་གཅིག་པུ་མཐར་ཕྱིན་འགྱུར། །བདག་ཉིད་ཆེན་པོའི་རྡོ་རྗེ་ཅན། །བདེ་བར་གཤེགས་པས་ གཏད་པར་གྱུར། །འཁོར་རྣམས་ཤིན་ཏུ་དགའ་བ་ཡིས། །སྙན་པ་ཡི་ནི་ཚིག་སྨྲས་པ། །སྐལ་པ་ཆེན་པོ་མཆོག་ཏུ་གྱུར། །ཅི་བགྱི་ཡི་ནི་བཀའ་བསྒོ་སྩོལ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། མེ་ཏོག་ཕྲེང་བར་གྱུར་པ་ཡིས། །ཐུགས་རྗེར་ལྡན་པའི་ཤུགས་ཀྱིས་སུ། །འཁོར་རྣམས་ལ་ནི་བཀའ་སྩལ་པ། །ཁྲོ་རྒྱལ་རས་རིས་ཆོ་ག་ནི། །རྫུ་འཕྲུལ་ཆེན་པོ་དེ་ཉོན་ཅིག་གང་ཞིག་ [412A]༄༅། །སྔགས་ཀྱི་སྒོ་ནས་ནི། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད། །སྔགས་ཀྱི་སྒྲུབ་ཐབས་ལས་གསུངས་པའི། །དོན་ནི་དེ་ནས་ཐོབ་པར་འགྱུར། །སྔགས་པ་འཆང་བར་ གྱུར་པ་དཀོན། །ལུས་ཅན་རྣམས་ཀྱིས་བཟོད་མི་ནུས། །གདུག་པ་ལོག་པར་འདྲེན་པ་ཀུན། །འཇིགས་པའི་གཟུགས་ཅན་སྲིན་པོ་རྣམས། །རིང་པོ་ནས་ནི་རིང་མི་མཐོང། །དཔའ་ པོ་དྲེགས་པ་བཅོམ་པ་བཞིན། །ནད་རྣམས་ཐམས་ཅད་རྣམ་པར་གྲོལ་།འཇིགས་པ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་དབང་ཕྱུག་གོ་འཕང་ནི། །གང་ཞིག་ལག་པའི་ ནང་དུ་འཐོབ། །རྒྱུ་སྐར་མེད་ཅིང་གཟའ་སོགས་མེད། །མ་མོ་མེད་ཅིང་ལྷ་ཡང་མེད། །འཇིགས་པ་ཀུན་ལས་རྣམ་གྲོལ་བར། །ས་གཞིའི་དཀྱིལ་འཁོར་འདི་རུ་འགྱུར། །སེམས་ ཅན་ཐམས་ཅད་དབང་ཐོབ་ཅིང། །ས་སྟེང་སྔགས་ཤེས་རྒྱལ་པོ་ནི་།འཁོར་བཅས་ཀྱིས་མཆོད་སྙན་པར་སྨྲ། །རས་བྲིས་མཐོང་བ་ཤིན་ཏུ་གསང། །སྐྲ་དང་བྲལ་བ་དེ་བརྟགས་ པའི༑ ༑དཔའ་བོས་བཙོངས་པའི་རས་བླངས་ཏེ། །དྲི་དཀར་ཆུ་ཡིས་བཀྲུས་ནས་ནི། །ཀུན་ད་ཟླ་བ་ལྟ་བུར་གཙང། །ཇི་སྲིད་ངུར་སྨྲིག་མཛེས་པ་རུ། །སླར་ཡང་བྱེད་དུ་གཞུག་པར་ བྱ༑ ༑བདུག་པ་ཡི་ནི་བདུག་པར་མཛེས། །ཐམས་ཅད་དུ་ནི་གཙང་སྦྲ་བྱ། །དེ་ནས་དེ་ལྟར་བྱས་ནས་ནི། །ས་གཞི་རབ་ཏུ་བྱུག་པར་བྱ་།དེ་ལ་ཡང་ནི་དྲི་ཞིམ་སྤོས། །ཤིན་ཏུ་ [412B] །གདུགས་དང་རྒྱལ་མཚན་བ་དན་དང། །རྔ་དང་དྲིལ་བུ་སྒྲ་སྙན་མཆོག་རྒྱུ་སྐར་ཉི་མ་བཟང་པོ་ལ། །རྩེ་བའི་སྔགས་ནི་རབ་བསྔགས་པ། །ཡིད་དུ་འོང་བའི་ བུམ་པ་ནི། །དྲི་ཡི་ཆུ་ཡིས་རབ་བཀང་ནས། །སྔགས་པས་ཆོ་ག་བཞིན་དུ་གཞག་ཞལ་ཟས་གཏོར་མ་ཆོ་ག་བཞིན། །དེ་ལྟར་འདི་ཀུན་བྱས་པ་ཡིས། །རྒྱ་ཆེ་བར་ནི་བྱས་པའི་ཆར། །རོལ་ མོའི་ལས་ནི་ལེགས་བསླབས་པས། །སྐལ་པ་ཆེན་པོ་དེ་རུ་འབོད། །དེ་ནས་གསོ་སྦྱོང་སྦྱིན་པར་བྱ། །བྱང་ཆུབ་སེམས་ནི་ཁྱད་དུ་འོང་།སྐལ་པ་ཆེན་པོ་དེ་མཆོད་བྱ། །གོས་དང་རྒྱན་ གྱིས་བརྒྱན་པ་ཡིས། །དེ་ནི་ཡང་དག་པར་མཆོད་ནས། །དེ་ནས་ཤིན་ཏུ་དབེན་པ་རུ། །དེ་ནས་བློ་ལྡན་ཐིག་གདབ་བྱ། །རས་ཀྱིས་ཁ་ནས་གཡོགས་པར་བྱ། །ཁ་ཚར་དང་བཅས་རིང་ པོར་གཞག་བློ་ལྡན་དེ་དབུས་བྲི་བ་ནི། །ཁྲོ་བོ་ཤིན་ཏུ་མཐོང་དཀའ་བ། །ལྟོ་བ་ཆེ་ལ་ཤིན་ཏུ་ཁྲོ། །ལག་འགྲོའི་བདག་པོ་ཕྱག་བཞི་པ། །ཞལ་ནི་རྣམ་འགྱུར་ཟུར་གྱིས་གཟིགས།། ལྗགས་ལ་རཀྟ་རྣམ་པར་འཛག་མཆེ་བ་གཙིགས་ཤིང་ཤིན་ཏུ་འཇིགས། །སྤྲིན་ཕུང་གཏིབས་པ་ལྟ་བུའི་འོད། །སྤྱན་དག་ཉི་མ་འཆར་ཀ་འདྲ། །གསུམ་པ་དུ་བ་ལྟ་བུའོ། །གར་ མཛད་ཧཱུཾ་སྒྲོག་པར་བྱུང་བ། །ཀླུ་ཡི་འོད་ཀྱིས་ཚོགས་རང་བཞིན་།ཐོད་པ་རློན་པའི་ཕྲེང་བ་ནི། །ཚར་བཞི་ལྟ་བུར་བལྟས་པ་ཡི་།འཇིགས་པ་ཆེན་པོའི་དབུ་ལ་བརྒྱན། །གཡོན་ངོས་ [413A]༄༅། །ཟུར་ཕུད་རྣམ་པར་འཕྱང། །མེ་སྟག་དང་བཅས་མེ་འོད་ཀྱིས། །རྡོ་རྗེ་གཡས་ཀྱི་ཕྱག་ན་འོ། །འོད་ཟེར་འབར་བ་ལྷག་པ་ཡི། །རལ་གྲི་གཉིས་པ་ན་ནི་ བསྣམས། །གཡོན་པ་ཡིས་ནི་ཞགས་པ་བསྣམས། །གཉིས་པ་ཡིས་ནི་སྡིགས་མཛུབ་མཛད། །སྐུ་ལ་སྤྲུལ་གྱི་རྒྱན་གྱིས་བརྒྱན། །ནོར་རྒྱས་བུ་ཡིས་སྐ་རགས་བྱས། །ཐོད་པ་ རློན་པའི་ཕྲེང་བ་ཡིས། །མཆོད་ཕྱིར་ཐོགས་སུ་སྤྲས་པ་ཡིན་།དཔའ་བོ་ན་བཟའ་དུར་སྨྲིག་མནབས། །རིན་ཆེན་རྡོ་བའི་སྟེང་དུ་ནི་།གཡས་བརྐྱངས་བ་ཡི་ཞབས་ཀྱིས་བཞུགས།། འོག་ཏུ་བགེགས་ནི་བྲི་བར་བྱ། །བསྲེགས་པས་འབར་བར་འགྱུར་བ་ཡིས་།མྱོག་པོ་རུ་ནི་གྱུར་པའོ། །རྩ་དང་རྒྱུ་མ་རྣམ་པར་འབྱུང་།ཁྲག་འཛག་ལྟ་བུར་གནས་པ་ཡིན། །འོག་ ཏུ་བློ་ལྡན་སྒྲུབ་པ་པོ། །བུས་མོ་དག་ནི་ས་ལ་བཙུགས། །སྦོས་ཀྱི་སྣོད་ཀྱིས་བྲེལ་བའི་བདག་མཆོད་ཡོན་སྣོད་ནི་འཛིན་པར་བརྩོན་།འདི་ནི་རས་བྲིས་རབ་མཆོག་ཏུ། །རྫོགས་སངས་ རྒྱས་ཀྱིས་རབ་ཏུ་གསུངས། །རས་བྲིས་འདི་ཡིས་དེ་མ་ཐག་སྔགས་པའི་མ་གྲུབ་པ་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོ་ངོ་མཚར་བ་།ཐམས་ཅད་གདུང་བྱེད་ཡང་དག་བྲི། །ཤེས་ རབ་ཆེན་པོས་རི་མོ་མཁན། །སྟོན་མོ་དྲངས་ཏེ་ཡོན་ཡང་སྦྱིན། །པིར་ནི་གསར་བའི་མཚན་མ་དང། །རྫ་མཁན་སྣོད་ནི་གསར་བ་སྟེ་།མཚན་མ་བྱེ་བྲག་བྱེད་པའོ། །ཡང་ན་ཐམས་ [413B] །དེ་ལྟར་ཐམས་ཅད་གྱུར་བལྟས་ནས། །དྲི་ཡི་རས་ཀྱིས་གདབ་པར་བྱ། །ས་སྟེང་ཤིན་ཏུ་གསང་བ་སྟེ། །སུ་ལའང་བསྟན་པར་མི་བྱའོ། །གང་གིས་ཁྲོ་བོ་འདི་མཐོང་བ།། མི་ཤེས་དྲན་པ་འཁྲུལ་བར་འགྱུར། །སྐྱེ་བོ་ནད་ཀྱིས་འཁྲིགས་ནས་ནི། །དེ་མ་ཐག་ཏུ་བརླག་པར་འགྱུར། །སྔགས་པ་དངོས་གྲུབ་འདོད་པ་ཡིས། །རྟག་ཏུ་བག་ཡོད་པར་གྱུར་པས། །སྔགས་ པས་རྟག་ཏུ་རས་བྲིས་འདི། །རྟག་པར་རྒྱུན་དུ་བསྲུང་བར་བྱ་།སྔགས་ཀྱི་སློབ་དཔོན་དག་གིས་བཤད། །རྫོགས་པའི་སངས་རྒྱས་དཔའ་བོ་རྣམས། །འདི་རྣམས་བསམ་གྱིས་མི་ཁྱབ་ པའི༑ ༑ཡོན་ཏན་རབ་ཏུ་སྒྲུབ་པར་བྱེད། །ས་སྟེང་དཀྱིལ་འཁོར་རྩ་བའི་སྔགས། །ཡོན་ཏན་གནས་སུ་གྱུར་པ་ཡིས། །དེ་དག་ཐམས་ཅད་བསྒྲུབ་པར་བྱ། །གསང་སྔགས་མ་ལུས་བསམ་མི་ ཁྱབ༑ ༑བསམ་གྱིས་མི་ཁྱབ་འབྲས་བུ་འབྱུང། །གསང་སྔགས་སྐུ་ཅན་ཁྲོ་བོ་འདི། །བཅོམ་ལྡན་ཐུབ་པ་ཞེས་ནི་བྱ། །ཁྲོ་བོའི་རྒྱལ་པོ་བློ་ལྡན་གྱིས། །གསང་སྔགས་འདི་ནི་བཀླགས་པས་ འགྲུབ༑ ༑ཁྲོ་རྒྱལ་འདི་ནི་བསམ་མི་ཁྱབ། །སྔགས་ཀྱང་བསམ་གྱིས་མི་ཁྱབ་འདོད། །ཐམས་ཅད་བསམ་མེད་གོ་འཕང་འཐོབ། །བཀླགས་པས་འགྲུབ་པར་གསུངས་པ་ཡིས། །སྔགས་པ་ བདག་གིས་མི་ནུས་སོ། །སྔགས་པ་བློ་དང་ལྡན་པ་ནི། །གལ་ཏེ་མཚན་མེད་ལྔ་བྱས་ཀྱང། །སྐྱེ་བོ་དེ་ཡིས་བསམ་པ་ནི། །ཡོངས་སུ་རྫོགས་པར་བྱེད་བ་ཡིན། །དེ་བས་རྣམ་པ་ཐམས་ [414A]༄༅། །ཅད་དུ༑ ༑སྔགས་འདི་འབྲས་བུ་བསམ་མེད་འབྱུང། །རྟག་ཏུ་མངོན་པར་སྦྱངས་གྱུར་ན། །སྔགས་པའི་འབྲས་བུ་བསམ་མེད་འབྱུང་།རས་རིས་གཉིས་པར་ གྱུར་པ་ནི། །བཤད་ཀྱི་ཕན་པའི་སེམས་ཀྱིས་ཉོན། །ཡོན་ཏན་རྒྱ་ཆེ་བསམ་མི་ཁྱབ། །རྫོགས་སངས་རྒྱས་ཀྱིས་ཡང་དག་གསུངས། །དུར་སྨྲིག་རས་ནི་བླངས་ནས་སུ། །དྲི་ཡི་ཆུ་ཡིས་ ཡོངས་སུ་དགང། །ཆོས་གྲངས་མེད་ཅིང་རྒྱུ་སྐར་མེད། །གསོ་སྦྱོང་སྨྱུང་བ་ལ་སོགས་མེད། །རི་མོ་མཁན་བཟང་བཙལ་ནས་སུ། །མཁས་པས་རི་མོ་བྲི་བར་བྱ། །སངས་རྒྱས་མགོན་ པོ་རྫོགས་སངས་རྒྱས། །ཏིང་ངེ་འཛིན་གནས་རིམས་བྲལ་པ། །འཁོར་ལོས་བསྒྱུར་བར་གྱུར་བའི་སྐུ། །འོད་ཟེར་སྣ་ཚོགས་མཉམ་པའི་འོད་།བྱང་ཆུབ་དཔག་བསམ་ཤིང་ དང་ནི༑ ༑གདུགས་དང་རྒྱལ་མཚན་རྣམ་པར་བརྒྱན། །ལོགས་སུ་འདབ་ཆགས་རྒྱལ་པོ་ནི། །སྙིམ་པ་མེ་ཏོག་གིས་བཀང་བྱ། །གཡས་ན་བཞུགས་པའི་དཔའ་བོ་ནི། །ཐུབ་པ་ཆེན་ པོ་འཇིག་རྟེན་གཙོ། །སྣ་ཚོགས་པ་ཡི་རྒྱན་གྱིས་བརྒྱན། །བླ་གོས་ཕྲག་པ་གཅིག་ཏུ་གཟར། །ཐལ་མོ་སྦྱར་ཏེ་འདུད་པ་ནི། །རྟག་ཏུ་བཞུགས་པ་བལྟ་བར་བྱ། །གཡོན་གྱི་དྲུང་ན་ བཞུགས་པ་ནི། །སྙེམས་ཚུལ་དང་བཅས་ཞལ་བཞད་པ། །གཡས་ཀྱི་ཕྱག་གིས་སྤྱི་བོར་ནི། །རྡོ་རྗེ་འདི་ནི་རབ་འབར་བསྣམས། །དཔའ་བོ་ཆེན་པོ་ཅོད་པན་ཅན། །རྒྱན་རྣམས་ [414B] །རས་བྲིས་ཆ་ཡི་མཚན་མ་ནི་།བསམ་པ་ཐམས་ཅད་རྫོགས་པར་བྱེད། །འོག་ཏུ་ཁྲོ་བོ་མི་གཡོ་བ་།རལ་གྲི་ཞགས་པས་རྣམ་པར་བརྒྱན། །རྡོ་བ་ དམར་པོའི་གདན་སྟེང་ན། །འོད་ཟེར་ཚོགས་ཀྱི་ནང་ན་བཞུགས། །འབར་བའི་འོད་ཀྱིས་ཁོར་ཡུག་བསྐོར། །མཆུ་ཡིས་མཆུ་མནན་ཟུར་མིག་གཟིགས་།བགེགས་ཀུན་སྲེག་པར་ སྒྲུབ་པ་ནི། །དུས་ཟད་མེ་འོད་ལྟ་བུར་འབྱུང། །སྒྲུབ་པ་པོ་ནི་དངོས་སོང་ལྟ། །སྤོས་ཀྱི་ཁང་བུ་ལག་ན་ཐོགས། །པུས་མོ་གཉིས་ནི་ཡང་དག་བཙུགས། །རྒྱལ་བའི་སྲས་ལ་སེམས་སོང་ བ༑ ༑དེ་ཡི་འོག་ཏུ་ཁྲོ་བོ་གཙོ། །ཁམས་གསུམ་བརྟན་པར་རྣམ་པར་གནོན། །བཀའ་གནང་བ་ཡི་ལམ་གྱུར་ཅིང། །དེ་བཞིན་གཤེགས་པ་ལ་གཟིགས་པ། །རིན་ཆེན་སྣ་བདུན་ རང་བཞིན་དང། །སྡོང་བུ་རྒྱས་ལ་ཟེ་བར་བཅས། །འཛིན་པའི་ཀླུ་ཡི་བུ་མོ་ནི། །དེ་བཞིན་གཤེགས་པ་ལྟ་བུར་འགྱུར། །པདྨ་དཀར་པོ་མགོན་པོ་ནི། །འཇིག་རྟེན་གཙོ་བོ་ཐུགས་ རྗེའི་བདག་པདྨ་དམར་པོ་ཡང་དག་བཤད། །བདེ་གཤེགས་ལས་བྱུང་རྡོ་རྗེ་ཅན། །དེ་ལྟར་འདི་བདག་ཀུན་བྱས་པའི། །རས་བྲིས་རྒྱལ་པོ་རྫུ་འཕྲུལ་ཆེ། །རས་བྲིས་འདི་ནི་མཐོང་བ་ ཡིས༑ ༑སྡིག་པ་ཐམས་ཅད་རྣམ་པར་སྤངས། །རྨོངས་པའི་ཞགས་པ་འཇིགས་པས་འཁྲིགས། །ངན་སོང་རྣམས་ནི་རྒྱུན་ཆད་འགྱུར། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ།། [415A]༄༅། །རྒྱལ་བ་སྐྱེས་མཆོག་འབྱུང་བར་འགྱུར། །གཟའ་རྣམས་ཀུན་གྱིས་བཟུང་བ་དང། །ནད་རྣམས་ཀུན་གྱིས་ཉེན་པ་དང། །འཇིགས་པ་ཀུན་གྱིས་འདིར་ཟིན་ རྣམས༑ ༑ཆོ་ག་མཐོང་བས་གྲོལ་བར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བར་གྱུར། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ། །རྟག་ཏུ་ རས་བྲིས་བལྟ་བར་བྱ། །རྟག་ཏུ་བག་ཡོད་པར་གྱུར་ནས། །གཙང་ཞིང་ཚུལ་ཁྲིམས་རྣམ་པར་བརྒྱན། །རས་བྲིས་ཡང་དག་མཆོད་བྱས་ནས། །དེ་ཡི་ཚེ་ན་སངས་རྒྱས་ཐོབ། །དེ་ནས་ རྡོ་རྗེ་འཆང་ཆེན་བདག་ཐུགས་ནི་རྣལ་འབྱོར་གཅིག་པུར་བཞུགས་།སེམས་ཅན་བདེ་བ་སྟེར་བ་ཡིས། །འདོད་པར་གྱུར་པའི་རྟོག་པ་གསུངས་།ཞི་བ་དང་ནི་རྒྱས་པ་དང། །དབང་ དུ་བྱ་དང་མངོན་སྤྱོད་དེས། །ལས་འདི་མདོ་རུ་བསྡུས་ནས་ནི་།སྔགས་བས་ས་སྟེང་དཀྱིལ་འཁོར་དུ། །རས་བྲིས་སྒྲུབ་པར་འདོད་བ་ནི། །རྫུ་འཕྲུལ་ཆེ་དེ་རྟག་ཏུ་ཉོན། །དཔའ་བོ་གཅིག་ གི་བདག་ཉིད་ཆེ། །གཙོ་བོ་བསྟན་པའི་དོན་མཛད་པའི། །ལུས་ཅན་ཀུན་ལ་གསུངས་པ་ཡིས། །དེ་ཡི་རྟོག་པ་ཡང་དག་བཤད། །མགོན་པོ་འཕྲལ་དུ་ལས་མཛད་པ། །རྟག་ཏུ་གདུལ་ དཀའ་འདུལ་མཛད་པ། །རྒྱལ་པོ་ངན་པར་བཤད་པ་དང། །བསྟན་ལ་གནོད་པ་བྱེད་པ་ཅན། །དེ་རྣམས་བརླག་པར་བྱ་བའི་ཕྱིར། །ཁྲོ་བོ་འདི་ནི་རབ་ཏུ་སྦྱར། །གང་ཡང་འདི་རུ་གསུངས་ [415B] །བསྟན་པ་ལ་ནི་གནོད་བྱེད་པ། །གནོད་སྦྱིན་སྲིན་པོ་གྲུལ་བུམ་དང། །ལྷ་སོགས་མི་འམ་ཅི་བཅས་པ། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ནད་ རྣམས་ཐམས་ཅད་རྣམ་པར་གྲོལ། །ཕ་རོལ་ཡུལ་འཁོར་རྣམ་པར་འཇོམས་།འདི་ན་དམག་དཔུང་བྱེད་འགྱུར་བ། །གདུག་པའི་སེམས་ཅན་བདུད་རྣམས་ལ། །ཁྲོ་བོའི་རྒྱལ་པོ་རབ་ སྦྱར་ན༑ ༑བསམ་མི་ཁྱབ་པའི་སྟོབས་གནོན་ཏོ། །བསྐྲད་པ་དང་ནི་གསོད་པ་ཉིད། །འཇིག་རྟེན་གསུམ་པོ་བརླག་པ་འམ། །རྟག་ཏུ་སྨྱོ་བར་བྱེད་པ་ལ། །འདི་ནི་རྟག་ཏུ་སྦྱར་བར་བྱ། །མགོན་ པོའི་རས་བྲིས་མཆོག་གང་གི་ལག་ཏུ་ཆུད་པར་གྱུར་པ་ནི། །དེ་ནི་ས་སྟེང་སྙིང་པོ་རུ། །ལུས་ཅན་འཚོ་བ་འབྲས་བུར་བཅས། །དེ་ཚེ་དཀྱིལ་འཁོར་རབ་ཏུ་ཞུགས། །ཕྱག་རྒྱའི་ལས་ནི་ རྣམ་པར་སྦྱར། །གུས་པས་འཛིན་པའི་སྔགས་པ་ནི། །གཙང་ཞིང་ངང་ཚུལ་རྣམ་པར་བརྒྱན། །བླ་མ་མཉེས་པ་ཡང་དག་བྱེད། །ཆོ་གའི་རིམ་པ་ཡོན་ཕུལ་བ། །གསང་སྔགས་གང་ ཡང་རུང་བཟུང་ནས། །ཕྱག་རྒྱ་སྦྱིན་པ་ཡོངས་སུ་བཟུང། །བླ་མ་ལ་ནི་རྗེས་གནང་ཐོབ། །ས་སྟེང་སྒྲུབ་པ་བརྩོན་པར་བྱེད། །དུར་ཁྲོད་དང་ནི་རི་བོའི་རྩེ། །ལམ་གྱི་བཞི་མྡོའམ་མཚན་མ་ གཅིག་གང་དུ་ཡིད་ནི་ཉམས་དགའ་བའི། །གནས་དེ་ཉིད་དུ་བརྩམ་པར་བྱ། །སློང་མོ་གཅིག་བུའི་ཟས་ཟ་འམ། །ཡང་ན་རྩ་བ་འབྲས་སོགས་ཟ། །དབེན་ཞིང་ཅ་ཅོ་མེད་པའི་སར། །དེ་རུ་ [416A]༄༅། །འབུམ་ཕྲག་གཅིག་བཟླས་བྱ། །འབུམ་ཕྲག་ཡོངས་སུ་རྫོགས་ནས་ནི། །ཨ་པ་མརྒའི་ཡམ་ཤིང་སོགས། །མངར་གསུམ་དང་ནི་ལྡན་པར་བསྲེག་འབུམ་ ཕྲག་གཅིག་ཏུ་ཚང་བ་ན། །དེ་ནས་ཟླ་བ་ཉ་ཡི་ནི། །དུས་ཚིགས་ཀྱི་ནི་སྔོན་དུ་བསྡད། །སྒྲུབ་ཐབས་འདི་ནི་རྟོགས་པ་ཡིས། །སྲུང་བའི་ཆོ་ག་ཚུལ་བཞིན་བྱ། །རལ་གྲི་ལ་སོགས་ མཚོན་ཆ་གསུངས། །ཡང་ན་གང་ཡང་རུང་བ་གསུངས། །དེར་གནས་འདི་ནི་རབ་ཏུ་ཞུགས། །སྒྲུབ་པ་པོ་ཡི་གང་ཟག་བཞུགས། །ནམ་ཕྱེད་སྒྲ་ནི་བྱུང་བ་ན། །རས་བྲིས་མདུན་ དུ་བཞུགས་སུ་གསོལ། །གསང་སྔགས་བཟླས་ཏེ་ཐུན་བཞག་ལ། །འདི་ནི་ནང་གི་རྣམ་དག་གནས། །དེ་ནས་དེ་ཡི་མཚན་མ་ནི། །དེ་ནི་དུ་མ་འབྱུང་བར་འགྱུར། །སྙན་པའི་རྔ་ཡི་སྒྲ་ མང་དང། །ཡང་ན་མེ་ཏོག་ཆར་དུ་དབབ། །གནས་སུ་ལྷ་ཡི་བུ་འོངས་ཏེ། །སྣ་ཚོགས་རྔ་ཡི་སྒྲ་དང་ཡང། །མི་འམ་ཅིས་ནི་རྣམ་བརྒྱན་པ། །གླུ་ནི་སྙན་པར་ལེན་པར་བྱེད། །ཆར་པས་ བརྒྱ་བྱིན་ལ་སོགས་ལྷ། །རྫུ་འཕྲུལ་ཆེན་པོ་དེར་འོངས་ནས། །མེ་ཏོག་གི་ནི་ཆར་ཡང་འབེབས། །འདུད་ཅིང་ཤིན་ཏུ་བཀའ་སྩོལ་ཞུ་།རིག་པ་འཛིན་པས་མེ་ཏོག་གི། །ཆར་བས་ ས་སྟེང་ཁེབས་པར་ཕབ། །སྣ་ཚོགས་རྔ་ཡི་སྒྲ་དག་ནི། །རབ་ཏུ་བདེ་ཞིང་ཡིད་འཕྲོག་པ། །ས་སྟེང་དེ་རུ་ཀུན་ཁེངས་པར། །གླུ་སྙན་པ་ཡི་སྒྲ་ཡང་ལེན། །བྱང་ཆུབ་སེམས་དཔའ་ [416B]ས་བཅུའི་གནས་ཀྱི་དབང་ཕྱུག་རྣམས། །བྱང་ཆུབ་སེམས་དཔའ་བློ་ལྡན་པས། །ཐུགས་རྗེ་ཅན་བདག་བཀའ་སྩོལ་ཏེ་།དཔའ་བོ་ཆེན་པོ་བུ་ཁྱོད་ལེགས། །སྲིད་པའི་ རྒྱ་མཚོ་རྣམ་པར་རྒལ། །བུ་ཁྱོད་བླ་མེད་གོ་འཕང་ནི། །རྟུལ་ཕོད་པ་ཡི་གནས་ཐོབ་པའོ། །བྱང་ཆུབ་སེམས་དཔའ་མཉམ་ཉིད་འགྱུར། །འགྲོ་ལ་གཅིག་པུ་ཕན་པར་འགྱུར། །བུ་ཁྱོད་ སངས་རྒྱས་ཐམས་ཅད་དེ། །སྐྱོན་རྣམས་ཐམས་ཅད་རྣམ་པར་སྤངས་།དེ་ནས་ཤར་གྱི་ཕྱོགས་ཆ་རུ། །གྲངས་མེད་དུ་མའི་ཚད་གྱུར་པ་།ལྷ་ཡི་བཞོན་པའི་མེ་ཏོག་ལྡན། །སླར་ཡང་དེ་ཡི་ མདུན་ན་གནས། །རིན་ཆེན་གདུ་བུའི་དྲ་བ་ནི། །ཕྱོགས་ཀུན་ཏུ་ནི་ཀུན་ཏུ་གཏིབས། །མུ་ཏིག་གི་ནི་ཆུན་འཕྱང་ཅན། །གདུགས་དང་རྒྱལ་མཚན་པ་དན་སྤྲས། །རིན་ཆེན་སྣ་ཚོགས་རང་ བཞིན་གདུགས། །ཉི་མ་ལྟ་བུར་སྣང་བར་བྱེད། །སྟེང་དུ་རིན་ཆེན་བླ་བྲེ་ཡིས། །རི་བོའི་ཕྱོགས་དང་མཉམ་པར་ཕུབ། །བྱེ་བ་དུ་མའི་རིག་འཛིན་ནི། །ཀུན་ཀྱང་ལྷབ་ལྷུབ་རྒྱན་གྱིས་སྤྲས། ། ཀུན་ནས་ཡོངས་སུ་བསྐོར་ནས་ནི། །དེ་ཡི་མདུན་དུ་མོད་ལ་གནས་།སྔགས་པ་དངོས་གྲུབ་འདོད་པ་ཡི། །ཕྱག་ན་རྡོ་རྗེ་དཔལ་དང་ལྡན། །དེ་ནི་མྱུར་བར་བཟླས་པར་བྱ། །རྫུ་འཕྲུལ་ཆེན་པོ་ བྱོན་གྱི་བར། །བདག་ཉིད་ཆེན་པོ་དེར་བྱོན་ནས། །མཚན་མ་འདི་དག་འབྱུང་བར་འགྱུར། །ས་གཞི་རྣམ་པ་དྲུག་ཏུ་གཡོས། །ས་གཞི་མེ་ཏོག་གཅལ་དུ་འགྲེམ། །ཆེ་བའི་བདག་ཉིད་ [417A]༄༅། །སྣ་ཚོགས་དྲི། །ས་སྟེང་རབ་ཏུ་ཞིམ་པོར་འགྱུར། །ཕྱོགས་བཞི་རུ་ནི་རྔ་ཡི་སྒྲ། །རོལ་མོ་ལ་སོགས་བསྡུས་པ་འབྱུང། །ཧ་ཧ་ཞེས་སྒྲོག་སྒྲ་ཆེན་པོ། །སྒྲ་ནི་ ཕྱོགས་བཅུར་ཐོས་པར་འགྱུར། །དེར་བྱོན་བདག་ཉིད་ཆེན་པོ་ལ། །ཡིད་ནི་དད་པར་གྱུར་པ་ཡིས། །མཆོད་ཡོན་ཞབས་བསིལ་བརྗོད་ནས་དབུལ་།དྲི་དང་མེ་ཏོག་རིམ་ཇི་བཞིན།། དེ་ནས་མྱུར་བར་བརྗོད་བྱ་བ། །ལེགས་པར་འོངས་སོ་བརྗོད་པར་བྱ་།སྡིག་པའི་དགྲ་ཡིས་ཟིན་པ་ན། །དཔའ་བོ་ཆེན་པོ་བདག་སྡུག་བསྔལ་།མགོན་ཁྱོད་བདག་ལ་བརྩེ་བར་ མཛོད༑ ༑དེ་ནས་བདག་ཉིད་ཆེན་པོ་འདི། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །སྔགས་པ་བློ་དང་ལྡན་པ་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །དཔའ་བོ་ཆེན་པོ་བུ་ཁྱོད་ལེགས།། རྙེད་པར་དཀའ་བ་ཁྱོད་ཀྱིས་མཐོང། །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེ། །བུ་ཁྱོད་ཀྱིས་ནི་འདི་བསྒྲུབས་པས། །ཤིན་ཏུ་སྡུག་བསྔལ་ལང་ལོང་འཁྲིགས། །འཁོར་བའི་རྒྱ་མཚོ་ལས་ ཁྱོད་རྒལ། །སླར་ཡང་སྐྱེ་བའི་འཇིགས་པ་མེད། །འཆི་བའི་འཇིགས་པ་འཇིགས་རུང་མེད། །རྫོགས་སངས་རྒྱས་སེམས་ཅན་མཉེས་གཤིན་པ་།བདག་ཉིད་ཆེན་པོ་རྣམས་མཐོང་ བ༑ ༑ཕྱོགས་བཅུ་དག་ན་བཞུགས་པའི་མགོན། །རྟག་ཏུ་དམ་ཆོས་གསུང་བར་འགྱུར། །དེ་ལྟར་རིག་ནས་འདི་ཡི་ནི། །བདག་ཉིད་ལག་པ་ནས་བཟུང་སྟེ། །བདག་ཉིད་ཆེན་པོའི་ [417B] །བསམ་མེད་ཡོན་ཏན་ཀུན་འབྱུང་བ། །སྐྱོན་དེ་གནས་པར་གྱུར་ནས་ནི། །སྔགས་ཤེས་ཅི་ཙམ་འདོད་ཀྱི་བར། །སངས་རྒྱས་ཞིང་རྣམས་སྟོན་པར་བྱེད། །སེམས་དཔའ་བསོད་ ནམས་ཉེར་འཚོ་བས། །དེ་ཙམ་ཚམ་ཙོམ་མེད་པར་འགྲོ། །དེ་ནས་དེ་ཚེ་ཆེ་བའི་བདག་ལྷ་ཡི་བཞོན་པ་མཛས་པ་ལ། །དེ་རུ་བསྐྱོན་པར་གྱུར་ནས་ནི། །དེ་ནས་རྡོ་རྗེ་ཅན་གྱུར་པ། །མི་གཡོ་ རྫུ་འཕྲུལ་ཆེ་ལྡན་ཚིམ། །དེ་ནས་ལྷ་ཡི་བཞོན་པ་བཅིབས། །རིག་པ་འཛིན་པའི་ཚོགས་ཀྱིས་བསྐོར། །གླུ་ཆེན་རྔ་ཡི་སྒྲ་དང་ནི། །རིག་པ་འཛིན་པའི་གླུ་སྒྲ་སྒྲོག་བྱེ་བ་དུ་མ་བསམ་མེད་ པའི༑ ༑རིག་པ་འཛིན་པའི་མཁའ་ལྡིང་གིས། །དེ་ཡི་ཚེ་ན་བསྐོར་ནས་འགྲོ། །འདི་ནི་སངས་རྒྱས་ཞིང་རྣམས་སུ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །འཁོར་ལོས་བསྒྱུར་བའི་མཁའ་ལྡིང་ ཡིན༑ ༑བསམ་གྱིས་མི་ཁྱབ་ཡོན་ཏན་བརྙེས། །བསྐལ་པ་གྲངས་མེད་པ་རུ་འཚོ། །ཉི་མ་དང་ནི་ཟླ་བའི་འོད། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །བློ་བཟང་གིས་ནི་ཀུན་སྤྱད་ན།། སངས་རྒྱས་ཞིང་ནི་གྲངས་མེད་ན། །མཆོད་གནས་འདི་ནི་སྣང་བར་བྱེད། །བསམ་མེད་པ་ཡི་དམ་ཆོས་ཉན། །བློ་ལྡན་གང་ཞིག་ཐོས་གྱུར་པས། །སངས་རྒྱས་ཡོན་ཏན་བསམ་མེད་ འབྱུང། །ཁྲོ་བོའི་རྒྱལ་པོ་བློ་ལྡན་པའི། །དངོས་གྲུབ་འདི་ནི་ཡང་དག་བཤད། །གཞན་ཡང་གཞན་ལ་ཅི་རིགས་པར། །མཚུངས་མེད་བསྲུང་བར་བྱ་དེ་ཉོན། །རས་བྲིས་གཉིས་པ་ [418A]༄༅། །འདི་ཡིས་ནི། །བསམ་གྱིས་མི་ཁྱབ་གྲངས་མེད་ལས། །རྫོགས་པའི་སངས་རྒྱས་ཁྱེད་ཀྱིས་མཁྱེན། །ཤཱཀྱ་ཞེས་བྱ་བས་ནི་གསུངས། །ཞི་བ་དང་ནི་རྒྱས་པ་དང།། དབང་དང་མངོན་སྤྱོད་དེ་བཞིན་དུ། །རས་བྲིས་གཉིས་པར་ཚུལ་བཞིན་དུ། །ཇི་ལྟར་རིགས་པར་བྱ་བ་ཡིས། །རས་བྲིས་གཉིས་པ་འདི་ཡིས་ནི། །རྒྱལ་བས་སྒྲུབ་ཐབས་གང་གསུངས་ པ༑ ༑གལ་ཏེ་ས་སྟོང་སྒྲུབ་བྱེད་ན། །འདི་ནི་ཉིད་དུ་ཆོ་གས་བསྒྲུབས། །སྒྲུབ་ཐབས་ཆོ་ག་བསམ་མི་ཁྱབ། །འདི་ནི་བསམ་མི་ཁྱབ་པས་གསུངས། །འབྲས་བུ་བསམ་གྱིས་མི་ཁྱབ་པ།། རྫོགས་སངས་རྐང་གཉིས་མཆོག་གིས་གསུངས། །ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །འདི་ལ་སྨྱུང་བར་གནས་པ་མེད། །ལྷག་མ་ལྷག་མ་མིན་ཡང་རུང། །སླར་ཡང་འབད་ པས་བསྒྲུབ་པར་བྱ། །འབུམ་ཕྲག་གཅིག་ནི་བཟླས་བརྗོད་ན། །མཚམས་མེད་ལྔ་བྱས་སྔགས་པས་ཀྱང། །ལས་རྣམས་ཐམས་ཅད་ཀུན་ནས་སུ་།བདག་ཉིད་རྒྱལ་བའི་སྐྱེས་ མཆོག་འགྱུར། །གསོ་སྤྱད་ལ་སོགས་དུར་བས་བྱ། །ཡང་ན་བརྗོད་དེ་བཏབ་པས་སོ། །རིམས་སོགས་ནད་ཀྱིས་བཏབ་པ་དང། །གདུག་པ་རྣམས་གསོ་བྱེད་པ་དང། །ནད་རྣམས་ ཀུན་གྱིས་ཟིན་པ་དང། །གཟའ་ཀུན་གྱིས་ནི་རབ་གཟིར་བ། །རས་བྲིས་སྤྱན་སྔར་རབ་བཞག་སྟེ། །ཁྲོ་བོའི་སྔགས་ཀྱིས་བསྔགས་པའོ་།བུམ་པ་ཆུ་ཡིས་ཡོངས་བཀང་ནས།། [418B] །མཆོག་ཏུ་བདེ་བ་སྦྱིན་པ་ན། །དེ་རྣམས་རྣལ་མར་སོས་པར་འགྱུར། །ས་སྟེང་གདོན་གྱིས་ཟིན་པ་ཡི། །སྦྱིན་སྲེག་དག་ནི་ཡང་དག་གསུངས། །དུར་བ་ མངར་གསུམ་གྱིས་བཏགས་པ། །གདོན་རྣམས་ཞི་ཕྱིར་སྦྱིན་སྲེག་བྱ་།སྲིན་པོ་ཡང་ནི་བཤད་པ་དང། །མཁའ་འགྲོ་མ་དང་རྫུ་འཕྲུལ་ཆེ། །ཤ་ཟ་དང་ནི་གྲུལ་བུམ་དང། །མ་མོ་རྫུ་འཕྲུལ་ ཆེ་གསུངས་པ། །གཞན་ཡང་གདུག་པ་བྱེད་པ་ཡི། །ས་སྟེང་སེམས་ཅན་འཚེ་བྱེད་གང། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ནད་རྣམས་དང་ནི་དོན་དག་ ལ༑ ༑སྨན་གྱི་ཤིང་གི་ཡམ་ཤིང་ནི། །ཨ་རུ་སྐྱུ་རུ་ལ་སོགས་པ་།སྦྱིན་སྲེག་འདི་ནི་རབ་ཏུ་སྦྱར། །རྒྱལ་སྲིད་ཐོབ་པར་འདོད་པ་ཡིས། །ས་གཞིའི་སྟེང་ན་གནས་པ་གང། །དེ་ཡི་ཆོ་ག་འདི་ནི་ མཆོག་པདྨའི་ཆོ་ག་སྦྱིན་སྲེག་རིམ། །པདྨ་ཆུ་ལ་འབུམ་ཕྲག་གཅིག་མངར་གསུམ་གྱིས་བཏགས་འདོད་པ་ཡི། །རས་བྲིས་སྦྱན་སྔར་སྦྱིན་སྲེག་བྱ། །རྒྱལ་པོ་འདོད་པར་གྱུར་པ་ཡིས།། ཆོ་ག་ཡང་དག་ཚུལ་བཞིན་བྱ། །བློན་པོ་ཐོབ་པར་འདོད་ན་ནི། །དེ་ཡི་ཆོ་ག་འདི་ནི་བཤད། །ཀུ་མུ་ད་ནི་འབུམ་ཕྲག་གསུམ། །འབྲས་བུ་འདོད་པས་སྦྱིན་སྲེག་བྱ། །དེ་ནི་རྒྱལ་པོའི་བློན་པོ་ ཉིད༑ ༑གང་ཞིག་འདོད་པས་འགྲུབ་པར་འགྱུར། །ཨ་བ་མརྒའི་འབྲས་དག་ནི། །མངར་གསུམ་གྱིས་ནི་བཏགས་ནས་སུ། །སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན། །ཡུལ་གྱི་བདག་པོའམ་ [419A]༄༅། །གྲོང་ཁྱེར་འཐོབ། །དྲི་ཞིམ་རྫས་རྣམས་འབུམ་ཕྲག་བདུན། །རས་བྲིས་མདུན་དུ་སྦྱིན་སྲེག་བྱ། །དེ་ནས་སྔགས་པའི་ཡིད་ལ་ནི། །ཅི་འདོད་པ་ནི་འཐོབ་པར་ འགྱུར༑ ༑གལ་ཏེ་བུད་མེད་བུ་མེད་པས། །བུ་ནི་དོན་དུ་གཉེར་བྱེད་ན་།དུར་བ་ཏིལ་དང་འབྲས་སོགས་པས། །སྦྱིན་སྲེག་བྱས་ན་བུ་རྙེད་འགྱུར། །ཁྱོ་ནི་དབང་དུ་བྱེད་འདོད་པས། །དེ་ཡི་ ཟེགས་མ་འབུམ་ཕྲག་སྲེག་བདག་པོ་དབང་དུ་འགྱུར་བ་ཡིན། །པདྨའི་ཟེ་བ་པྲི་ཡང་ཀུ། །ཀ་ལ་ཀི་བཅས་བསྲེག་པར་བྱ། །མི་འཁྲུགས་པ་ཡི་ནོར་རྙེད་ཅིང། །ཤིན་ཏུ་ཡིད་གཅུགས་ འབྱུང་བ་ཡིན། །སོ་བའི་འབྲུ་ཡི་སྦྱིན་སྲེག་གིས། །ཡིད་འདོད་མི་ཟད་པ་རུ་བཤད། །འདྲས་ཀྱི་སྦྱིན་སྲེག་བྱས་པ་ཡིས། །མི་ཟད་པ་ཡི་ནོར་ཡང་འབྱུང། །པདྨའི་ས་བོན་བིལ་བའི་ འབྲས༑ ༑ཀུ་མུ་ད་ཡི་འབྲས་བསྲེགས་ན། །དེས་ནི་མི་ཟད་ལོངས་སྤྱོད་འཐོང། །འབྲས་བུ་ཐམས་ཅད་སྦྱིན་བསྲེགས་པས། །ས་གཞི་རྒྱལ་སྲིད་འཐོབ་པར་འགྱུར། །ཚྭ་དང་ནིམ་པའི་ སྦྱིན་སྲེག་གིས། །དགྲ་བོ་དེ་མ་ཐག་ཏུ་འཆི། །དཔའ་བོ་གཅིག་པ་མཐོང་དགའ་བའི། །རས་བྲིས་ལེགས་པར་བཀྲམ་ནས་སུ། །དེ་ཡི་སྤྱན་སྔར་རབ་སྦྱར་བྱ། །གཉན་པོ་གནོད་བྱེད་ མངོན་སྤྱོད་ནི། །གནོད་སྦྱིན་ཆེ་དང་རྒྱལ་པོ་ཆེ། །ས་སྟེང་རང་སེམས་སྙེམས་ཚུལ་ཅན། །མངོན་པོའི་ང་རྒྱལ་ང་རྒྱལ་ཆེ། །གདུག་ཅིང་གདུག་པའི་ལས་བྱེད་པ། །དཀོན་མཆོག་ [419B] །ཆད་རྟག་གསང་སྔགས་དམ་པ་སྤངས། །གསང་སྔགས་མཆོད་པར་མི་བྱེད་ཅིང། །དེར་གུས་རྟེན་པ་སྨོད་པར་བྱས། །བཟླས་པས་སུན་ནི་འབྱིན་པ་ སྟེ༑ ༑དེ་རྣམས་ཕ་རོལ་གནོན་པས་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་རྣམས་ཉིད་ལ་སྦྱར་བར་བྱ། །སྡིག་པའི་ཡུལ་ཅན་ཆོས་མེད་པ། །འབྱུང་པོ་ཐམས་ཅད་སྲེག་པར་བྱེད། །དེ་ རྣམས་ལ་ནི་ལས་སྦྱར་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །སྦྲུལ་གྱི་ཤུབས་ནི་བླངས་ནས་སུ། །དུག་དང་ལྷན་ཅིག་ཕྱེ་མར་བཏབ། །དེ་ནས་ནི་མ་པའི་འདབ་བླངས་ལ། །དགྲ་བོའི་ མིང་ནི་བྲི་བར་བྱ། །དབེན་པའི་ས་ཕྱོགས་སུ་གནས་ཏེ། །དུག་གིས་རྟག་ཏུ་བྲི་བར་བྱ། །ཐོད་པ་ལྔ་ནི་བླངས་ནས་སུ། །ཡུངས་མར་གྱིས་བྱུགས་བཀང་ནས་ནི། །ནི་མ་པའི་ཤིང་ལ་བློ་ ལྡན་གྱིས། །ཆོ་ག་བཞིན་མེ་སྦར་བར་བྱ། །གསུམ་གྱིས་སྒྱེད་བུ་བྱས་ནས་སུ། །གཅིག་ནི་སྟེང་དུ་གཞག་པར་བྱ། །བཞི་པ་ཡུངས་ཀར་གྱིས་བཀང་བ། །དེ་ཡི་སྟེང་དུ་གཞག་པར་ བྱ༑ ༑སྦྲུལ་གྱི་ཤུབས་ནི་བླངས་ནས་སུ། །མིང་དེ་ནང་དུ་གཞུག་པར་བྱ། །དུམ་བུ་རེ་རེར་གཏུབས་ནས་སུ། །ཐོད་པ་རེ་རེར་གཞུག་པར་བྱ། །བརྒྱ་རྩ་བརྒྱད་ནི་མངོན་བསྔགས་ནས།། ངས་བྲིས་བྱང་དུ་ཞལ་གཟིགས་ཏེ། །སྔགས་པ་ལྷོ་རུ་ཕྱོགས་པར་བྱ། །ཁྲོས་པས་ཙོག་ཙོག་པོར་འདུག་སྟེ། །སྐྲ་གྲོལ་བ་ཡི་ཁྲོ་བོ་ཉིད། །སྔགས་པས་འདུག་པ་ཙོག་པོར་བྱ།། [420A]༄༅། །ཐལ་བར་འགྱུར་གྱི་བར་དུ་ནི། །འདི་ནི་ཉིན་ཕྱེད་ན་བྱས་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །འཆི་ལས་ཀྱི་ནི་འདབ་མ་བླང། །ཤུན་པའམ་ནི་རྩ་བར་ བཅས༑ ༑རང་གི་ཁྲག་ནི་ཉིད་དག་དང། །ཡུངས་མར་དག་ནི་ཡང་དག་ལྡན། །ཚྭ་དང་རྒྱ་སྐྱེགས་ཉིད་དང་ནི། །འདི་དག་ཐམས་ཅད་གཅིག་བྱས་ཏེ། །དབེན་པ་ཡི་ནི་གནས་དག་ ཏུ༑ ༑རས་བྲིས་བྱང་དུ་ཞལ་བསྟན་ཏེ། །སྔགས་པ་ལྷོ་ཡི་ཕྱོགས་སུ་ཕྱོགས། །མེ་ཡི་ཐབས་ཁུང་བྱས་ནས་སུ། །ཚྭ་བའི་ཤིང་གིས་ཁྱད་པར་དུ། །ཡམ་ཤིང་ཡང་ནི་རབ་ཏུ་བྱ། །ཚྭ་བའི་ ཤིང་ནི་འབའ་ཞིག་གིས། །དེ་ཉིད་ཀྱིས་ནི་སྤར་བར་བྱ། །སྟོབས་ཆེན་མེ་ཡི་ཐབ་ཁུང་དུ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །བསྲེག་བླུགས་བདུན་དུ་བསྲེག་པར་བྱ། །དེ་ནི་ཁྲོ་བོའི་ གཟུགས་ཅན་ཏེ། །དེ་རུ་ཡེ་ཤེས་མེ་ནི་སྤར། །རལ་གྲིའི་ཕྱག་རྒྱ་བཅིངས་ནས་ནི། །མཁས་པས་སྔགས་ཀྱི་བཟླས་པ་བྱ། །ཁྲོས་པས་བསྲེག་བླུགས་སྟོང་ཕྲག་བརྒྱད། །མེ་ཡི་ ཐབ་ཏུ་དབུལ་བར་བྱ། །དང་པོ་བུ་ནི་འཆི་བར་འགྱུར། །གཉིས་པ་ལ་ནི་བཞོན་པར་བཅས། །གསུམ་པ་ལ་ནི་ཡུལ་འཁོར་ཀུན། །བཞི་པ་ལ་ནི་རང་སྲེག་གོ། །བསྟན་པ་ཡི་ནི་ལས་ འདི་ནི༑ ༑ཉི་མ་གཅིག་གིས་འབྱུང་བར་འགྱུར། །ཡང་ན་ཡུལ་འཁོར་འཇིག་པའམ། །ས་གཞིའི་བདག་པོ་འཆི་བར་འགྱུར། །རླུང་ནག་ཆར་པ་དེ་བཞིན་བདུད། །མེ་ཡིས་ཚིག་ [420B] །ཆར་ཆེན་མི་བཟད་པ་ཡི་རླུང། །རྡུལ་ཚུབ་ཆར་པར་འབྱུང་བར་འགྱུར། །ཕ་རོལ་དམག་ཚོགས་ཁྲོས་པས་འཚེ། །སྟག་དང་སེངྒེའི་མཆེ་བས་འདེབས། །ཕྱོགས་ཀུན་ ནས་ནི་འབྱུང་བ་ཡི། །གནོད་པ་ཆེན་པོ་འབྱུང་བར་འགྱུར། །གདུག་པའི་ལས་ནི་བྱས་པ་ཡིས། །ཉི་མ་དེ་ལ་འབྱུང་བར་འགྱུར། །སྔགས་པ་དང་བ་མེད་པས་ན། །དེ་ནི་ཞི་བར་ག་ལ་འགྱུར།། ཚངས་པ་ལ་སོགས་ལྷ་ཚོགས་དང། །འཇིག་རྟེན་སྐྱོང་དང་རྫུ་འཕྲུལ་ཆེ། །འཇིག་རྟེན་པ་ཡི་ལྷ་ཀུན་དང། །གང་ཡང་མ་མོར་བཤད་པ་གཞན། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་ བཅུ་གནས་ཀྱི་དབང་ཕྱུག་དང། །རྫུ་འཕྲུལ་ཆེན་པོ་སངས་རྒྱས་དང། །སྔགས་པ་ས་སྟེང་གནས་པ་དང། །དེ་ནི་སྲུང་བར་མི་ནུས་ཏེ། །རྒྱལ་པོ་ཁྲོས་པར་གྱུར་པ་ཡིས། །དེ་ནི་སྲུང་བར་མི་ནུས་ ཏེ༑ ༑རང་གི་ཁྲག་གིས་ལན་ཚྭ་བཏགས། །ཚ་བ་གསུམ་ཡང་ཁྱད་པར་དུའོ། །བདག་ཉིད་ལྷོ་ཕྱོགས་སུ་བལྟས་ཏེ། །རས་བྲིས་བྱང་དུ་ཞལ་ཕྱོགས་ལ། །མེ་ཡི་ཐབས་ཁུང་བྱས་པ་རུ། །ཚེར་ མ་ཅན་གྱི་མེ་སྦར་ཏེ། །ཀུན་ནས་ཁྲོས་བཅས་གདུག་པ་ཡིས། །དེ་ནས་དགྲ་བོའི་མིང་བཟུང་ལ། །ཙོག་ཙོག་པོར་འདུག་ཡང་དག་སྲེག་སྲེག་བླུགས་བདུན་ཕྲག་གསུམ་གཉིས་སམ། ། སྟོང་ཕྲག་བརྒྱད་དུ་མངོན་བསྔགས་ནས། །གདུག་པའི་ལས་ཀྱིས་སྦྱིན་སྲེག་བྱ། །དང་པོ་ལ་ནི་བུ་ཡིན་ཏེ། །གཉིས་པ་ལ་ནི་ཆུང་མར་བཤད། །གསུམ་པ་ལ་ནི་བདག་ཉིད་འགྲོ། །བཞི་ [421A]༄༅། །པ་ལ་ནི་བཞོན་པ་དཔུང། །ལྔ་པ་ལ་ནི་རང་གི་ཡུལ་།དྲུག་པ་ལ་ནི་རིགས་བརྒྱུད་གཉེན། །བདུན་པ་ཐེ་ཚོམ་མེད་པར་ནི་།ས་གཞིའི་སྟེང་དུ་ཐལ་བར་རློག་ཐུན་ ཕྱེད་དང་ནི་དབྱུག་གུ་འམ། །ཉི་མ་ཕྱེད་ནས་ཁྲོས་པ་ཡིས་།ཐགས་བཟང་རིས་ཀྱང་འཆི་འགྱུར་ན། །སྐྱེ་བོ་ཕྲ་མོ་ལྟ་ཅི་སྨོས། །གལ་ཏེ་བདེ་ལེགས་འགྱུར་འདོད་ན། །རང་གི་ཡུལ་ འཁོར་ཕོ་བྲང་འདིར། །འོ་མའི་སྲེག་བླུགས་སྟོང་ཕྲག་གིས། །དེ་མ་ཐག་ཏུ་རྣལ་མར་འགྱུར། །གསང་སྔགས་འཆང་བས་ས་སྟེང་དུ་།རྟག་ཏུ་ཡུལ་མེད་བྱེད་འདོད་དམ། །དགྲ་བོ་ མྱོས་པར་བྱེད་པ་འམ། །ཡང་ན་དབྱེ་བར་འདོད་པ་ན། །མི་རུས་ཕྱེ་མ་ཚྭ་དང་ནི། །སྐེ་ཚེ་དང་ནི་གནོད་སྦྱིན་འཁྲིགས། །རས་བྲིས་སྤྱན་སྔར་སྲེག་བླུགས་བྱ། །སྲེག་བླུགས་བདུན་ གསུམ་ཡང་ན་ལྷག་སྲེག་བླུགས་ལས་ནི་ཟིན་པ་ན། །ཐེ་ཚོམ་མེད་པར་མྱོས་པར་འགྱུར། །དེ་ནི་ཞི་བར་འདོད་པ་ན། །དུར་བའི་འདབ་མ་འོ་མས་བཏགས། །སྟོང་ཕྲག་གཅིག་ ཏུ་སྲེག་བླུགས་བྱ། །གང་ཚེ་སྔགས་པ་འདོད་པ་ན། །དེ་ཡི་ཚེ་ན་རྣལ་མར་འགྱུར། །དུག་ཉིད་དང་ནི་ཁྲག་དང་ནི། །རུས་པའི་ཕྱེ་མ་ཡང་དག་ལྡན། །ནིམ་པའི་ས་བོན་ལྡན་པ་ནི།། ཡུངས་མར་གྱིས་བཏགས་མཉེ་བར་བྱ། །རས་བྲིས་བྱང་དུ་ཞལ་བལྟས་ལ། །མྱོས་ཕྱེད་ཤིང་གི་མེ་དག་ལ། །ཁྲོས་དང་ལྡན་པས་སྲེག་བླུགས་ནི། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་ [421B] ༑བརྒྱ་རྩ་བརྒྱད་ནི་སྔགས་བྱས་ནས། །སྟན་ལ་ཙོག་ཙོག་པོར་འདུག་ཅིང། །སྲེག་བླུགས་ལས་ནི་རྫོགས་པ་ན། །དུ་བ་མེ་ནི་ཀུན་ཏུ་འཁྲིགས། །བུ་དང་ཕྱུགས་དང་གཉེན་བཅས་ པའི༑ ༑དགྲ་ཡི་སྲོག་ནི་འཆད་པར་འགྱུར། །མི་ཡི་རུས་པའི་ཕྱེ་མ་བླང། །དེ་ནས་ནིམ་པ་ལྡང་བར་བླང། །བདག་ཉིད་ཀྱི་ནི་ཁྲག་གམ་ནི། །ཡུངས་མར་གྱིས་ནི་བཏགས་བྱས་ལ། །རས་བྲིས་ བྱང་དུ་ཞལ་ཕྱོགས་ཏེ། །སྲེག་བླུགས་བདུན་དུ་སྦྱིན་སྲེག་བྱ། །བུ་དང་ཕྱུགས་དང་ཉེ་དུར་བཅས། །དགྲ་སྲོག་དེ་མ་ཐག་ཏུ་སྐམ་།སེམས་ཅན་གདུག་པའི་རྒྱལ་པོ་དང། །གཞན་ཡང་ལྷ་ ལ་སོགས་པ་དང། །མ་མོ་རྣམས་ཀྱིས་ས་སྟེང་དུ། །སྔགས་པ་ལ་ནི་གནོད་བྱེད་པ། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །སྦྱོར་བ་འདི་ནི་བརྩམ་པར་བྱ། །སྐེ་ཚེ་དུག་གིས་དེ་བཞིན་ བཏགས། །ནིམ་པའི་འབྲས་བུ་ཡང་དེ་བཞིན། །ཅི་རིགས་སྦྱིན་སྲེག་བྱས་གྱུར་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །རྩེ་གཅིག་པ་ཡི་ཡིད་ཀྱིས་སུ། །དེ་ཉིད་ཚོགས་རྣམས་མཉན་པར་ གྱིས༑ ༑གང་གིས་འཕྲལ་དུ་འབྲས་བུ་འབྱུང། །གསང་བའི་སྦྱོར་བ་བཤད་པར་བྱ། །ནིམ་པའི་འདབ་མ་དུག་གིས་བཏགས། །དེ་ལ་ཁྲག་གིས་མིང་བྲི་བྱ། །ཚ་བ་གསུམ་གྱི་མེ་སྦར་ཏེ། ། སླགས་པ་རྟག་ཏུ་ལྷོ་རུ་ཕྱོགས། །རས་བྲིས་བྱང་དུ་ཕྱོགས་པས་དགམ། །སྟན་ལ་ཙོག་ཙོག་པུར་འདུག་སྟེ། །ཁྲོས་པའི་ཡིད་ཀྱིས་བསྲེག་པར་བྱ། །སྲེག་བླུགས་བདུན་ལ་ཉི་ཤུ་སྔགས་ [422A]༄༅། །རིགས་རྒྱུད་ཕྱུགས་དང་གཉེན་བཅས་པའི། །དགྲ་བོ་དེ་ཡི་ཚེ་ན་འཆི། །དབྱུག་གུ་ཕྱེ་དམ་ཡུད་ཙམ་གཅིག་གང་དུ་ལ་ལར་གནས་ན་ནི། །སྔགས་པའི་ དགྲ་བོ་གནོད་བྱེད་ལ། །སྦྱོར་བ་འདི་ནི་བརྩམས་བྱས་ནས། །དགྲ་བོ་དེ་མ་ཐག་ཏུ་འཆི། །ཚིག་འདི་གཞན་དུ་མ་ཡིན་ནོ། །རང་གི་ཁྲག་གིས་ཚ་གསུམ་བཏགས། །དགྲ་བོ་ཡི་ནི་ གཟུགས་བརྙན་བྱ། །བློ་ལྡན་ནིམ་པའི་འདབ་མ་ལ། །མིང་བྲིས་ནང་དུ་གཞུག་པར་བྱ། །ས་སྟེང་ནིམ་པའི་ཤིང་ཡང་དག་མཁས་པས་རྣམ་པར་བླངས་ནས་སུ། །ཡང་དག་ཆོ་ག་ ཤེས་པ་ཡི། །དུག་གིས་བསྒོས་ཏེ་བྱུག་པར་བྱ། །ཆོ་ག་བཞིན་དུ་དུག་བྱུགས་ལ། །སྐད་ཅིག་དེ་ལ་སྦར་བར་བྱ། །སྔགས་པ་ལྷོ་རུ་ཕྱོགས་པ་དང། །རས་བྲིས་རྟག་ཏུ་བྱང་དུ་ ཕྱོགས༑ ༑ཙོག་ཙོག་པོར་འདུག་རྒྱུད་ཁྲོས་པ། །འབར་ཞིང་མཆེད་པའི་མེ་ལྟ་བུར། །དགྲ་བོ་ཡི་ནི་མིང་སྨོས་ན། །དེ་ཉིད་ཀྱི་ཡང་བྱ་བས་ནི། །སྲེག་བླུགས་གསུམ་དུ་སྦྱིན་ བསྲེགས་ན། །དགྲ་བོ་མོད་ལ་འཆི་བར་འགྱུར། །བུ་དང་རང་གི་རིགས་བརྒྱུད་བཅས། །ཆུང་མ་དང་བཅས་བུ་གཉེན་དང། །དེ་བཞིན་གཤེགས་པ་བསྲུངས་གྱུར་ཀྱང། །དེ་མ་ ཐག་ཏུ་ཐལ་བར་རློག་གཅིག་གིས་བདག་ཉིད་བརླག་འགྱུར་ཏེ། །གཉིས་པ་ཡིས་ནི་ཆུང་མ་འོ། །གསུམ་པས་བུ་དང་གཉེན་ལ་སོགས། །འདིར་ནི་འཆི་བར་ཐེ་ཚོམ་མེད། ། [422B] །ཡན་ལག་ལྔ་ནི་བླངས་ནས་ནི། །རང་གི་ཁྲག་དང་དུག་ལྡན་པ། །ནིམ་པ་ལྔ་ནི་བདགས་ནས་སུ། །དེ་ཡིས་གཟུགས་བརྙན་བྱས་པ་དང། །དགྲ་བོའི་མིང་ ནི་བྲིས་པ་དག་དེ་ནི་གཏུགས་ནས་སྲེག་བླུགས་ནི། །བརྒྱད་ཉིད་ཀྱིས་ནི་བསྲེག་པར་བྱ། །བུ་དང་ཕྱུགས་དང་གཉེན་དུ་བཅས། །སྐྱེ་པོ་དེ་ཡི་མོད་ལ་འཆི། །གལ་ཏེ་དགྲ་བོ་སྐྱོབ་བྱེད་པ། ། བདེ་བྱེད་དེ་ནས་ཁྱབ་འཇུག་དང། །ཚངས་པས་ཡང་དག་སྲུང་གྱུར་དང། །མ་མོས་སྲུང་བར་བྱེད་པ་དང། །གཞན་ཡང་སྙན་པར་གྲགས་པ་ཡིས། །བརྒྱ་བྱིན་ལ་སོགས་ལྷ་དབང་གིས། ། སྔགས་པས་དང་བ་མེད་པས་ན། །དེ་ཚེ་སྲུང་བར་མི་ནུས་སོ་།ཐུགས་བརྩེ་ལྡན་པའི་ཐུགས་ཀྱིས་ནི། །སྔགས་པ་གང་ཚེ་དང་བ་ན། །དུར་བ་དང་ནི་བསྲེས་པ་ཡིས། །འོ་མའི་སྲེག་བླུགས་ དེ་ཚེ་བསྲེག་མཆོག་ཏུ་བདེ་བ་གཏད་པས་ན། །དེ་ནས་རྣལ་མ་དག་ཏུ་འགྱུར། །གོས་རློན་པ་ནི་བླངས་ནས་སུ། །རྒྱ་སྐྱེགས་ཁུ་བས་རྣམ་པར་བཏགས། །དུང་གི་ཕྱེ་མ་ཉིད་དག་དང། ། དུག་དང་སྐེ་ཚེ་ཡང་དག་ལྡན། །དབེན་པའི་གནས་སུ་འདུག་ནས་ནི་།ནིམ་པའི་ཤིང་ལ་མེ་སྦར་ཏེ། །གསང་ཤེས་གང་ཞིག་ཁྲོས་པ་དང། །སྔགས་ཤེས་གཏུམ་པར་གྱུར་པ་ཡིས།། ཏེ་མི་ཕྱེད་ཀྱི་ཆར་གནས་ནས། །སྲེག་བླུགས་བདུན་དུ་བསྲེགས་པ་ན་།སྔགས་པ་དོགས་མེད་གསང་བར་གནས། །དེ་ནས་བརྗོད་པས་སྦྱིན་སྲེག་བྱ། །དང་པོ་སྲེག་བླུགས་སྦྱར་བ་ [423A]༄༅། །ཡིས༑ ༑དུག་དང་ཕོལ་མིག་རྣམ་པར་ལྡན། །གཉིས་པ་ལ་ནི་ཉིན་བཞི་པ། །གསུམ་པ་ལ་ནི་རིམས་ཆེན་པོ། །བཞི་པ་ལ་ནི་ལུས་སྐམ་འགྱུར། །ལྔ་པ་ལ་ ནི་དྲན་པ་མེད། །དྲུག་པ་ལྷག་མ་ཅུང་ཟད་ཙམ། །བདུན་པ་ལ་ནི་སྲོག་འགྲོ་བའོ། །སྔགས་པའི་ལས་ནི་འགྲུབ་བྱའི་ཕྱིར། །གསང་བ་འདི་ནི་བཤད་པ་ཡིན། །མདོར་བསྡུས་ནས་ནི་ བཤད་བྱ་ཡི། །རྫུ་འཕྲུལ་ཆེན་པོ་རྟག་ཏུ་ཉོན། །སྔགས་པ་དང་བ་མེད་པས་ན། །གཞན་དུ་ན་ནི་འཚོ་མི་ནུས། །ཇི་སྲིད་སྔགས་པ་དང་མེད་པར། །དེ་ནི་གང་ལས་ཞི་བར་འགྱུར། །ཇི་ སྲིད་སྔགས་རྒྱལ་བརྙེས་པ་དང། །ཐུགས་བརྩེས་བརླན་པ་དེ་ཡི་ཚེ། །ཞི་བ་རུ་ནི་འགྱུར་བ་ཡིན། །དུག་དང་ནི་མ་པ་སྒོག་སྐྱ་དང། །དུང་གི་ཕྱེ་མ་ཉིད་དང་ནི། །རས་བྲིས་ཉེ་བའི་དྲུང་དུ་ ནི༑ ༑ཉི་ཤུ་ཐམ་པ་བསྲེག་པར་བྱ། །གཉེན་དང་འཁོར་དང་ཕྱུགས་བཅས་པའི། །དགྲ་བོ་རྩད་ནས་བཅད་པར་འགྱུར། །གསང་སྔགས་འཛིན་པ་མ་གཏོགས་པ། །དེ་བཞིན་དེ་ཚེ་སུ་ ཡིས་ནུས། །ཚ་བ་གསུམ་དང་ལན་ཚྭ་དང། །དུག་དང་རང་སྐྱུར་བཅས་པ་དང། །ཡུངས་མར་དང་ནི་སྐྲ་དང་ཡང། །སྦྲུལ་གྱི་ཤུབས་ནི་ཉིད་དག་དང། །ནིམ་པའི་འདབ་མ་འབྲས་བུར་ བཅས༑ ༑མི་ཡི་རུས་པའི་ཕྱེ་མ་དང། །སྐེ་ཚེ་དང་ནི་དུད་ཕྱེ་དང། །སྒོག་བཙོང་དང་ནི་སྒོག་སྐྱ་ཉིད། །འདི་རྣམས་ཕྱེ་མར་བྱས་ནས་སུ། །ཚེར་མའི་མེ་ལ་མཉམ་བཞག་པའི། །སྔགས་ [423B] །དགྲ་བོའི་མིང་ནི་མྱུར་སྨོས་ནས་།སྲེག་བླུགས་གཅིག་ནི་བསྲེགས་གྱུར་ན། །དགྲ་བོ་དེ་ནི་མོད་དུ་བརླག་།གསུམ་དང་བདུན་དང་དེ་ནས་གཅིག་ དགྲ་བོ་སྲེག་བླུགས་སྦྱིན་བསྲེགས་ན། །རང་གི་ཕ་ཚན་ཡུལ་འཁོར་བཅས། །ཉེ་དུ་ཕྱུགས་རྣམས་བརླག་པར་འགྱུར། །གལ་ཏེ་མཁས་པས་དགྲ་བོ་ནི། །སྨྱོ་བར་བྱ་བར་འདོད་པ་ ཡིས༑ ༑ཡན་ལག་གཟུགས་བརྙན་བྱས་ནས་སུ། །ལྔ་ནི་འབྲས་བུར་བཅས་པ་དང། །དྷ་དུ་ར་ཡི་སྲེག་བླུགས་བདུན། །དེ་མ་ཐག་ཏུ་སྨྱོ་བར་འགྱུར། །ཚ་བ་གསུམ་དང་ལན་ཚྭ་ཉིད།། རྟག་པ་ཉིད་དུ་བསྲེགས་གྱུར་ན། །ནད་ཆེན་པོས་ནི་ཟིན་གྱུར་ནས་།ཤིང་སྐམ་བཞིན་དུ་སྐམ་པར་འགྱུར། །ཛམ་བི་ར་ཡི་རང་སྐྱུར་བཅས། །རྒྱུན་དུ་བསྲེགས་པ་ཉིད་གྱུར་ན། །གྲང་ བའི་རིམས་ནི་ཚབས་པོ་ཆེས། །དེ་མ་ཐག་ཏུ་འཇོམས་པར་འགྱུར། །ཞི་ལ་འོ་མའི་སྦྱིན་སྲེག་གིས། །ཐམས་ཅད་དུ་ནི་བརྗོད་པ་ཡིན། །ཁྭ་ཡི་སྒྲོ་ནི་བླངས་ནས་སུ། །ཨེ་རཎྜ་ཡི་མར་ ཁུས་བཏགས། །དྷ་དུ་ར་ཡི་མེ་ལ་ནི། །སྲེག་བླུགས་ཉི་ཤུ་ཐམ་པ་བསྲེག་ཁྭ་ཏ་བཞིན་དུ་ཕྱོགས་ཀུན་ཏུ། །དེ་མ་ཐག་ཏུ་དགྲ་བོ་འཁྱམས། །ལན་ཚྭ་དུག་དང་ཀུན་ཏུ་ལྡན། །མི་ ཡི་རུས་པ་སྐེ་ཚེར་བཅས། །ཡུངས་ཀར་ཀུན་ཏུ་ལྡན་པ་རྣམས། །ནིམ་པའི་མེ་ནི་མི་བཟད་པར། །དགྲ་བོའི་སྲེག་བླུགས་བྱས་གྱུར་ན། །དེ་མ་ཐག་ཏུ་ཐལ་བར་རློག་བ་ལང་མཁྲིས་ [424A]༄༅། །པ་ལན་ཚྭར་ལྡན། །རྒྱ་སྐྱེགས་ཁུ་བར་བཅས་པ་རྣམས་།བསྲེགས་ན་དགྲ་བོ་ཉམས་ནས་ནི། །དེ་མ་ཐག་ཏུ་འཆི་བར་འགྱུར་།སྒེའུ་གཤེར་གྱི་ཁུ་བར་ལྡན།། དེ་བཞིན་ལན་ཚྭ་ཚ་བ་གསུམ། །དེ་ཡི་གཟུགས་བརྙན་བྱས་ནས་སུ་།དུར་ཁྲོད་ཀྱི་ནི་མགལ་དུམ་བླངས། །དེ་ཉིད་ལ་ནི་མེ་སྦར་ཏེ་།མིང་ནི་གཟུགས་བརྙན་ནང་དུ་གཞུག་གང་དུ་ ཅུང་ཟད་ཅི་ཡོད་པ། །རྐང་པའི་རྩེ་མོ་ཐུག་པར་བསྲེག་ཡུལ་དང་ཡུལ་འཁོར་བཅས་པ་དང། །འདིར་ནི་བུ་ཕྱུགས་གཉེན་དུ་བཅས། །བདག་ཉིད་དང་ནི་ཆུང་མར་བཅས། །འདིར་ ནི་མོད་དུ་ཐལ་བར་རློག་མཁས་པས་སོལ་བའི་ཐལ་བ་ཡིས། །དགྲ་བོའི་གཟུགས་བརྙན་བྲིས་ནས་སུ། །རྐང་པས་རབ་ཏུ་མནན་ནས་སུ་།ཀུན་ནས་ཁྲོས་པས་བཟླས་པ་ བརྩམ༑ ༑གཟེར་ཟུག་ཚབས་པོ་ཆེས་འདེབས་ཤིང། །ཕོལ་མིག་ཆེན་པོ་འབྱུང་བར་འགྱུར། །ས་གཞི་ཀུན་ཏུ་མྱོས་འགྱུར་བར། །དེ་མ་ཐག་ཏུ་འགྱུར་བ་ཡིན། །གསང་སྔགས་ འཛིན་པ་མ་གཏོགས་པ། །ས་སྟེང་གཞན་མ་སུ་ཡིས་ནུས། །འོ་མ་ཅན་ཤིང་ཡམ་ཤིང་དང། །དཀར་གསུམ་སྦྱིན་སྲེག་བྱས་པ་ཡིས། །སྐྱེ་བོ་དེ་ནི་རྣལ་མར་འགྱུར། །སྔགས་པའི་ བཀའ་དྲིན་བཟང་པོས་སོང། །སྤངས་པ་རབ་ཏུ་བླངས་ནས་སུ། །མཁས་པས་ཁང་པ་སྟོང་པར་བྱ། །ནིམ་པའི་འདབ་མར་དགྲ་ཡི་མིང་།ཐམས་ཅད་དུག་གིས་བྱུགས་ནས་སུ། ། [424B] །ནིམ་པའི་འདབ་མར་དགྲ་ཡི་མིང། །རང་གི་ཁྲག་གིས་བྲིས་ནས་སུ། །དེ་ཡི་ནང་དུ་བཅུག་ནས་སུ་།རྒྱས་པས་རབ་ཏུ་བསྒྲིམ་པར་བྱ། །ཚ་བ་ གསུམ་གྱིས་མེ་སྦར་ཏེ། །སྲེག་བླུགས་གསུམ་དུ་སྦྱིན་སྲེག་བྱ། །སྔགས་པས་འཇིག་རྟེན་གསུམ་བརླག་ན། །གདུག་པའི་ས་བདག་སྨོས་ཅི་དགོས་།གལ་ཏེ་ཞི་བར་བྱེད་འདོད་ན། ། སྙིང་རྗེ་ཡིས་ནི་སེམས་བརླན་ཅིང། །འོ་མ་ཅན་ཤིང་ཡམ་ཤིང་ནི་།འོ་མས་བཏགས་ནས་ཏིལ་དང་འབྲས། །སྲེག་བླུགས་བརྒྱ་རྩ་བདུན་བསྲེགས་ན། །དེ་མ་ཐག་ཏུ་ཞི་བར་འགྱུར། །བྱ་ རྒོད་ཤ་དང་དེ་བཞིན་འུག་བྱི་ལ་ཡི་ནི་ཤ་རྣམས་དང། །ནེའུ་ལེ་སྤུ་ནི་བླངས་ནས་སུ། །བསྣུན་པའི་མེ་ལ་བསྲེགས་གྱུར་ན། །སྲེག་བླུགས་གསུམ་ཙམ་ཉིད་ཀྱིས་སུ། །མྱུར་བ་ཉིད་དུ་ དབྱེ་བར་འགྱུར། །བྱ་རྒོད་རུས་པ་སྦྲུལ་རུས་རྣམས། །མི་ཡི་ཁ་ཡི་རུས་པ་རྣམས། །འདི་རྣམས་སེར་རྩིར་གཏུབས་ནས་སུ། །ཁྱིམ་གྱི་དྲུང་དུ་སྦས་ནས་ནི། །གལ་ཏེ་བདེ་བྱེད་ཀྱིས་ བསྲུངས་ཀྱང། །དེ་མ་ཐག་ཏུ་དགྲ་བོ་བརླག་དུག་དང་བདག་ཉིད་ཁྲག་དང་ནི། །ལན་ཚྭ་ཚ་བ་གསུམ་དེ་བཞིན། །འདི་ཡིས་གཟུགས་བརྙན་བྱས་ནས་སུ། །དགྲ་བོའི་མིང་ནི་རབ་ཏུ་ གཞུག་ནིམ་པའི་ཤིང་ལ་མེ་སྦར་ཏེ། །ཁྲོ་བོའི་མེ་ནི་ཡང་དག་མཆོད། །གང་དུ་ཅུང་ཟད་ཅི་ཡོད་པ། །སྲེག་བླུགས་གསུམ་ནི་བསྲེག་པར་བྱ། །སྲེག་བླུགས་གཅིག་ནི་བྱས་པ་ཡིས།། [425A]༄༅། །བདག་ཉིད་བུ་དང་ཆུང་མའོ། །གཉིས་ཀྱིས་རང་གི་གཉེན་ཚོགས་ཉིད། །གསུམ་པས་ཡུལ་འཁོར་བཞོན་དཔུང་བཅས། །རང་བྱུང་བས་ནི་བསྲུངས་གྱུར་ ཀྱང། །ཐལ་བ་ཉིད་དུ་རློག་པར་འགྱུར། །བདག་ཉིད་ཀྱི་ནི་སྟོབས་ཀྱིས་སུ། །རས་ནི་རློན་པ་ཀུན་ཏུ་བྱས། །བསྒྲུབ་བྱའི་མིང་ནི་སྨོས་ནས་སུ། །དེ་འོག་དེ་བཞིན་གཟུགས་བརྙན་བྱ། ། མགོ་བོ་རྡོག་པས་རབ་མནན་ཏེ། །ཁྲོས་པས་ཡ་སོས་མ་མཆུ་མནན་།བརྒྱད་ཀྱི་ཆ་ནི་བཟླས་པ་ན། །ནད་ནི་ཆེན་པོས་འདེབས་པར་བྱེད་།རིམས་དང་བརྒྱལ་བར་འགྱུར་བ་སྟེ། །མཆེར་ པའི་ནད་དང་མཚན་པར་རྡོལ། །ནད་རྣམས་ཐམས་ཅད་ཀུན་ཏུ་ལྡན་།ཆུ་སྲི་བས་ནི་ཟིན་འགྱུར་ཞིང། །རིགས་རྒྱུད་ཕྱུགས་དང་གཉེན་དུ་བཅས། །དགྲ་བོ་དེ་མ་ཐག་ཏུ་འགྱུར།། གསང་སྔགས་འཆང་བ་མ་གཏོགས་པ། །གཞན་མ་ནུས་པ་སུ་ཞིག་ཡོད་།སྐྲ་དང་རྐང་པའི་སར་གནས་པ། །དགྲ་བོ་དེ་ནི་བླང་བར་བྱ་།དེ་ཡི་གཟུགས་བརྙན་བྱས་ནས་ནི། །དུག་ དང་སྐེ་ཚེ་བཅས་པ་རྣམས། །ཚེར་མའི་མེ་ལ་སྦྱིན་སྲེག་བྱ་།དགྲ་བོ་མོད་དུ་བརླག་པར་འགྱུར། །དགྲ་བོའི་རུས་པའི་ཕྱེ་མ་ནི་།དུག་དང་རང་སྐྱུར་ཡང་དག་ལྡན། །དགྲ་བོའི་ གཟུགས་ནི་བྱས་ནས་སུ། །ནིམ་པའི་ཤིང་ནི་མེར་བསྲེགས་ན། །གསོ་བར་མི་ནུས་ནད་ཀྱིས་ནི། །སྐྱེ་བོ་དེ་མ་ཐག་ཏུ་འདེབས། །གསང་སྔགས་འཆང་བ་མ་གཏོགས་པ། །གསོ་ནུས་ [425B] །ནིམ་པ་དུག་དང་ཚ་བ་གསུམ། །དྷ་དུ་ར་ཡི་འབྲས་བུ་རྣམས། །འདི་རྣམས་གཅིག་ཏུ་བྱས་ནས་ནི། །གཟུགས་བརྙན་རབ་ཏུ་བྱ་བ་ཡིན། །དེ་ཡི་ལུས་པོ་ གཏུབས་བསྲེགས་ན། །དེ་མ་ཐག་ཏུ་སྲོག་འཆད་འགྱུར། །ཁྲག་དང་ལན་ཚྭ་དུག་དང་ནི། །དེ་ཉིད་གཅིག་ཏུ་བྱས་ནས་སུ། །ཨརྒའི་ཤིང་མེ་དེ་བཞིན་དུ། །སྲེག་བླུགས་གསུམ་ནི་ བསྲེག་པར་བྱ། །དབྱུག་གུ་གཅིག་གམ་ཐུན་ཕྱེད་ན། །དེ་མ་ཐག་ཏུ་ས་སྟེང་འཆི། །ཡུངས་མར་གྱིས་ནི་བཏགས་བྱས་ལ། །རས་བྲིས་བྱང་དུ་ཕྱོགས་བྱས་ཏེ། །ལན་ཚྭ་ནི་མ་པའི་འདབ་ མ་དང། །ཚྭ་བའི་མར་ཁུ་དེ་བཞིན་དུ། །སྲེག་བླུགས་ལན་བདུན་ཙམ་ཉིད་ནི། །སྔགས་པས་གང་དུ་གནས་པས་བསྲེག་སྲེག་བླུགས་ལན་བདུན་རྫོགས་པ་ན། །ས་སྟེང་དེ་མ་ ཐག་ཏུ་འཆི། །རང་གི་ཁྲག་དང་ཚ་བ་གསུམ། །ཡུངས་མར་དང་ནི་ཡང་དག་ལྡན། །ཚེར་མའི་མེ་ལ་བསྲེགས་གྱུར་ན། །དེ་མ་ཐག་ཏུ་ཐལ་བར་རློག་ཨརྒ་ནུ་ཧི་འོ་མ་དང། །དེ་ བཞིན་དུ་ནི་ཕག་པའི་བྲུན། །དུར་ཁྲོད་མེ་ལ་བསྲེགས་པ་ན། །དེ་མ་ཐག་ཏུ་མོད་ལ་བརླག་བྱི་ཚེར་ཕག་པའི་སྤུ་དེ་བཞིན། །སྲེག་བླུགས་ལན་གསུམ་བསྲེགས་གྱུར་ན། །འཕྲལ་དུ་ མོད་ལ་བརླག་པར་འགྱུར། །ནིམ་པའི་ལོ་མ་ན་ལེ་ཤ་མ། །དུག་དང་ཡུངས་མར་ཉིད་དག་ནི། །ལན་བདུན་རབ་ཏུ་སྲེག་བླུགས་ན། །འཕྲལ་དུ་སྲོག་ནི་འཆད་པར་འགྱུར། །ཁཱ་ཡིས་ [426A]༄༅། །རུས་པ་ཁྱི་རུས་དང། །ནེའུ་ལེ་ཡི་རུས་པ་ཉིད། །ཕྱེ་མར་བཏགས་ནས་ཞི་བ་བྱས། །ཡུངས་མར་ཡང་དག་ལྡན་པ་རུ། །ནིམ་པའི་ཤིང་གི་མེས་བསྲེགས་ན།། གྲོང་དང་གྲོང་ཁྱེར་དུ་བཅས་པ། །དགྲ་བོ་འཕྲལ་དུ་བརླག་པར་འགྱུར། །འུག་པའི་རུས་པ་སྟག་གི་སྤུ། །ཐོད་པའི་རུས་པ་ལེགས་པར་སྦྱར། །དགྲ་བོའི་སྒོ་རུ་བྲུས་ནས་སྤ། །དེ་མ་ཐག་ ཏུ་སྐྲོད་པར་འགྱུར། །སྟག་གི་རུས་པ་ནེའུ་ལེའི་སྤུ། །དེ་བཞིན་དུ་ནི་ཁྱི་ཡི་སྤུ། །ཚེར་མའི་མེ་ལ་བསྲེག་གྱུར་ན། །དེ་མ་ཐག་ཏུ་འབྱེད་པར་འགྱུར། །ས་ཏའི་མེ་ཏོག་ན་ལེ་ཤམ།། ནིམ་པའི་ལོ་མ་དེ་བཞིན་དུག་ཐམས་ཅད་གཅིག་ཏུ་བྱས་ནས་ནི་།བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །གང་གི་མིང་ནས་སྨོས་ནས་སུ། །བློ་ལྡན་མི་ཡིས་བསྲེགས་བ་ན། །ས་སྟེང་པ་ ནི་མ་ལུས་པ། །འཇིག་རྟེན་དུ་ནི་འབྱེད་པར་འགྱུར། །དྷ་དུ་ར་ཡི་ས་བོན་དང། །དེ་བཞིན་ནིམ་པའི་འབྲས་བུ་དང། །དུག་དང་ལན་ཚྭ་ཉིད་དག་ནི། །བརྒྱ་རྩ་བརྒྱད་དུ་བསྲེགས་ན་ནི། ། བུ་དང་ཕྱུགས་དང་ཉེ་དུར་བཅས། །ཐེ་ཚོམ་མེད་པར་ཐལ་བར་རློག་།སྦྲུལ་དང་ནེའུ་ལེ་ནག་པོ་དང། །ཁྭ་ཡི་རུས་པ་ཡང་དག་ལྡན་།རྩངས་པ་ཡི་ནི་མགོ་བོ་རྣམས། །ཆ་ནི་མཉམ་ པོར་བྱས་ནས་སུ། །རང་གི་ཁྲག་དང་བཏགས་ནས་སུ། །སྡོང་བུ་གཅིག་པུ་བྱ་བ་ཡིན། །བརྒྱ་རྩ་བརྒྱད་ནི་མངོན་བསྔགས་ནས། །དགྲ་བོའི་སྒོ་ཁར་སྤང་བར་བྱ། །བུ་དང་ཕྱུགས་ [426B] །དགྲ་བོ་དེ་ཡི་ཚེ་ན་འཆི། །མི་ཡི་ཞག་ནི་ཉིད་དག་དང། །ཐལ་བ་ཐོད་པར་བླངས་ནས་སུ། །རྒྱ་སྐྱེགས་ཁུ་བ་ཡང་དག་ལྡན། །བསྡོམས་ནས་རིལ་གཅིག་རབ་ཏུ་ བྱ༑ ༑ཁྭ་ཡི་རུས་པ་ནང་དུ་གཞུག་དགྲ་བོའི་སྒོ་ཁར་བཞག་པ་ན། །བདག་ཉིད་གྲོང་དང་དེ་བཞིན་བཅས། །དགྲ་བོ་དེ་ཡི་ཚེ་ན་བརླག་དྷ་དུ་ར་ཡི་བདག་ཉིད་ལྔ། །བླངས་ནས་དུག་དང་ཚ་ བ་གསུམ། །སྲེག་བླུགས་ལན་གསུམ་བསྲེགས་ན་ནི། །དེ་མ་ཐག་ཏུ་དགྲ་འཆི་འགྱུར། །ནེའུ་ལོའི་ཤ་ནི་ཡང་དག་བླངས། །མཁས་པས་རབ་ཏུ་བསྐམ་པར་བྱ། །དུག་དང་ཚྭ་ནི་ཡང་ དག་ལྡན། །སྲེག་བླུགས་ལན་གསུམ་བསྲེགས་པ་ན། །ནད་ནི་སྣ་ཚོགས་ཀུན་བྱུང་ནས། །འཕྲལ་དུ་སྲོག་ནི་ཆད་པར་འགྱུར། །ལས་འདི་རབ་ཏུ་སྦྱར་བྱས་ན། །དེ་མ་ཐག་ཏུ་འགྲུབ་ པར་འགྱུར། །སོལ་བ་དང་ནི་ལན་ཚྭ་ཉིད། །ཚ་བ་གསུམ་ནི་མཉམ་པོར་བསྒོས། །ཡུངས་མར་དང་ནི་ཡང་དག་ལྡན། །དེ་ནས་གཟུགས་བརྙན་བྱས་ནས་སུ། །ཚེར་མ་ཡི་ནི་མེ་སྦར་ཏེ།། རས་བྲིས་བྱང་དུ་ཕྱོགས་པ་དང། །སྔགས་པ་ལྷོ་རུ་ཕྱོགས་གྱུར་ཅིང། །ཁྲོས་པས་མེ་ནི་རབ་འབར་འགྱུར། །སྲེག་བླུགས་ལན་གསུམ་ཉིད་དུ་ནི། །དགྲ་བོའི་གཟུགས་བརྙན་ བསྲེག་པར་བྱ། །གཅིག་གིས་བུ་ནི་འཆི་བར་འགྱུར། །གཉིས་པས་ཆུང་མ་ཕྱུགས་དང་གཉེན། །གསུམ་པས་བདག་ཉིད་ཡུལ་འཁོར་དང། །ཕྱུགས་དང་གཉེན་དུ་བཅས་པ་རྣམས།། [427A]༄༅། །དེ་མ་ཐག་ཏུ་ཐལ་བར་རློག་སྔགས་པའི་བཀའ་དྲིན་མེད་པར་ནི། །སླར་ཡང་ཞི་བར་ག་ལ་ནུས། །བརྒྱ་རྩ་བརྒྱད་ལས་ལྷག་པ་ཡི། །འོ་མའི་སྲེག་བླུགས་ དེ་ནས་དབུལ། །དེ་ཚེ་དེ་རུ་རང་གི་ནི། །འཁོར་ཕྱུགས་གཉེན་འདབ་རྣམས་དང་ནི། །དེ་བཞིན་དུ་ནི་ཞི་བར་འགྱུར། །དྷ་དུ་ར་ཡི་འབྲས་བླངས་ནས། །ཁང་ས་ཀུན་ཏུ་བྲུ་བར་བྱ། ། ནིམ་པ་ཞེས་བྱའི་ལོ་མ་འདི། །དགྲ་བོའི་མིང་ནི་བྲི་བར་བྱ། །དུག་དག་ཁྲག་ནི་ཡང་དག་ལྡན། །དེ་ཡིས་རྟག་ཏུ་དགྲ་བོ་བྲི། །ཆེ་བ་གསུམ་དང་ལན་ཚྭ་ཉིད། །ཁྲག་གིས་གང་ པར་དགང་བར་བྱ། །དེ་རུ་མིང་ནི་བཅུག་ནས་སུ། །སྐྲ་ཡིས་ཡོངས་སུ་བྲི་བར་བྱ། །ནིམ་པའི་མེ་ལ་ཡུངས་མར་གྱིས། །ཅུང་ཞིག་ཙམ་དུ་བཙོ་བར་བྱ། །རང་གི་ཡུལ་འཁོར་ཕྱུགས་ ཀུན་འཇོམས། །རང་གི་ལྷ་རུ་གྱུར་པ་གང། །ཁམས་གསུམ་པ་ཡི་བདག་པོ་ཡིས། །ཐེ་ཚོམ་མེད་པར་ཐལ་བར་རློག་གདུག་པའི་སེམས་ཅན་ལྟ་ཅི་སྨོས། །རྒྱལ་པོ་རྫུ་འཕྲུལ་ ཆེན་པོ་ཡང། །རང་བྱུང་བས་ནི་བསྲུངས་གྱུར་ཀྱང། །དེ་དག་ཐམས་ཅད་བརླག་པར་འགྱུར། །སྦྱོར་བ་འདི་ལ་བརྟེན་ནས་སུ། །ཐུགས་རྗེར་གྱུར་པའི་ཡིད་ཀྱིས་སུ། །བསྟན་པ་ཡི་ ནི་དོན་བྱེད་པར། །ས་སྟེང་འདིར་ནི་ཐེ་ཚོམ་མེད། །ཡང་དག་བསམ་མི་ཁྱབ་པ་འདི། །ཁྲོ་བོའི་རྒྱལ་པོས་རྣམ་པར་འཕྲུལ། །རྟག་ཏུ་བག་ཡོད་པར་གྱུར་པས། །ཐུགས་རྗེའི་རོ་ལ་ [427B] །བསྟན་པ་དག་ནི་བསྲུང་བའི་ཕྱིར། །དམ་ཆོས་འདི་ནི་སྦྱར་བར་བྱ། །ནིམ་པའི་འབྲས་བུ་ཡང་དག་བླངས། །དེ་ནས་ཚ་བ་གསུམ་གྱིས་དགང། །ཁྱད་པར་ནིམ་པའི་ འདབ་མ་ལ། །དགྲ་བོའི་མིང་ནི་བྲིས་ནས་སུ། །ལྔ་ཡི་བདག་ཉིད་ཡང་དག་བླངས། །དེ་ཚེ་ཆོ་ག་བཞིན་མེ་སྦར། །ཡུངས་མར་གྱིས་ནི་བཀང་བྱས་ཏེ། །ཐོད་པ་དང་ནི་དུག་ཉིད་ཀྱང།། གང་དུ་ཅུང་ཟད་གནས་ནས་ནི། །བཅུག་སྟེ་སྔགས་པས་བཙོ་བར་བྱ་།དགྲ་བོ་དེ་ཡི་མོད་དུ་འཆི། །ཡུལ་འཁོར་ཕྱུགས་བཅས་དེ་བཞིན་ནོ་།ཉེ་བར་འཚེ་བ་ཐམས་ཅད་དང། །དུག་དང་ རླུང་དང་སྐྱེ་གནས་ནས། །མུ་གེ་དང་ནི་ཡུལ་འཕོ་དང། །རླུང་གི་ཆར་དབབ་ཀུན་ཏུ་འཁྲིགས། །སྲིན་པོ་འབྱུང་པོའི་ཚོགས་ཀུན་གྱིས་།ས་སྟེང་ཀུན་ཏུ་ཁེངས་པར་འགྱུར། །གསང་སྔགས་ འཆང་བ་མ་གཏོགས་པ། །ཅུང་ཟད་སྐྱོབ་པ་ཡོད་པ་མིན། །སྙིང་རྗེའི་སེམས་ནི་བསྐྱེད་ནས་སུ། །འགྲོ་བ་གཟིར་བ་ལ་བལྟས་ཏེ། །ཉི་ཤུ་རྩ་གཅིག་འོ་མ་ཡི། །དགང་བླུགས་དེ་ཚེ་དབུལ་ བར་བྱ། །སྔགས་པའི་བཀའ་དྲིན་བཟང་པོ་ཡིས། །དེ་ཡི་ཚེ་ནི་ཞི་བར་འགྱུར། །སྔགས་པ་བློ་ལྡན་མ་མཉེས་ན། །གཞན་དུ་ཞི་བར་ག་ལ་འགྱུར། །སྔགས་ཀྱི་དངོས་གྲུབ་བྱ་བའི་ཕྱིར།། ཡང་དག་སྦྱོར་བ་འདི་སྦྱར་ན། །བསྟན་པ་བསྲུང་བའི་དོན་ཕྱིར་དང། །གདུག་པ་རྣམས་ནི་གཞོམ་ཕྱིར་དང། །རྒྱལ་པོའམ་ནི་གདུག་པ་ཅན། །བསྟན་ལ་གནོད་པ་བྱེད་པ་རྣམས། །དེ་ [428A]༄༅། །རྣམས་ཚར་གཅད་པ་ཡི་ཕྱིར། །ཤིན་ཏུ་འགྲུབ་པར་བྱེད་པ་ཡི། །ཡང་དག་འདི་ནི་རབ་སྦྱར་ན། །དེ་མ་ཐག་ཏུ་བརླག་པར་འགྱུར། །མི་རུས་དུག་གི་ཕྱེ་མ་དང།། ཁྱི་ཡི་རུས་པ་ཉིད་དག་དང། །དེ་བཞིན་སྐེ་ཚེ་རྒོད་རུས་དང་།ཡུངས་མར་སྦྲུལ་གྱི་ཤུབས་དེ་བཞིན། །ནིམ་པ་ཡང་དག་ལྔ་བདག་ཉིད། །རྒྱ་སྐྱེགས་ལན་ཚྭ་ཉིད་དག་སྟེ། །འདི་དག་ཐམས་ ཅད་གཅིག་བསྡུས་ནས། །ཚེར་མའི་མེ་ནི་མི་བཟད་པ། །བདག་ཉིད་ཁྲོ་བོ་མེ་ལྟ་བུས། །སྲེག་བླུགས་གསུམ་ནི་བསྲེག་པར་བྱ། །དེ་རུ་བདུད་ནི་འཚེ་འགྱུར་ཞིང། །ནད་རྣམས་མང་ པོས་ཀུན་ཏུ་འཁྲིགས། །བུ་ཕྱུགས་གཉེན་དུ་བཅས་པ་ཡིས། །རྒྱལ་པོའང་བརླག་པར་འགྱུར་བ་ཡིན། །རྒྱལ་པོ་གདུག་པའི་སེམས་ལྡན་པ་།སྔགས་པ་ལ་ནི་འཚེ་བ་ནི། །སྦྱོར་བ་ འདི་ནི་རབ་བརྩམས་ན། །སྔགས་པ་མེད་དུ་ཡང་དག་འགྱུར། །ཚ་བ་གསུམ་དང་ལན་ཚྭ་དུག་སྐེ་ཚེ་བསྲེགས་པ་ཉིད་དང་ནི། །ཚ་བ་ཚ་བའི་མར་དང་ཡང། །རྒྱ་སྐྱེགས་ཁུ་བ་སྦྲུལ་གྱི་ ཤུབས། །འདི་རྣམས་གཅིག་ཏུ་བྱས་ནས་སུ། །དེ་ཡི་ཚེ་ན་གཟུགས་བརྙན་བྱ། །ཚ་བ་ཡིས་ནི་ཀུན་ཏུ་དགང། །ཚ་བའི་མེ་ནི་ཡང་དག་ལྡན་།དེ་ཉིད་ལ་ནི་མིང་བྲིས་ནས། །མི་བཟད་ མེ་ལ་བསྲེགས་གྱུར་ན། །དགྲ་བོ་དེ་ཡི་མོད་ལ་འཆི། །གང་ཚེ་སྔགས་པ་ལྟོས་མེད་ན། །གཞན་དུ་དུག་གི་མཚན་མ་དང། །ཡང་ན་མི་བཟད་ཕོལ་མིག་དང། །ནད་ཆེན་པོས་ནི་ཀུན་ [428B] །རིམས་དང་བརྒྱལ་ནད་འབྱུང་བར་འགྱུར། །མེས་བསྲེགས་ཆར་པ་ཆེན་པོ་འབབ། །དེ་ནས་རྡོ་རྗེ་ཐོགས་ནས་ཀྱང་།ནད་ཆེན་རྟག་པའི་རིམས་ཀྱིས་ནི། །བུ་དང་ཕྱུགས་ དང་གཉེན་དུ་བཅས། །ཐེ་ཚོམ་མེད་པར་འཆི་འགྱུར་ཏེ། །སྔགས་པ་ཞེ་བ་ནག་པས་སོ། །གང་ཚེ་སླར་ཡང་མཉེས་ནས་སུ། །ཐུགས་རྗེ་གཏད་པའི་སེམས་གྱུར་ན། །ནད་ཀུན་ལས་ནི་རྣམ་ གྲོལ་བར། །ས་སྟེང་དེ་མ་ཐག་ཏུ་འགྱུར། །གདུག་པའི་ལས་ནི་མདོར་བསྡུས་པ། །ངོ་མཚར་ཅན་འདི་ཡང་དག་གསུངས། །ས་སྟེང་སྙིང་པོ་འདི་སྔགས་པའི། །མྱུར་བའི་ལས་ནི་ཡང་དག་ བཤད༑ ༑ཏིང་འཛིན་ཡུལ་ནི་བསམ་མི་ཁྱབ། །རྫུ་འཕྲུལ་ཡུལ་ཡང་བསམ་མི་ཁྱབ། །ཕ་རོལ་གནོན་པའང་བསམ་མི་ཁྱབ། །རྫོགས་སངས་རྐང་གཉིས་དམ་པ་ཡིས། །ཀུན་ཀྱང་བསམ་ གྱིས་མི་ཁྱབ་གསུངས། །ཡོན་ཏན་འདི་ནི་སུ་ཡིས་ནུས། །ཡོན་ཏན་རྨད་དུ་བྱུང་བ་སྟེ། །ཇི་སྲིད་སེམས་ནི་སྤྱོད་གྱུར་པ། །དེ་སྲིད་ལས་ནི་བསྡུས་པ་ཡིན། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ ཆེ༑ ༑རྫོགས་སངས་རྒྱས་ཀྱིས་ཀུན་ཏུ་གསུངས། །ཞི་བ་དང་ནི་རྒྱས་པ་དང། །དེ་བཞིན་དབང་དུ་བྱ་བའི་ལས། །རྒྱུད་གཞན་ལས་ཀྱང་གསུངས་པ་ཡི། །དེ་དག་ཐམས་ཅད་འདི་རུ་བྱེད། ། ཇི་སྲིད་དེ་རུ་གསང་སྔགས་ནི། །ས་སྟེང་དཀྱིལ་འཁོར་དེ་གསུངས་པ། །དེ་ཀུན་རྟོག་པའི་རྒྱལ་པོ་ནི། །རྫུ་འཕྲུལ་ཆེན་པོ་འདི་བསྒྲུབ་བྱ། །ཞི་བ་འོ་མ་དུར་བ་ཡི། །འདབ་མ་བསྲེགས་པས་ [429A]༄༅། །སྦྱིན་སྲེག་བྱ། །དཀར་གསུམ་མངར་རམ་སྦྱིན་སྲེག་གམ་།འབྲས་བུ་ཉིད་ཀྱང་མཉམ་གཞག་པ། །གཞན་ཡང་འབྲས་བུའི་ཚུལ་དང་ནི། །ཡང་ན་འོ་མ་ཅན་ གྱི་ཤིང། །སོ་བ་འབྲུ་ནི་དེ་བཞིན་ནོ། །རིན་ཆེན་སྣ་ཚོགས་ལས་བྱུང་བ། །ལས་ཀྱི་ཁྱད་པར་ཆོ་ག་ནི། །ཞི་བར་གང་ཞིག་རབ་བསྒྲགས་པ། །མེ་ཐབ་དེ་བཞིན་བདག་ཉིད་དང། །གང་ ཞིག་གནས་ནི་རབ་ཏུ་གྲགས། །ཞི་བའི་ལས་རྣམས་གསུངས་པ་ཡི་།ཕྱོགས་ནི་གང་ཞིག་ཡང་དག་གསུངས། །གང་ཞིག་ཡམ་ཤིང་གསུངས་པ་ཡི། །ཚད་ནི་གང་ཞིག་རབ་ཏུ་ གྲགས༑ ༑གཞན་ཡང་གང་ཞིག་རབ་གྲགས་པ། །དེ་དག་ཐམས་ཅད་འདི་རུ་བྱ། །དེ་ལ་ཞི་བ་ཉིད་འདི་ནི། །དེ་དག་ཐམས་ཅད་འདི་རུ་སྦྱར། །གང་ཞིག་དབང་གྱུར་བཤད་པ་ནི། ། ལས་ནི་དབྱེ་བའང་དེ་ནས་ནི། །མེ་ཐབ་ཇི་བཞིན་བདག་ཉིད་དང་།ཕྱོགས་ཀྱི་ཆའམ་ཡང་ན་གནས། །ཆོ་ག་སྣ་ཚོགས་ཡང་དག་འཁྲིགས། །གཞན་དུ་གང་ཞིག་གསུངས་པ་ཡི།། བདག་ཉིད་ཆེན་པོ་དབང་གི་ལས། །དངོས་གྲུབ་འདོད་པའི་སྔགས་པ་ཡིས། །དེ་དག་ཐམས་ཅད་དེ་རུ་སྦྱར། །རྫོགས་སངས་སེམས་ཅན་མཉེས་གཤིན་པས། །རྒྱས་པ་ཡང་ནི་ ཡང་དག་གསུངས། །ཆོ་ག་སྣ་ཚོགས་ཟས་དང་ནི། །སྣ་ཚོགས་ལས་ནི་ལེགས་སྦྱར་བ། །ཕྱོགས་ཀྱི་ཁྱད་པར་གསུངས་པ་དང། །དེ་ནས་ཡང་ནི་མེ་ཡི་ཐབ། །གཞན་ཡང་ཅུང་ཟད་ [429B] །བྱང་ཆུབ་སྙིང་པོ་སོགས་གསུངས་པ། །བདག་ཉིད་རྙེད་པ་ལེགས་འཚོ་བ། །དེ་དག་ཐམས་ཅད་རྒྱས་པར་སྦྱར་།འདི་ཀུན་ཡང་དག་བཤད་པ་ནི། །ཁྲོ་བོའི་རྒྱལ་པོའི་ རྣམ་འཕྲུལ་ཡིན། །ས་བཅུ་གནས་ཀྱི་དབང་ཕྱུག་དང། །གང་ཡང་སུས་ཀྱང་མི་ནུས་པ། །འདི་ཀུན་མོད་ལ་མྱུར་དུ་ནི། །དྲན་པ་ཙམ་གྱིས་ཀྱང་བསྒྲུབ་བྱ། །ཁྲོ་བོ་ཆེ་བདག་བསམ་མི་ཁྱབ།། རྫོགས་སངས་རྒྱས་ཀྱིས་རབ་ཏུ་གསུངས། །དེ་ཡི་འབྲས་བུ་བསམ་མི་ཁྱབ། །གང་ཞིག་ལག་ཏུ་ཆུད་གྱུར་པ། །དེ་ཡི་ངན་སོང་སྟོང་པར་འགྱུར། །འཇིགས་པ་ཐམས་ཅད་འཁྲིགས་པ་ དང། །བགེགས་ཆེན་ཡང་ནི་འཇིགས་པར་བྱེད། །གང་ཡང་ནད་ནི་ཐམས་ཅད་འདོད། །འཇིགས་པ་འདི་ནི་ཐམས་ཅད་དང། །སྡིག་པ་ཐམས་ཅད་ཀུན་ཏུ་འཁྲིགས། །འདི་ནི་དྲན་པ་འབའ་ ཞིག་གིས། །དེ་དག་ཐམས་ཅད་མེད་པར་འགྱུར། །འཇིགས་པ་ཐམས་ཅད་འཁྲིགས་པ་དང། །ཐམས་ཅད་ལྡན་པའི་འཁོར་བལྟས་ན། །ས་སྟེང་ཡིད་ནི་མཆོག་ཏུ་བདེ། །བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱང། །ངོ་མཚར་སྤྱན་རྒྱས་པ་ཕྱེད་ནས། །རྡོ་རྗེ་འཛིན་པ་བློ་ལྡན་གྱིས། །སྙན་པ་ཡི་ནི་ཚིག་གིས་གསོལ། །དཔའ་བོ་སེམས་དཔའ་ཆེན་པོ་ལེགས། །རྡོ་རྗེའི་རིགས་ ལས་ཡང་དག་འབྱུང། །བྱས་ཤེས་ཁྱོད་ནི་སངས་རྒྱས་ཀུན། །རྫུ་འཕྲུལ་ཆེན་པོའི་སྲས་གཅིག་ཁྱོད། །བདག་ཉིད་ཆེན་པོ་མི་གཡོ་བའི། །རྟོག་པ་འདི་རུ་གསུངས་པ་གང། །གང་གི་ [430A]༄༅། །ལག་ཏུ་ཆུད་གྱུར་པ། །དེ་ཡི་ལག་ན་དངོས་གྲུབ་གནས་།ཡོན་ཏན་བསམ་མི་ཁྱབ་ལྡན་པའི། །བསམ་གྱིས་མི་ཁྱབ་སྒྲུབ་པའི་ཐབས། །ངོ་མཚར་དུ་མ་དང་ ལྡན་པ༑ ༑གསང་སྔགས་འདི་ནི་འཆད་པ་པོ། །བདག་ཅག་ཀྱང་ནི་དེ་བཀའ་ཉན། །ལྷ་དང་ལྷ་མིན་བཅས་པའི་ཀླུ། །རྒྱབ་ཕྱོགས་རྗེས་སུ་འབྲང་བ་ནི། །སྔགས་པ་དེ་ལ་འབྱུང་ བར་འགྱུར། །སེམས་ཅན་ཐམས་ཅད་སྐལ་བཟང་དུ། །མཉེས་དགའ་བར་ནི་འབྱུང་བར་འགྱུར། །བགེགས་སུ་གྱུར་པ་ཐམས་ཅད་ནི། །སྔགས་པའི་བཀའ་བསྒོ་བྱེད་པར་ འགྱུར༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་བགེགས་ཐམས་ཅད་འཇོམས་པར་བྱེད་པའི་རྡོ་རྗེ་ཀུན་ཏུ་འབར་བར་བྱེད་པའི་མེ་ལྕེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་རེ་ཞིག་སངས་རྒྱས་ཀྱི་ཞིང་འདི་ཉིད་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས། རབ་ ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་ རབ་ཏུ་ཆེམ་ཆེམ་མོ། །དེ་ནས་རེ་ཞིག་སངས་རྒྱས་ཀྱི་ཞིང་འདི་ཉིད་བགེགས་ཐམས་ཅད་དང། ལོག་པར་འདྲེན་པ་རྣམས་དང། གང་ཡང་ཁ་ཅིག་འདི་ན་གདུག་པའི་སེམས་ [430B]སྲིན་པོ་དང། འཇིགས་པའི་གཟུགས་ཅན་ལོག་པར་འདྲེན་པ་དེ་རྣམས་རྡོ་རྗེ་གར་གྱི་དབང་ཕྱུག་གི་གཟི་བརྗིད་ཀྱིས་སྲེག་ ཅིང་གནས་མེད་ལ། གང་ཡང་སངས་རྒྱས་ཆོས་ལ་ནི། །གུས་པ་ཡིས་ནི་སྐྱབས་སོང་བས། །གང་ཞིག་སྐྱེ་བོ་དེ་ལུས་ལ། །སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་སྔར་མེད་པ་ཡི་བགེགས་ཀྱི་གཟུགས། །བསྒྲུབ་བྱ་བ་ཡི་ཆོ་ག་ནི་།ཕྱག་ན་རྡོ་རྗེ་ཚུར་ལ་ཉོན། །མི་ཤེས་པ་ཡིས་སེམས་ བསྒྲིབས་པས། །རྒྱུད་ནི་མི་ཤེས་པར་འགྱུར་བ། །དེ་ནི་བགེགས་ཀྱིས་ཟིལ་མནན་ཅིང། །འདིར་ནི་སྔགས་ལ་དད་ལྡན་ན། །སེལ་བ་རུ་ནི་གྱུར་པ་སྟེ། །ཡངས་པ་ཡི་ནི་མཆོག་ཏུ་འགྱུར། ། ལས་ཀྱི་རྒྱུ་དང་འབྲས་བུ་ནི། །ལེགས་བྱས་ཉེས་བྱས་དེ་བཞིན་དུ་།ལོག་པའི་རྒྱལ་པོ་ཟིལ་མནན་ཅིང། །དེ་དག་ཐམས་ཅད་མཉེས་པར་བྱེད། །ལོག་པའི་ཀུན་རྟོག་མང་པོ་ཡིས། ། དམྱལ་བར་མྱུར་དུ་སྐྱེ་བར་འགྱུར། །ལྟས་ངན་ལས་ཀྱི་འབྲས་བུ་ཀུན། །དེ་ནས་གསོ་སྦྱོང་ཡོད་མ་ཡིན། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཤད་དུ་གསོལ། བདེ་བར་གཤེགས་པ། བཤད་དུ་གསོལ། བགེགས་རྣམས་ཀྱི་ [431A]༄༅། །སྔོན་མེད་པའི་གཟུགས་སུ་གྱུར་པ། མ་འོངས་པའི་བྱིས་པའི་སེམས་ཅན་རྣམས་ཤེས་རབ་ཆུང་བས་བགེགས་རྣམས་སྔར་མེད་པ་འབྱུང་བའི་རྒྱུ་མི་ འཚལ་བས་ན། དེ་རྣམས་བསལ་བར་བྱ་བའི་ཕྱིར་གཙོ་བོས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་ སྩལ་པ། བགེགས་རྣམས་ཞགས་པས་བཅིངས་པས་ནི། །སྔོན་གྱི་ལས་ལ་རག་ལས་ཡིན། །སེར་སྣ་གོམས་པའི་སྦྱོར་བ་ཡིས། །འདོད་པའི་དངོས་པོ་ལ་གནོད་པས། ། སེམས་ཀྱི་རྟོག་པའི་སྐྱོན་གྱིས་ནི། །སྔགས་པ་ལ་ནི་བགེགས་སྐྱེ་འགྱུར། །དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །སེམས་ནི་བྱང་ཆུབ་གཏང་བར་བྱ། །བགེགས་རྣམས་ཐམས་ ཅད་རྣམ་པར་འཇིག་ཐོག་མ་མེད་པའི་འཁོར་བའི་ཟོམ། །གང་ཡང་སྡིག་པ་ཅུང་ཟད་པ། །ཐོག་མེད་སྲིད་པའི་འཁོར་ལོ་ནི། །བྱང་ཆུབ་སེམས་ཀྱི་མཐུ་ཡིས་སུ། །དེ་དག་ཐམས་ཅད་ ཟད་པར་འགྱུར། །བྱང་ཆུབ་སེམས་ནི་སེམས་ཆེན་པོ། །སེམས་ཀྱི་ཉེས་པ་རྣམ་པར་སྤངས། །ཐོག་མ་མེད་པའི་སྡིག་པའི་སྐྱོན། །ནགས་མཚམས་མེ་ཡིས་སྲེག་པར་འགྱུར། ། སྔགས་པས་སེམས་ལ་མཁས་པས་ན། །ལས་རྣམས་ཐམས་ཅད་སྲེག་པར་འགྱུར། །འདི་ལྟར་བྱང་ཆུབ་སེམས་འཛིན་ན། །འདོད་པའི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་ [431B] །དོགས་མེད་དྲི་མ་མེད་ཅིང་བསྟན་།ཐེ་ཚོམ་མེད་པ་ཉིད་དུ་ནི། །དེ་ཡི་དངོས་གྲུབ་ལག་ན་གནས་།བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང། །དད་དང་བརྩོན་ འགྲུས་རྣམ་པར་སྤངས། །སྐྱེས་བུ་བཀའ་བསྒོ་བྱེད་པ་ནི། །འདིས་ནི་དངོས་གྲུབ་ཡོད་མ་ཡིན། །ཕྱག་ན་རྡོ་རྗེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དམ་ཚིག་འདིས་སྔགས་པས་ སྔགས་བསྒྲུབས་ན། བགེགས་རྣམས་བགེགས་བྱེད་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེ། དེ་ནི། ལྷ་དང་བཅས་པའི་འཇིག་རྟེན་པ་རྣམས་ཀྱིས་ཕྱག་བྱ་བའི་འོས་ ཡིན་ནོ༑ ༑སླར་བརྗོད་ཅིང་དགོངས་ཏེ་བགེགས་དང། ལོག་པར་འདྲེན་པ་དང། གནོད་སྦྱིན་དང། སྲིན་པོ་དང། དྲི་ཟ་དང། ཡི་དྭགས་དང་ཤ་ཟ་རྣམས་ཤིན་ཏུ་རྒྱང་རིང་པོ་ནས་ ས་སྟེང་དུ་སྔགས་འཆང་བ་མཐོང་བས་སྤྲོ་བ་བསྐྱེད་དེ་ཕྱག་བྱེད་དོ། །སྐྱོན་རྣམས་ཐམས་ཅད་རྣམ་པར་གྲོལ། །བསོད་ནམས་ཐམས་ཅད་ཤིན་ཏུ་བསགས། །བྱང་ཆུབ་ཚོགས་ནི་ ཡང་དག་ལྡན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བགེགས་ཀྱིས་སྔར་ གྱི་གཟུགས་རྣམས་སྒྲུབ་པོ་ལ་སྦྱར་བ་ལ་ཇི་ལྟར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། གང་གི་ཚེ་སྔགས་པ་བགེགས་ཀྱིས་ཟིལ་གྱིས་མནན་ [432A]༄༅། །པ་དེའི་ཚེ་རིམས་དང། ཚད་པའི་ནད་དང། བཀྲེས་སྐོམ་དུ་གྱུར་ཅིང་སྙོམས་ལས་ལ་དགའ་བ་ངེས་པ་ལོག་སྟེ་ཐེ་ཚོམ་ཟ་བར་འགྱུར་རོ། །ནད་དང་འཚེ་ བ་དང་བདག་ཉིད་ཀྱི་ལྷ་ཁ་ཕྱིར་བལྟས་ཤིང། ལྷ་རྣམས་ནི་དམིགས་ཀྱིས་སེལ་བར་བྱེད་པ་དེའི་ཚེ་གསང་བའི་བདག་པོ། སྔགས་པ་བགེགས་ཀྱིས་ཟིལ་གྱིས་མནན་པ་ ཡིན་པར་རིག་པར་བྱའོ། །གསང་བའི་བདག་པོ། དེའི་ཚེ་སློབ་དཔོན་གྱིས་བགེགས་ཐམས་ཅད་ཟློག་པར་བྱེད་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོའི་དཀྱིལ་འཁོར་བྲིས་ཏེ་ བགེགས་ཐམས་ཅད་བཅོམ་ནས་དབང་བསྐུར་བར་བྱའོ། །དེ་ལ་གསང་བའི་བདག་པོ། དཀྱིལ་འཁོར་ནི། འདི་ཡིན་ཏེ། ཁོར་ཡུག་ཏུ་ནི་ཁྲུ་བཞི་སྟེ། །ཁ་ཁྱེར་ཀུན་ནས་འཁོར་ ཡུག་ཏུའོ། །རྡོ་རྗེ་བཅིངས་པའི་སྦྱོར་བ་ཉིད། །རྡོ་རྗེ་ཕན་ཚུན་བཅིངས་སྦྲེལ་བྱ། །ཁྲུ་བརྒྱད་དང་ནི་བཞི་དང་ལྔ། །བཅུ་དང་བཅུ་དྲུག་པ་ཉིད་དམ། །ཁྲུ་གང་དམ་ནི་ཁྲུ་གཉིས་པ། །ཇི་ ལྟར་སྦྱོར་བ་མཛེས་པར་བྱ། །དེ་རུ་སྒོ་གཅིག་པ་ཡིན་ཏེ། །རྡོ་རྗེའི་གུར་ནི་སྦྱར་བར་བྱའོ། །རྡོ་རྗེའི་རབ་ཀུན་ཏུ་བསྐོར། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །དེ་ཡི་དབུས་སུ་དཔའ་བོ་ ནི༑ ༑པདྨའི་སྟེང་ན་ཡང་དག་བཞུགས། །དེ་ཡི་ཤར་དུ་སངས་རྒྱས་ཀྱི། །ཡུམ་ནི་ནམ་མཁའི་སྤྱན་ཡིན་ནོ། །དེ་ཡི་གཡོན་དུ་བྲི་བྱ་བ་།ནམ་མཁའ་དྲི་མེད་རྡོ་རྗེ་ཅན། །གཡས་ཀྱི་ [432B] །འཕྲོ་བ་རྡོ་རྗེ་ཕྲེང་བ་ཅན་།དཔའ་བོ་ཆེན་པོ་གཡོན་ཕྱོགས་སུ། །རྡོ་རྗེ་ཕྱག་ཅན་རྡོ་རྗེ་ཅན་།དཔའ་བོ་ཆེན་པོ་གཡས་ངོས་སུ། །ཁྲོ་ཆེན་སྙེམས་ཚུལ་ཞེས་བྱ་ བ༑ ༑འོག་གི་ངོས་སུ་མགོན་པོ་ནི། །མི་གཡོ་བ་ནི་སྟོབས་ཆེན་པོ་།ཁྲོ་བོ་ཆེན་པོ་རལ་གྲིའི་ཕྱག་ཁམས་གསུམ་རྣམས་ནི་གཅོད་པར་བྱེད། །སྒོ་ཡི་ཕྱོགས་སུ་བྲི་བྱ་བ། །མཐོང་དགའ་ མངོན་ཕྱོགས་དེ་བཞིན་ནོ། །དེ་ལྟར་འདི་དག་ཀུན་བྱས་ན། །ཁ་དོག་ནག་དང་དམར་པོ་རུ། །ཁྲོ་བོའི་གཟུགས་ནི་བཞག་ནས་སུ། །བུམ་པ་རྣམས་ནི་མངོན་པར་བསྔགས། །ཁ་ནི་པལ་ ལ་ལ་སོགས་བརྒྱན། །ཁ་ནས་ས་བོན་གྱིས་བཀང་སྟེ། །མགྲིན་པ་གོས་ཀྱིས་ཡང་དག་བཅིངས། །མེ་ཏོག་ཆུན་འཕྱང་ཉེ་བར་སྤྲས། །རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ། །སྨན་ཆེན་པོ་ནི་ཡང་ དག་ལྡན། །དྲི་ཆུ་ཡིས་ནི་རབ་ཏུ་བཀང། །ལྷ་རྣམས་ཐམས་ཅད་དགོད་པར་བྱ། །དྲི་དང་མེ་ཏོག་སོགས་དགེ་བས། །ཇི་ལྟར་རྙེད་པས་མཆོད་པར་བྱ། །མི་གཡོ་བདག་ཉིད་ཆེན་པོ་ཡི། ། དབང་བསྐུར་བ་ནི་རབ་ཏུ་བྱ། །དེ་རུ་དཀྱིལ་འཁོར་གཉིས་པོ་ནི་།དཀྱིལ་འཁོར་མངོན་པར་ཕྱོགས་དེ་ནས། །ཀུན་ནས་གྲུ་བཞི་པ་ཡིན་ཏེ། །ཁྲུ་དོ་པའམ་ཁྲུ་བཞི་པ། །དབུས་སུ་པདྨ་བྲི་ བར་བྱ༑ ༑བར་དུ་རྡོ་རྗེ་རྣམས་འཕྲོ་བ། །རྡོ་རྗེའི་ཕྲེང་བས་ཁོར་ཡུག་ཏུ། །རྡོ་རྗེ་བཅིང་བས་བསྐོར་བར་བྱ། །དེ་ཡི་དཀྱིལ་དུ་བཞག་ནས་ནི། །འདིར་ནི་འབད་པས་དབང་བསྐུར་བྱ། །མི་གཡོ་ [433A]༄༅། །བདག་ཉིད་ཆེན་པོ་ཡིས། །རལ་གྲིའི་ཕྱག་རྒྱ་དེ་ནས་བཅིང། །སྙིང་གནས་ནི་སྙིང་གར་སྦྱིན། །ཀུན་ནས་འབར་བའི་ཕྲེང་བ་ཅན། །བགེགས་རྣམས་ཀུན་ ལས་རྣམ་གྲོལ་ནས། །རྡོ་རྗེ་འཛིན་པའི་དངོས་གྲུབ་ཐོབ། །སྡིག་པ་ཐམས་ཅད་རྣམ་པར་གྲོལ། །བགེགས་ནི་ཐམས་ཅད་རྣམ་པར་སྤངས་།ཆོས་ཀུན་ཡོན་ཏན་གྱིས་བརྒྱན་པ།། ཇི་བཞིན་འདོད་པའི་དངོས་གྲུབ་ཐོབ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཤད་དུ་གསོལ། ཁྲོ་བོའི་རྒྱལ་པོ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བཀའ་བསྒོ་མཛད་པ་ཅན། མཐུ་སྟོབས་ཆེན་པོས་གསང་བའི་རྟོག་པ་གང་གིས་སྒྲུབ་པ་པོ་རྣམས་ལ་མ་འོངས་པའི་དུས་ན་དངོས་གྲུབ་འབྱུང་ བར་འགྱུར་བ། སེམས་ཅན་མང་པོའི་དོན་དང་ཕན་པ་དང་བདེ་བ་བྱེད་པར་འགྱུར་བ། བགེགས་ཐམས་ཅད་རྣམ་པར་སྤངས་པ། སྔགས་ཀྱང་འགྲུབ་པར་འགྱུར་བ་དེ་བཅོམ་ ལྡན་འདས། བཤད་དུ་གསོལ། བདེ་བར་གཤེགས་པ། བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཕྱག་ན་རྡོ་རྗེ། ལེགས་སོ་ལེགས་སོ། །ཕྱག་ན་རྡོ་རྗེ། སླར་ཡང་ལེགས་སོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་ཕྱིར་དང། མ་འོངས་པའི་སེམས་ཅན་གྱི་ [433B]པ། རྟུལ་ཕོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ། ལས་ཐམས་ཅད་བྱེད་པར་ནུས་པ། དངོས་ གྲུབ་སྒྲུབ་པར་བྱེད་པ་ཡོངས་སུ་འབྲི་བར་བྱེད་པ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དེ་ལ་ལག་ན་རྡོ་རྗེ། སློབ་དཔོན་དེ་བཞིན་གཤེགས་པའི་གོ་འཕང་ལ་ གནས་པས་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱ་སྟེ་གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན་།དེ་ལ་བཅོམ་ལྡན་དཔའ་བོ་ཆེ། །ཆོས་ནི་ཐམས་ ཅད་ཡང་དག་ལྡན། །དེ་ཡི་གཡས་དང་གཡོན་ངོས་སུ། །ནམ་མཁའ་དྲི་མེད་ཤུགས་ཆེན་པོ། །རྡོ་རྗེ་འཛིན་པ་གཉིས་བྲི་བྱ། །འོག་ཏུ་ཁྲོ་བོ་ཆེན་པོ་ནི། །མི་གཡོ་བ་ནི་སྟོབས་པོ་ ཆེ༑ ༑ཕྱག་ན་རལ་གྲི་ཟུར་གྱིས་གཟིགས། །འཆི་བདག་མཐར་བྱེད་མངོན་སུམ་བཞིན། །མེ་ཡི་དཀྱིལ་འཁོར་ལ་བཞུགས་པ། །རླུང་དང་ལྷན་ཅིག་སྦྱར་བར་བྱ། །མཁས་པས་དྲི་ དང་མེ་ཏོག་སོགས། །སྔ་མ་བཞིན་དུ་མཆོད་ནས་སུ། །ངོ་མཚར་བཀྲ་ཤིས་ཐམས་ཅད་ཀྱིས། །སྔགས་པས་མངོན་པར་དབང་བསྐུར་བྱ་།ཕྱག་རྒྱ་དེ་ནི་བདག་ཉིད་ཀྱིས། །སློབ་ དཔོན་བློ་དང་ལྡན་པ་ཡི། །བླ་མ་ལ་ནི་ཡོན་ཕུལ་ནས། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །རི་ཡི་རྩེ་མོར་གྱུར་པ་དང། །ཕྱུགས་ལྷས་ཆུ་འགྲམ་བཞི་མདོ་ལམ། །མེ་ནི་གནས་ [434A]༄༅། །པ་ཉིད་དག་གམ། །དུར་ཁྲོད་དང་ནི་གཞི་གནས་སུ་།སློང་མོའི་ཟས་ནི་ཟ་བ་དང། །ཡང་ན་འདབ་མ་བཙོས་པ་ཉིད་།དབེན་པའི་གནས་སུ་མི་སྨྲ་བས། ། འབུམ་ཕྲག་གསུམ་དུ་བཟླས་བརྗོད་པ། །སྔོན་དུ་བསྙེན་པ་བཤད་པ་ཡིན། །མཚན་མ་ཆོ་ག་བཞིན་ཤེས་ནས། །མཁས་པས་དངོས་གྲུབ་སྒྲུབ་པར་བྱེད། །རལ་གྲིའི་ཆོ་ག་ བཞིན་བྱ་བ། །ཆག་གས་མེད་པ་སོར་བཞི་པ། །མཐེའུ་ཆུང་སོར་གཉིས་དང་བཅས་པ། །གྲུབ་པའི་རང་བཞིན་ཤིང་ལས་བྱས། །ལྟེ་བར་རྣམ་པ་སྣ་ཚོགས་བྲི། །བ་ཡི་རྣམ་ལྔས་ བཀྲུས་ནས་སུ། །དྲི་དང་མེ་ཏོག་སོགས་ཀྱིས་མཆོད། །སྔགས་པས་དཀྱིལ་འཁོར་བྲིས་ནས་སུ། །སྔ་མ་དེ་བཞིན་དེ་བསྒྲུབ་བྱ། །སྔགས་པས་པདྨའི་སྟན་གནས་ཏེ། །རལ་གྲི་ ཡུ་བ་ནས་ཐོགས་པ། །ཁྲོ་བོ་སྒོམ་པར་ལྡན་པ་ཡི། །གསང་སྔགས་གཡེང་བ་མེད་པར་བཟླས། །མཚན་མོ་ཕྱེད་དམ་ཡང་ན་དེ། །ཉི་མ་ཤར་བའི་དུས་ཉིད་དུ། །རལ་གྲི་རབ་ ཏུ་འབར་གྱུར་ནས། །ཐམས་ཅད་དུ་ནི་སྣང་བར་བྱེད། །རིག་པ་ལུས་ནི་བརྗེས་ནས་སུ། །ནམ་མཁའ་སྤྱོད་ཡུལ་དག་ཏུ་འགྱུར། །བར་གྱི་བསྐལ་བར་ཀུན་ཏུ་གནས། །རང་ འདོད་དུས་ན་འཆི་བར་འགྱུར། །རིག་འཛིན་རྒྱལ་པོ་ཀུན་དང་ནི། །རིག་པ་འཛིན་པ་ཀུན་གྱིས་མཆོད། །ལྷ་ཡི་བཞོན་པ་སྣ་ཚོགས་པ། །ལྷ་ཡི་ཚོགས་ནི་བསྟན་པ་ཡིན། །དེ་ [434B] སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ནས་དེ་བཞིན་དུ་གསེར་རམ་དངུལ་ལམ་ཟངས་ཀྱི་རང་བཞིན་གྱི་ཞགས་པ་བྱས་ཏེ། མཚན་མ་ ཤེས་ནས་དཀྱིལ་འཁོར་བྲིས་ཏེ་བསྒྲུབས་ན། དེ་བཞིན་དུ་རིག་པ་འཛིན་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱིས་བསྐལ་བར་གནས་སོ། །དེ་ལྟར་རལ་གྲི་ དང། རྒྱལ་མཚན་དང། ནོར་བུ་དང། གིའུ་ཝང་དང། གདུགས་དང་ལྕགས་ཀྱུ་བསྒྲུབས་པར་གྱུར་ན། དེ་བཞིན་དུ་འགྲུབ་བོ། །དེ་ནས་རྒྱལ་པོ་དབང་དུ་བྱ་བར་འདོད་ན། ཀུ་ ཤའི་རང་བཞིན་ལ་གཟུགས་བརྙན་བྱས་ནས་རྐང་པ་གཡོན་པས་མནན་ལ་ཇི་སྲིད་རྒྱལ་པོ་རང་ཉིད་འོངས་ནས་འཁོར་དང་བཅས་པ་དབང་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ ནས་ལྷ་སྒྲུབ་པར་འདོད་ན། ཐང་ཤིང་གི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་ཇི་སྲིད་དུ་ལྷ་འོངས་ཀྱི་བར་དེ་སྲིད་དུ་བཟླས་པ་བྱའོ། །འོངས་ནས་སྨྲ་བ་སྒྲུབ་པར་བྱེད་དེ། སྔགས་པ་ གང་འདོད་པ་དེ་གནང་བར་སྟེར་རོ། །དེ་བཞིན་དུ་ཀླུ་སྒྲུབ་པར་འདོད་པས་ནཱ་ག་གེ་སར་གྱི་ཤིང་ལས་ཀླུའི་གཟུགས་བརྙན་བྱས་ནས་སྔར་གྱི་བཞིན་དུ་འབུམ་ཕྲག་གསུམ་བཟླས་ཏེ་ ཇི་སྲིད་དུ་ཀླུ་ཐམས་ཅད་དབང་དུ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དེ་བཞིན་དུ་གནོད་སྦྱིན་སྒྲུབ་པར་འདོད་པས་གསེར་ལས་གནོད་སྦྱིན་གྱི་གཟུགས་བྱས་ལ་སྔར་བཞིན་འབུམ་ཕྲག་ [435A]༄༅། །གསུམ་བཟླས་ཏེ་ཇི་སྲིད་དུ་གནོད་སྦྱིན་ཐམས་ཅད་འོངས་ཏེ་བཀའ་བསྒོ་སྒྲུབ་པར་བྱེད་པ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱའོ་།དེ་ནས་དྲི་ཟ་སྒྲུབ་པར་འདོད་པས་ འོད་མའི་རང་བཞིན་ལས་དྲི་ཟའི་གཟུགས་བརྙན་བྱས་ལ་སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ཏེ་ཇི་སྲིད་དུ་དྲི་ཟ་འོངས་ནས་སྨྲ་བ་སྒྲུབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླས་ པ་བྱའོ༑ ༑དེ་བཞིན་དུ་ནམ་མཁའ་ལྡིང་སྒྲུབ་པར་འདོད་པས་འཇིམ་པའི་རང་བཞིན་ལས་ནམ་མཁའི་ལྡིང་བྱས་ལ་སྔར་བཞིན་དུ་འབུམ་ཕྲག་གསུམ་བཟླས་ན། ནམ་མཁའ་ལྡིང་ ཐམས་ཅད་བཀའ་སྩལ་བ་བཞིན་བྱེད་དོ། །དེ་ལྟར་སྲིན་པོ་སྒྲུབ་པར་འདོད་པས་དུར་ཁྲོད་ཀྱི་སོལ་བས་སྲིན་པོའི་གཟུགས་བྲིས་ལ། རྐང་པ་གཡོན་པས་མནན་ཏེ་ཇི་སྲིད་དུ་སྲིན་པོ་ ཐམས་ཅད་སྨྲ་བར་སྒྲུབ་པར་བྱེད་པ་དེ་སྲིད་དུ་བཟླས་པ་བྱའོ་།དེ་ལྟར་སྐྱེས་པ་དང་བུད་མེད་རྣམས་ཀྱང་ཀུན་ཏུ་སྦྱར་ན། དེ་བཞིན་དུ་འགྲུབ་བོ། །དེ་ལྟར་ལག་ན་རྡོ་རྗེ། ཇི་ལྟ་ཇི་ལྟར་ ཁྲོ་བོའི་རྒྱལ་པོ་འདི་སྦྱར་ན། དེ་ལྟ་དེ་ལྟར་ལས་ཐམས་ཅད་བྱེད་དོ། །ཐམས་ཅད་དུ་ཐོགས་པ་མེད་པའི་མཐུ་ཆེན་པོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་ སུ་གནང་བར་གྱུར་པ་ལས་ཐམས་ཅད་ཡང་དག་པར་ལྡན་པ་བཀླགས་པ་ཙམ་གྱིས་འགྲུབ་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་ལ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་སྦྱར་བར་བྱའོ། །བྱང་ [435B] མ་དད་པ་དང། སོམ་ཉི་ཟ་བ་རྣམས་སྤངས་ནས་གནང་བ་ཐོབ་པར་གྱུར་པས་རྟོག་པ་ཐམས་ཅད་ཀྱི་ཆོ་ག་སྦྱར་བར་བྱའོ། །དགུག་པ་དང། དབང་དུ་བྱ་ བ་དང། གསད་པ་དང། སྐེམ་པ་རྣམས་ལ་ཇི་ལྟ་ཇི་ལྟར་ཀུན་ཏུ་སྦྱར་བ་དེ་ལྟ་དེ་ལྟར་དོན་ཡོད་པ་ཐོགས་པ་མེད་པ་འདི་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་སྒྲུབ་པའི་ཐབས་དང་ནི། །བགེགས་ཀྱི་སྔོན་གྱི་གཟུགས་བརྙན་རྣམས། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བསྒྲུབ་པར་བྱ་བ་པོའི་ཆོ་ག་བགེགས་ནི་སྣ་ཚོགས་པ་ཉོན་ཅིག་།རྟག་ཏུ་སེམས་ནི་གཡེང་འགྱུར་ཞིང། །གསང་སྔགས་རྣམས་ནི་ཁ་ཕྱིར་བལྟ། །བཟླས་པ་བསམ་གཏན་དགའ་ བ་མིན༑ ༑གནས་དང་ལྷ་ཡི་ལས་རྣམས་དང། །སྦྱིན་སྲེག་དབང་བསྐུར་ལས་དང་ནི། །ལྷ་རྣམས་ཁ་ནི་ཕྱི་རུ་བལྟ། །སྔགས་པ་བགེགས་ལ་མངོན་པར་འཚེ། །ཡི་དམ་མེད་པར་ གྱུར་པ་དང། །ཡུལ་གཞན་གྱི་ནི་རྣམ་པར་རྟོག་རྣམ་རྟོག་མང་པོ་འབྱུང་བ་དང། །དད་པ་མེད་ཅིང་སྙོམས་ལས་ཆེ། །དེ་བཞིན་ཡན་ལག་འབིགས་པར་བྱེད། །དུས་ཀྱི་དབང་གིས་ རྣམ་པར་བསྒྱིངས། །ཁྲོ་བ་ཅན་ནི་ཉིད་དུ་འབྱུང། །ཐེ་ཚོམ་དག་ནི་སྐྱེ་འགྱུར་ཞིང། །སླར་ཡང་དེ་ཡི་དངོས་གྲུབ་མེད། །དེ་ལ་སོགས་པའི་སྐྱོན་རྣམས་ནི། །བགེགས་ཀྱི་གཟུགས་སུ་ [436A]༄༅། །བསྟན་པ་ཡིན། །རྩོད་དང་བྲང་འགྲོ་ཀླུ་དང་ནི། །ཡམས་ནི་འབྱུང་བར་འགྱུར་བ་དང། །རིམས་དང་ཚད་ནད་བགེགས་ཀྱིས་ཉེན་།དེ་བཞིན་དུ་ནི་སྒྲུབ་པ་ པོ༑ ༑གཟའ་ཡི་དཀྱིལ་འཁོར་དགེ་བ་རུ། །དབང་ནི་རབ་ཏུ་བསྐུར་བར་བྱ། །དེ་ལྟར་སྦྱངས་པའི་སྔགས་པ་ཡིས། །བགེགས་རྣམས་ཐམས་ཅད་འཇིགས་མེད་པར། །སླར་ཡང་ རང་གི་ཡི་དམ་ལྷ། །སྦྱིན་སྲེག་དང་བཅས་བསྒོམ་པར་བྱ། །ཏིལ་རྣམས་དང་ནི་མར་རྣམས་ནི། །མཉམ་པར་བཞག་པས་སྟོང་ཕྲག་བསྲེག་གསང་སྔགས་ཀྱིས་ནི་ཚིམ་བྱ་ ཞིང། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །མངོན་པར་འདོད་པ་བསྒྲུབ་པའི་ཕྱིར། །སླར་ཡང་མཉེས་པ་བརྩམ་པར་བྱ། །དེ་ནས་ཡང་ནི་རྡོ་རྗེ་འཛིན། །བཅོམ་ལྡན་སླར་ཡང་བཀའ་ སྩལ་པ༑ ༑བགེགས་རྣམས་སྔ་ན་མེད་པའི་གཟུགས། །ཕན་པའི་ཡིད་ཀྱིས་ཚུར་ལ་ཉོན། །དཀྱིལ་འཁོར་སྒྲུབ་པའི་ཐབས་ལ་ཡང། །ཆོ་གའི་ལས་རྣམས་སྦྱར་བར་བྱ། །གང་ ཚེ་ངོ་མཚར་ཅན་གྱི་ལས། །སྔགས་པ་མཁས་པ་ཡིས་ནི་བྱ། །གང་གིས་སྐྱོན་དང་ལྡན་པ་ཡི། །བགེགས་དང་ལོག་པར་འདྲེན་པ་རྣམས་།སེམས་ཅན་རྣམས་ལ་བགེགས་ བྱེད་པ༑ ༑མི་བཟད་འཇིགས་པ་འཇིགས་པར་བྱེད། །གནས་སོགས་ཆོ་ག་ཉམས་པ་དང། །དེ་བཞིན་ལྷ་ཉིད་གཟིར་བ་དང། །སྔགས་རྣམས་འགོམ་པར་བྱེད་པའི་དོན། ། [436B] །གང་དུ་གཏོར་མའི་ཆོ་ག་ལས། །ཆོ་ག་བཞིན་དུ་གྱུར་པར་བྱ། །གང་དུ་མཆོད་པ་བྱས་གྱུར་དང། །གང་ཞིག་བརྙས་པ་ཞི་བར་འགྱུར། ། རླུང་ཆར་དེ་བཞིན་གསོལ་བ་དང། །ཡི་གེ་ཧཱུཾ་གི་སྒྲ་སྒྲོག་ཅིང་།གནས་གཅིག་ལྔར་ནི་སྒྲ་འབྱིན་དང། །གློག་འཁྱུག་པ་ཡི་སྒྲ་དང་ནི། །མེ་ཡིས་སྲེག་ཅིང་ཆེར་འཇིགས་པའི། །གླང་ ཆེན་མི་ཟད་སྒྲ་སྐད་འདོན། །བོང་བུ་རྔ་མོ་སྤྲེའུ་འདྲ་བ་།ཤིན་ཏུ་མི་བཟད་རོ་ལངས་རྣམས། །ཧ་ཧའི་སྒྲ་ནི་རབ་ཏུ་སྒྲོག་།འབར་བའི་མེ་ཡིས་དཀྲིགས་པའི་འོད། །རླུང་གི་དཀྱིལ་འཁོར་ གཟུགས་ཅན་རྣམས། །ལ་ལར་མཆེད་ནས་འབར་ཞིང་འབྱུང། །སེངྒེའི་སྒྲ་ནི་སྒྲ་ཆེན་པོ། །སྣ་ཚོགས་གཟུགས་ཅན་རྣམ་པར་འཕྲུལ་།སྐྲག་པ་ཡང་ནི་སྐྱེད་པར་བྱེད། །མི་གཡོ་ བ་ནི་སྟོབས་པོ་ཆེ། །ཁྲོ་བོའི་རྒྱལ་པོར་རབ་ཏུ་སྦྱར། །ནུས་པས་ཡང་ནི་འཇོམས་པར་བྱེད། །སྔགས་ཀྱིས་རྨོངས་པར་བྱེད་འགྱུར་ཞིང་།མི་བཟད་པ་རྣམས་རེངས་པར་བྱེད། །ཡི་གེ་ ཧ་ཡི་གཟུགས་ཅན་དབྱིབས། །མེ་ཡི་ཚུལ་ལྟར་རིགས་པ་སྟེ། །བརྩོན་ཆེན་ཐམས་ཅད་དམར་པོ་སྟེ། །ཁྲོད་དང་བཅས་པ་རལ་གྲིའི་ཕྱག་།གདུག་པ་ཐམས་ཅད་སྡིགས་མཛུབ་ པ༑ ༑གཡོན་པའི་ཕྱག་ན་ཞགས་པ་རྣམས། །འབར་བའི་ཕྲེང་བའི་དཀྱིལ་ན་བཞུགས། །བསྐལ་པའི་མེ་ནི་བཞིན་དུ་གནས། །ཧཱུཾ་སྒྲ་ཕཌ་ཀྱི་སྒྲ་དང་བཅས། །མཆེ་བ་གཙིགས་ཤིང་ [437A]༄༅། །ཟུང་མིག་གཟིགས། །གདུག་པ་ཐམས་ཅད་ཕྱོགས་བཅུ་རུ། །ཡི་གེ་ཧཱུཾ་ནི་ཁྲོ་བོ་བཅུ། །ཕྱོགས་ཀུན་ཏུ་ནི་བརླག་པར་འགྱུར། །ཧ་ཧ་རབ་ཏུ་སྒྲོག་པར་ བྱེད༑ ༑རྡོ་རྗེའི་མེ་ཡིས་བསྲེགས་པ་དང། །ཕན་ཚུན་དུ་ནི་འཚེ་འགྱུར་ཞིང། །ཕྱོགས་ཀུན་ཏུ་ནི་བརླག་པར་འགྱུར། །བདག་ཉིད་རྣལ་འབྱོར་ལ་གནས་ན། །དཔའ་བོ་ཆེན་པོའི་ གོ་འཕང་འཐོབ། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །བགེགས་དང་ལོག་འདྲེན་ཐམས་ཅད་ལ། །ཡི་གེ་ཧ་ནི་མེ་ཡི་ཚུལ། །མངོན་སུམ་བཞིན་དུ་འཇོམས་པར་བྱེད། །ཡི་གེ་ཧཱུཾ་ གི་སྒྲ་དང་ལྡན། །ལོག་པར་འདྲེན་པ་ཐམས་ཅད་འཇོམས། །ཡི་གེ་ཧཱུཾ་ནི་རླུང་གི་ཚུལ། །སྤྲིན་རུམ་གཏིབས་པ་མཉམ་པའི་འོད། །སྤྲིན་གྱི་ཡི་གེ་ཧཱུཾ་འུར་གྱིས། །གདུག་པ་ ཐམས་ཅད་འཐོར་བར་བྱེད། །ཡི་གེ་ཧ་ནི་མེ་ཡི་ཚུལ། །རབ་ཏུ་འབར་བ་རྡོ་རྗེའི་ཕྱག་ཡི་གེ་ཧཱུཾ་གི་སྒྲ་དང་ལྡན། །ལྟ་སྟངས་ཐམས་ཅད་བསྡུ་བར་བྱ། །བདག་ཉིད་ཡི་གེ་ཧར་ བྱས་ནས། །ཐམས་ཅད་དམར་ཞིང་ཁྲོས་དང་བཅས། །འཇིགས་པ་སྒྲ་ཅན་ཆེར་འཇིགས་པ། །ཕྱག་ན་ཞགས་པ་ཁྲོས་དང་བཅས། །སྔགས་འཆང་ཞགས་པའི་ཕྱག་རྒྱ་ ཡིས༑ ༑བགེགས་རྣམས་ཐམས་ཅད་དགུག་པར་བྱ། །བགེགས་རྣམས་ཐམས་ཅད་བཀུག་ནས་ནི། །བཅིངས་ནས་རབ་ཏུ་སྐྲག་པར་བྱ། །ཡང་ན་བགེགས་རྣམས་ཐམས་ [437B] ༑ཤིན་ཏུ་གཏུམ་ཞིང་ཁྲོས་པ་ཡིས། །དེ་རྣམས་ཀྱི་ནི་གཟུགས་བྱས་ཏེ། །ཞགས་པའི་ཕྱག་རྒྱས་བཀུག་ནས་སུ། །བརྡེག་པར་བྱ་ཞིང་རྟོག་པར་བྱ། །གཅད་པ་དང་ནི་ བསྲེག་པར་བྱ། །བགེགས་རྣམས་ཐམས་ཅད་བརླག་པར་འགྱུར། །ཚངས་པ་མདུན་ན་གནས་གྱུར་ཀྱང། །དེ་མ་ཐག་ཏུ་བྱེར་ནས་ནི། །ཐེ་ཚོམ་མེད་པར་འཆི་བར་འགྱུར། ། ཡང་ན་བགེགས་རྣམས་ཐམས་ཅད་ནི། །གདུལ་བ་སླར་ཡང་བཤད་པར་བྱ། །ས་ལ་བགེགས་ནི་བྲིས་ནས་སུ། །མགོ་བོ་རྐང་པས་མནན་ཅིང་གཟིར། །ཉེན་ནས་རབ་ཏུ་འདར་ གྱུར་ཏེ༑ ༑ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཡང་ན་བགེགས་རྣམས་ཐམས་ཅད་ནི། །ཚར་གཅད་པ་ནི་སླར་ཡང་བཤད། །འཇིམ་པ་ཡི་ནི་རང་བཞིན་ལས། །དེ་ཡི་གཟུགས་ བརྙན་བྱས་ནས་སུ། །སྔགས་པས་དེ་ནི་མེས་གདུངས་ན། །འདི་ནི་མྱུར་དུ་བསྲེགས་པས་འཛིན། །བརྒྱ་བྱིན་དང་མཚུངས་བགེགས་ཀྱང་ནི། །དེ་ཡི་མོད་ལ་མྱུར་དུ་འགྲོ་དེ་བཞིན་ ཉིད་དུ་བགེགས་གཞན་རྣམས། །ཐུན་མོང་དུ་ནི་ཡང་བཤད་བྱ་།སྔགས་པས་ཁྲོས་དང་བཅས་པ་ཡིས། །དེ་རྣམས་གཟུགས་ནི་ཡང་དག་བྱ། །སྐེ་ཚེ་དང་ནི་དུག་གིས་བསྐུ། ། ལན་ཚྭས་ཀྱང་ནི་བྱུག་པར་བྱ། །མེ་ལ་ཡང་ནི་བསྲེགས་པ་ཡི། །དེ་ཡི་མོད་ལ་མྱུར་དུ་འཚིག་ཡང་ན་བགེགས་རྣམས་ཐམས་ཅད་ནི། །ཕུར་བུས་གདབ་པ་སླར་ཡང་བཤད།། [438A]༄༅། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །བཏབ་པས་རབ་ཏུ་ཞི་འགྱུར་ཞིང། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཡང་ ན་བགེགས་རྣམས་ཐམས་ཅད་ཀྱི། །རེངས་པ་ཡང་ནི་བཤད་པར་བྱ་།དེ་ཡི་གཟུགས་བརྙན་བྱས་ནས་སུ། །ལུས་ལ་རི་རབ་རྣམ་པར་བསམ་།ལྕོག་བརྒྱད་དང་ནི་ ལྡན་པ་ཡི། །རྡོ་རྗེས་ཡང་དག་མནན་པར་བྱ། །དེ་ནས་རབ་ཏུ་ཞི་འགྱུར་ཞིང། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །ལྷ་དང་མཚུངས་པའི་བགེགས་རྣམས་ཀྱང། །མྱུར་དུ་ མི་གཡོ་བརྟན་པར་གནས། །དེ་ནས་ཀུན་གྱིས་ཀུན་ཐམས་ཅད། །སྤྱི་ཡི་ལས་ནི་ཁྱད་པར་བྱ། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ།། མཚོན་གྱིས་གཏུབས་ཤིང་བཅད་ནས་སུ། །རྐང་པ་ནས་བརྩམས་སྦྱིན་སྲེག་བྱ། །བཅད་པར་གྱུར་པས་དེ་མ་ཐག་བརླག་པར་འགྱུར་བར་ཐེ་ཚོམ་མེད། །དེ་ལྟར་ཀུན་ལ་ ཀུན་ཏུ་ནི། །མཁས་པས་ལས་ནི་བྱ་བས་ན། །ཁ་ཅིག་གདུག་པའི་སེམས་ལྡན་པས། །བགེགས་རྣམས་ཐམས་ཅད་བརླག་པར་འགྱུར། །བརྡེག་ཅིང་གཅོད་པར་ཕུར་ བུས་འདེབས། །འབིགས་ཤིང་དེ་བཞིན་རྟོགས་པར་བྱེད། །སྲེག་དང་གང་ཡང་ཚར་གཅོད་གཞན། །བྱང་ཆུབ་སེམས་ཀྱིས་བརྒྱན་པ་ཡི། །སྔགས་པས་དེ་དག་ཐམས་ [438B] ༑ཤིན་ཏུ་གདུག་པའི་སེམས་རྣམས་ནི། །ཕ་རོལ་སྲོག་ནི་གཅོད་པར་བྱེད། །སེམས་ཅན་རྣམས་ནི་རྣམ་པར་འཚེ། །གང་ཞིག་ཕན་པ་ཉིད་ཀྱི་གཞི། །སྙིང་རྗེ་ཆེན་པོ་ བསྐྱེད་ནས་སུ། །སངས་རྒྱས་ཆོས་ནི་རྗེས་དྲན་པར། །སངས་རྒྱས་ཀུན་གྱིས་ཇི་བཞིན་བརྗོད། །གདུག་པའི་ལས་ནི་བྱ་བ་ཡིན། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང། །ངོ་མཚར་ སྤྱན་ཕྱེ་རྒྱས་པ་ཡིས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ལ། །སྙན་པའི་ཚིག་གིས་བཀའ་སྩལ་པ། །ཨེ་མ་ཧོ་སངས་རྒྱས་བསམ་མི་ཁྱབ་།སངས་རྒྱས་ཆོས་ཀྱང་བསམ་མི་ ཁྱབ༑ ༑སེམས་ཅན་མི་ཕན་བྱེད་པ་ཡི། །ཇི་སྲིད་མིང་ནི་བགེགས་ནས་སུ། །དེ་སྲིད་བློ་ནི་ངན་འགྲོ་ཡི། །ཕན་དང་མི་ཕན་རྣམ་རྟོག་རྣམས། །མནར་མེད་སྡུག་བསྔལ་གཞོལ་ པ་རུ༑ ༑རབ་ཏུ་ཞུགས་ནས་འགྲོ་བར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཁྲོ་བོའི་རྒྱལ་པོ་ཆེན་ པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བར་གྱུར་པ་སྔགས་དང་ཕྱག་རྒྱ་དང་སྔགས་ཀྱི་རིམ་པར་ཕྱེ་བ་གང་མྱུར་བ་ཉིད་དུ་ཕྱག་རྒྱའི་མཚན་མས་མཚན་པ་ ལྷ་ཐམས་ཅད་དང། ཀླུ་དང། གནོད་སྦྱིན་དང། སྲིན་པོ་རྣམས་ལྷན་ཅིག་སྦྱར་བས་ལས་ཐམས་ཅད་བྱེད་པར་འགྱུར་བའི་དོན་ཡོད་ཅིང་ཐོགས་པ་མེད་པར་འགྱུར་བ་བཤད་ [439A]༄༅། །དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ལག་ན་རྡོ་ རྗེ༑ སླར་ཡང་ལེགས་སོ། །དེ་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག་དང། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས། ལེགས་སོ་ཞེས་ཕྱག་ན་རྡོ་རྗེས་བཅོམ་ ལྡན་འདས་ལ་གསོལ་ཏོ། །སླར་ཡང་བཅོམ་ལྡན་འདས་ཀྱིས་འདི་ཉོན་ཅིག་ཅེས་བཀའ་སྩལ་ཏོ། །རྐང་པ་མཉམ་པར་བཞག་པས་གནས། །ཕྱག་འཚལ་བ་ཡི་ཐལ་མོ་ སྦྱར༑ ༑མཐེ་བོ་དག་ནི་གནས་བྱས་ནས། །སངས་རྒྱས་ཐམས་ཅད་འདུད་པར་བྱ། །རྡོ་རྗེ་བཀོད་པའི་སྦྱོར་བ་ཡིས། །ཐལ་མོ་སྟེང་དུ་བརྐྱང་བར་བྱ། །སླར་ཡང་མདུན་དུ་བྱ་བ་ ཡིན༑ ༑སླར་ཡང་ཐལ་མོ་སྦྱར་བྱས་ནས། །རྒྱབ་ཉིད་དུ་ནི་གཞག་པར་བྱ། །ཐལ་མོ་བཀོད་པའི་སྦྱོར་བ་ཡིས། །སླར་ཡང་མདུན་དུ་བྱ་བ་ཡིན། །ཁྲོས་པས་ཧཱུཾ་གི་སྒྲ་སྒྲོག་ཅིང། ། བདུད་ཀྱི་རིགས་ལ་བསྡིགས་པར་བྱ། །རྐང་པ་བཀོད་པའི་སྦྱོར་བ་ཡིས། །ལག་པ་དག་ནི་གཉི་ག་ཡང། །གཉིས་ཀའི་སྡིགས་མཛུབ་སྦྱོར་བ་ཡིས། །བགེགས་དང་ལོག་ པར་འདྲེན་པ་རྣམས། །གདུག་པ་ཐམས་ཅད་ཀུན་འབྱུང་བའི། །སྡིགས་མཛུབ་ཀྱིས་ནི་འབྱར་བར་འགྱུར། །སླར་ཡང་རྐང་པ་བགྲད་ནས་སུ་།རྡོ་རྗེའི་ས་གཞིར་གཞག་ [439B] ༑ས་འོག་རིམ་བདུན་པར་དུ་ནི། །ཐམས་ཅད་དུ་ནི་སྦྱར་བར་བྱ། །ལག་པ་སྦྱར་བའི་སྦྱོར་བ་ཡིས། །རྐང་པ་ཡ་གཅིག་ས་ལ་གནས། །དེ་བཞིན་དུམ་བུ་ཕྲ་མོ་རུ། །བགེགས་ རྣམས་ཐམས་ཅད་འཇོམས་པར་བྱེད། །མ་བསྒྲུབས་པ་ལ་རབ་ཏུ་སྦྱར་།དཀོན་མཆོག་གསུམ་གྱི་རལ་གྲི་འབྱུང། །གང་ཞིག་བཀོད་པའི་སྦྱོར་བ་ཡིས། །ཀླད་ལ་ཡོངས་སུ་ བསྐོར་བར་བྱ། །ཡི་གེ་ཧཱུཾ་གི་སྒྲ་སྒྲོག་ཅིང། །རལ་གྲི་ཕྱག་རྒྱ་བཅིང་བར་བྱ། །གཉིས་པ་ཤུབས་ཀྱི་རྩེ་མོ་ནས། །བསྟན་ལ་གནོད་པ་བྱེད་པ་དང། །སྔགས་པ་བླ་མ་ངན་སྨྲ་ཟེར། ། གང་དག་སེམས་ཅན་གཞན་ལ་འཚེ། །གང་ཡང་ལྷ་ལ་སྨོད་པར་བྱེད་།ལྷ་དང་གསང་བ་པ་དང་སྤྲུལ། །ལྷ་མིན་སྲིན་པོ་འཇིགས་སུ་རུང་།དེ་རྣམས་ཐམས་ཅད་གཞོམ་པར་ བྱ༑ ༑གནོད་པ་དེ་ཡང་ལན་གཉིས་གསུམ། །གུས་པས་གལ་ཏེ་བཟོད་གསོལ་ན། །གསང་སྔགས་ཚོགས་ནི་དེ་མཉེས་ནས། །ཇི་བཞིན་འདོད་པའི་དངོས་གྲུབ་ཐོབ། །སླར་ཡང་ རྡོ་རྗེ་རྐང་པ་ཡིས། །རྐང་པ་མཉམ་པར་བཞག་ནས་གནས། །ལག་པ་ཕན་ཚུན་ཁུ་ཚུར་བཅིངས། །མཛུབ་མོ་སྦྱར་བའི་སྦྱོར་བ་ཡིས་།དཔྲལ་བའི་སྟེང་དུ་བཟློག་ལ་གཞག་ རྐང་པ་བཀོད་དེ་སྦྱར་བ་དང། །ཡ་སོས་མ་མཆུ་མནན་ཏེ་ཁྲོས་།འབྲུག་གི་ཧཱུཾ་གི་སྒྲ་སྒྲོག་པ། །བགེགས་རྣམས་ཐམས་ཅད་འགས་པར་ནི། །ཡི་གེ་ཧཱུཾ་གིས་ཐེ་ཚོམ་མེད། ། [440A]༄༅། །རྡོ་རྗེའི་ལྟ་སྟངས་འབར་བ་ཆེ། །གདུག་པ་ཐམས་ཅད་རྣམ་པར་འཇོམས། །ཐིག་ལེ་ཞེས་ནི་བསྒྲགས་པ་ཡིས། །ཕྱག་རྒྱ་དོན་ཀུན་སྒྲུབ་པར་བྱེད། ། སྔགས་པ་གང་ཞིག་སྒྲུབ་པ་ཡི། །གང་དང་གང་ནི་རབ་སྦྱར་བ་།དེ་དང་དེ་རུ་དོན་ཡོད་པར། །བྱེད་པར་འགྱུར་ཏེ་ཐེ་ཚོམ་མེད། །རྡོ་རྗེ་རྐང་པའི་སྦྱོར་བ་ཡིས། །རྐང་པ་སྟེང་ དུ་གདེག་པར་བྱ། །སངས་རྒྱས་ཀུན་ལ་གུས་ཕྱག་བྱ། །སོར་མོ་ཕན་ཚུན་ཁུ་ཚུར་བཅད། །ཁ་ཡི་ཚུལ་དུ་བྱས་ནས་ནི། །ཁ་ཡི་ཐད་ཀར་སྦྱར་བར་བྱ། །དཀྱིལ་འཁོར་ སྒྲུབ་པའི་ཐབས་དང་ནི། །དེ་བཞིན་དུ་ཡང་ལས་རྣམས་དང་།ཕྱོགས་ཀུན་ལས་ནི་བྱུང་བ་ཡི། །སྤྲིན་ཆེན་ཡང་ནི་འདུས་ནས་སུ་།འབྲུག་ཆེན་སྒྲ་ནི་རབ་ཏུ་ལྡིར། །དེར་ ཡང་གློག་ནི་འཁྱུག་པ་དང། །སྐུ་ཆེན་པོ་ནི་ཧ་ཧ་སྒྲོག་ཆར་གྱི་རྒྱུན་ནི་ཡང་དག་འབབ། །དུས་མཐའ་ལྟ་བུར་ཡང་དག་བྱུང་།འདི་ནི་ཁ་རུ་གཞུག་པར་བྱ། །མི་ཟད་པ་ ཡི་སྐུ་ཆེན་གྱིས། །ཁ་ཡི་ཕྱག་རྒྱའང་འཛིན་པར་བྱེད། །བཟུང་བ་ཙམ་གྱིས་བརླག་པ་རུ། །མ་ལུས་པར་ནི་འགྱུར་བ་ཡིན། །དེ་ནས་ཁྲོ་བོ་རབ་འབར་བ། །གཟི་བརྗིད་ ཆེན་པོ་ཞལ་ཆེ་བ། །འདི་ནི་བཀུག་ནས་ཟོས་པ་ན། །བགེགས་ཀྱི་རྒྱལ་པོ་ཐམས་ཅད་བརླག་ཁྲོ་བོ་མི་གཡོ་བ་ཡི་སྐུ། །ཇི་ལྟ་ཇི་ལྟར་རབ་སྦྱར་ན། །འཇིགས་པའི་ [440B] །དེ་ལྟ་དེ་ལྟར་བརླག་པར་འགྱུར་།ཁ་ཡི་ཕྱག་རྒྱ་སྦྱོར་ལྡན་པས། །སྔགས་པས་ཀུན་ཏུ་སྦྱར་བར་བྱ། །འདི་ནི་དོན་ཡོད་ཐོགས་པ་མེད། ། སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །སླར་ཡང་རྡོ་རྗེའི་རྐང་པ་སྦྱར། །ཕྱག་འཚལ་ཐལ་མོ་སྤྱི་བོར་སྦྱར། །སྔོན་བཞིན་རྐང་པ་མཉམ་བྱས་ནས། །རྐང་པ་བཏེག་ནས་གཡེང་ བར་བྱ༑ ༑ལག་པ་ཡང་ནི་ཕན་ཚུན་དུ། །གཡས་པ་དང་ནི་གཡོན་པ་ན། །ཞགས་པ་རལ་གྲི་ཐོགས་ནས་སུ། །རྡོ་རྗེ་དོར་ནས་ཡང་དག་གནས། །གཡོན་པས་ཡི་ཆ་ལ་བཞག་ གཡས་པ་མཚོན་ཆ་དང་བཅས་ཀྱང། །ཞགས་པས་བཀུག་སྟེ་བཞག་ནས་ནི། །རལ་གྲིས་གཟུགས་བརྙན་བཅད་ན་ནི། །ཚངས་པའམ་ནི་བརྒྱ་བྱིན་ཡང། །དེ་མ་ཐག་ཏུ་ མྱུར་བར་གཅོད། །འདི་དང་དཔལ་ལྡན་ཞགས་པ་བསྣམས། །རལ་གྲིའི་ཕྱག་རྒྱ་སྦྱར་བ་ཡིས། །སྔགས་པས་སྦྱར་བ་ཙམ་གྱིས་ནི། །གདུག་པ་ཐམས་ཅད་བསྒྲུབ་པར་བྱ། །ཐལ་ མོ་བཏབ་སྟེ་སྦྱར་ནས་སུ། །འཁོར་ལོ་ལྟ་བུ་རབ་བསྐོར་བྱ། །སྔགས་པས་བསྐོར་ཞིང་དྲངས་ནས་ནི། །རྐང་པ་སྔར་བཞིན་སྦྱར་བར་བྱ། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །ཕན་ ཚུན་སོ་སོར་ཁུ་ཚུར་བཅིང། །གཉིས་ཀའི་མཛུབ་མོ་རྩེ་སྦྱར་ཏེ་།རྡོ་རྗེ་རྩེ་གཅིག་རྣམ་པར་བྱ། །གདུག་པ་ཀུན་ལ་གདབ་པ་དང་།འབིགས་པར་ཡང་དག་བརྗོད་པ་ཡིན། ། [441A]༄༅། །བགེགས་རྣམས་ཐམས་ཅད་རླག་བྱེད་པའི། །སྲུང་བ་ལ་སོགས་རབ་ཏུ་སྦྱར། །ལག་པ་གཉིས་ནི་མཉམ་བྱས་ནས། །ཁུ་ཚུར་སྦྱར་ཏེ་བཅང་བར་བྱ།། གུང་མོ་རྩེ་མོ་སྤྲད་དེ་སྦྱར། །མཛུབ་མོ་རྡོ་རྗེའི་རྣམ་པར་བྱ་།གུང་མོ་ལ་སྦྱར་རྡོ་རྗེ་ནི། །ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་སྟེ། །གདུག་པ་ཐམས་ཅད་རློག་པར་བྱེད། །དེ་ནས་བྱང་ཆུབ་ སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ངོ་མཚར་ཏོ། །བདེ་བར་གཤེགས་པ། ངོ་མཚར་ཏོ། །ཇི་སྙེད་བའི་དོན་ཡོད་པའི་ཐོགས་པ་མེད་པ་སྟོབས་གནོན་པའི་ཁྲོ་བོའི་རྒྱལ་པོ་མི་བཟད་པའི་ཕྱག་རྒྱ་ཇི་ལྟ་ཇི་ལྟར་ སྒྲུབ་པ་པོས་སྦྱར་པ་དེ་ལྟ་དེ་ལྟར་དངོས་གྲུབ་སྟེར་བར་བྱེད་པ་བགེགས་ཐམས་ཅད་འཇོམས་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོའི་རྟོག་པའི་སྒྲུབ་པའི་ཐབས་འདི་ སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བདག་ཀྱང་བཤད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། གང་དེའི་ དུས་ལ་བབ་པར་སེམས་ན་ཤོད་ཅིག་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་གནང་བ་ཐོབ་སྟེ་བསམ་པ་ཐམས་ [441B]ཅད་ལ་ཕྱག་འཚལ་ནས་དངོས་གྲུབ་ཐམས་ཅད་ཀྱི་མཆོག་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་རེ་ཞིག་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་སྣང་བར་བྱས་ཏེ་སངས་རྒྱས་ཀྱི་ ཞིང་ཐམས་ཅད་རྡོ་རྗེ་འཆང་གི་སྐུས་གང་བར་བྱས་ནས་ཕྱོགས་བཅུར་བསྐོར་ཏེ་སླར་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་ཞུགས་པར་གྱུར། ཁྲོ་བོའི་རྒྱལ་པོ་ཆེན་པོའི་ སྒྲུབ་ཐབས་སུ་གྱུར་པ་རྫུ་འཕྲུལ་ཆེན་པོ་རྣམས་ཉོན་ཅིག་ལོ་འདབ་ལ་སོགས་པ་ཟ་ཞིང་འབུམ་ཕྲག་གསུམ་བཟླས་པ་བྱའོ། །དེ་ནས་ཞག་གསུམ་འདུག་ནས་རས་རིས་ ཀྱི་མདུན་དུ་མཆོད་པ་ཆེན་པོ་བྱས་ཏེ། དེའི་མདུན་དུ་ནིམ་པའི་ཡམ་ཤིང་གི་མེ་སྦར་ཏེ་མར་གྱིས་བཏགས་པའི་ཡུངས་ཀར་དཀར་པོ་སྙིང་པོའི་སྔགས་ཀྱིས་སྟོང་ཕྲག་ བརྒྱད་སྦྱིན་སྲེག་བྱ་སྟེ། སྔོན་དུ་བསྙེན་པ་བྱས་པས་སོ། །དེ་ལ་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྒྲུབ་ཐབས་ནི། འདི་ཡིན་ཏེ། དཀྱིལ་འཁོར་བྲིས་ནས་རལ་གྲིའི་ཕྱག་རྒྱ་བཅིངས་ཏེ་ སྐྱིལ་ཀྲུང་བཅས་ནས་ཇི་སྲིད་དུ་རིག་པ་འཛིན་པར་གྱུར་གྱི་བར་དུ་བཟླས་པ་བྱའོ། །རིག་པ་འཛིན་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྐལ་པར་གནས་ལ་འདོད་པའི་འཆི་ [442A]༄༅། །བའི་དུས་མེད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྱོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་ བྱེད་དོ༑ ༑སླར་ཡང་འབུམ་ཕྲག་གསུམ་བཟླས་པ་བྱས་ན། གང་འདོད་པའི་ལས་རྣམས་ཐམས་ཅད་བྱེད་དོ། །ཚིག་རྣལ་མར་འབེབས་སོ། །ཤིང་སྒྱེལ་བར་བྱེད་དོ། ། ནམ་མཁའ་ནས་འདབ་ཆགས་ལྷུང་བར་བྱེད་དོ། །མཚེའུ་སྐེམ་པར་བྱེད་དོ། །རླུང་གཞན་དུ་བྱེད་དོ། །ཟླ་བ་གཟས་ཟིན་པའི་ནུབ་མོ་འདུག་ནས་པ་ལྕི་ས་ལ་ལྷུང་ བ་དཀྱིལ་འཁོར་བྱས་ལ་དྲི་ཞིམ་པོའི་མེ་ཏོག་སིལ་མ་བཀྲམ་སྟེ་རས་བྲིས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་སྤྱན་སྔར་སེའུ་དང་རིགས་མཐུན་ པའི་མར་སྲང་གཅིག་ཟངས་མའི་སྣོད་དུ་བཅུག་སྟེ་སེང་ལྡེང་གི་མེ་སྦར་ཏེ་གདུང་ཞིང་བཟླས་པས་དངོས་གྲུབ་གསུམ་འབྱུང་ངོ། །དེ་ནས་རིའི་རྩེ་མོར་གནས་བཅས་ ཏེ་ཟས་མི་ཟ་བར་བཟླས་པ་འབུམ་བྱས་ན། གཏེར་མཐོང་བར་འགྱུར་རོ་།ཕྱུགས་ངས་ཞི་བར་འདོད་ན། འོ་མའི་སྲེག་བླུགས་སྟོང་ཕྲག་གཅིག་བསྲེགས་པས་ཞི་ བར་འགྱུར་རོ། །རྩྭ་དུར་བ་མངར་གསུམ་གྱིས་བཏགས་ནས་སྦྱིན་སྲེག་འབུམ་བྱས་ན། ཕྱུགས་ངས་ཆེས་ཆེན་པོ་ཞི་བར་འགྱུར་རོ། །པདྨ་རྣམས་ཞོ་དང་སྦྲང་རྩི་ [442B] མཆོག་གསོལ་བ་གསུམ་མཐོང་བར་འགྱུར་རོ། །རྒྱ་མཚོར་འགྲོ་བ་ན་ཆུ་ཀླུང་གི་ཆུའི་ནང་དུ་ཞུགས་ཏེ་འབུམ་ཕྲག་ གསུམ་བཟླས་ན། ཡུལ་དུ་ཕྱིན་པར་འགྱུར་རོ། །ཇི་ལྟ་བའི་ཁ་དོག་གི་མེ་ཏོག་བསྲེགས་ན། དེ་ལྟ་བུའི་ཁ་དོག་གི་གོས་རྙེད་པར་འགྱུར་རོ་།སོ་བ་བསྲེགས་པས་སོ་བང་ མི་ཟད་པར་འགྱུར་རོ། །ནས་ཀྱི་སྦྱིན་སྲེག་གིས་ཁྱིམ་བདག་ཆེན་པོར་འགྱུར་རོ། །པྲི་ཡང་ཀུས་དབང་དུ་བྱེད་དོ། །སྤོས་ཤིང་གིས་འཁོར་གཡོག་མང་བར་འགྱུར་རོ། ། མངར་གསུམ་གྱིས་བཏགས་པའི་བིལ་བའི་འབྲས་བུས་སྦྱིན་སྲེག་འབུམ་བྱས་ན། རྒྱལ་པོར་འགྱུར་རོ། །རས་རིས་ཀྱི་ཆོ་ག་ཇི་བཞིན་པ་ནི་འདི་ཡིན་ཏེ། འཕགས་པ་ མི་གཡོ་བ་ཞལ་གཅིག་པ། དཔའ་བོ་གཅིག་པ། ན་བཟའ་དུར་སྨྲིག་མནབས་པ། ཟུར་མིག་གིས་གཟིགས་པའི་ཕྱག་ན་རལ་གྲི་དང་ཞགས་པ་བསྣབས་པ། ཁྲོ་ གཉེར་རིམ་པར་ལྡན་པའི་ཞལ་འཇིག་རྟེན་གསུམ་འཇིགས་པར་མཛད་པ་དུར་སྨྲིག་མནབས་པ་བྲི་བར་བྱའོ། །དེ་ནས་རྒྱ་མཚོར་སོང་སྟེ་རས་བྲིས་བཀྲམ་ནས་ལུས་ ལ་གོས་གཙང་མ་བ་གོས་ཏེ་དོགས་པ་མེད་ཅིང་ལྐུགས་པ་སློང་མོ་ཟ་བས་འབུམ་ཕྲག་ལྔ་བཟླའོ། །ཐ་མའི་ཉིན་ཞག་འདུག་ནས་ཙ་ན་ཀའི་ཡམ་ཤིང་གིས་ཁྲི་ཕྲག་གཅིག་ [443A]༄༅། །སྦྱིན་སྲེག་བྱས་ན། མི་གཡོ་བ་མཐོང་ཞིང་དེ་བཞིན་གཤེགས་པ་ཡང་ཉེ་བར་སྤྱོད་ལ། ཏིང་ངེ་འཛིན་རྙེད་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་ འཛིན་ཐོབ་བར་འགྱུར་རོ། །ཡང་ན་དུར་ཁྲོད་ཀྱི་རས་ལ་འཕགས་པ་མི་གཡོ་མགོན་པོ་བྲིས་ལ་བདག་ཉིད་ཀྱི་ཁྲག་གིས་སྤྱན་ཕྱེ་བ་བྲི་བར་བྱའོ། །སྒྲུབ་པ་པོ་ཤར་དུ་ ཕྱོགས་ཏེ་ཕྱིན་ནས་རས་བྲིས་ཁ་སྤྲོད་དུ་དགྲམ་སྟེ་དུས་གསུམ་དུ་ཁྲུས་བྱ་ཞིང་གོས་རློན་པ་བགོས་ཏེ་ལྐུགས་པས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །མར་ངོའི་ ཚེས་བརྒྱད་ཀྱི་ཞག་འདུག་སྟེ་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ནས་རོ་ཆེན་པོའི་སྟེང་དུ་ཁྲི་ཕྲག་གཅིག་བཟླས་པ་བྱའོ། །དེ་ནས་རོ་དེའི་ལུས་འགུལ་བར་ འགྱུར་ཏེ། འཇིགས་པར་མི་བྱའོ། །དེ་ནས་ཁའི་ནང་དུ་པདྨ་ཁ་ཕྱེ་བའི་ལྟེ་བ་མཐོང་བར་འགྱུར་རོ། །བླངས་ནས་བཟུང་བས་རིག་པ་འཛིན་པར་འགྱུར་ཞིང་ལྷའི་ གཟུགས་ཀྱིས་ཚངས་པའི་འཇིག་རྟེན་དུ་སྤྱོད་དོ། །ཡང་ན་རས་བྲིས་ཀྱི་མདུན་དུ་ཟླ་བ་དྲུག་ཏུ་ཐུན་གསུམ་དུ་བཟླས་ཤིང་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཤིང་ ཨ་ག་རུའི་བདུག་པས་བདུགས་ན། ཡུལ་གྱི་བདག་པོར་འགྱུར་རོ། །རྒྱལ་མཚན་ལ་སྟོང་ཕྲག་གཅིག་བསྔགས་ནས་དམག་གི་སྔོན་དུ་བཟུང་ན་ཕ་རོལ་གྱི་དམག་ [443B] །དམག་ཚོགས་རེངས་པར་འདོད་པས་སྐུ་ཆེན་པོ་སྐུ་མདོག་སེར་པོ་ཞལ་བཞི་ལ་ཕྱག་བཞི་པ། མདོག་མི་སྡུག་པ། མཆེ་བ་གཙིགས་ ཤིང་འཇིགས་སུ་རུང་བ། འབར་བའི་ཕྲེང་བ་དཀྲིགས་པས་ཕ་རོལ་གྱི་དཔུང་བཟུང་བ་ལྟ་བུར་བསམ་པའམ་བྲིས་ནས་བསྟན་ན། ཕ་རོལ་གྱི་དམག་ཚོགས་རེངས་པར་ འགྱུར་རོ། །རྩོད་པར་འདོད་པས་ཁྭ་ཏ་དང་འུག་པའི་སྒྲོས་སྦྱིན་སྲེག་བྱས་ན། རྩོད་པ་འབྱུང་བར་འགྱུར་རོ། །དགྲ་བོ་མྱོས་པར་འདོད་པས་སྲེག་བླུགས་འབུམ་ཕྲག་སྦྱིན་སྲེག་ བྱའོ༑ ༑སྦྱིན་སྲེག་བྱས་པས་མི་གཡོ་བའི་མངག་གཞུག་པས་འགུལ་ནས་བཅིངས་ཏེ་ལྷོ་ཕྱོགས་སུ་ཁྱེར་ནས་མྱོས་ཤིང་ཁྲག་ཏུ་སྐྱུག་ཅིང་སྐྲག་པར་དགྲའི་ལུས་བལྟས་ པས་རིགས་རྒྱུད་དང་བཅས་པ་བརླག་པར་འགྱུར་རོ། །མིའི་རུས་པ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བཏགས་ན། གང་གི་མིང་ནས་སྨོས་པ་དེའི་མོད་དུ་ རིམས་ཀྱི་བཏབ་པར་འགྱུར་རོ། །ནིམ་པའི་འབྲས་བུ་དུག་དང་མར་ཁུས་བཏགས་ནས་སྦྱིན་སྲེག་བྱས་ན། ཉི་མ་གསུམ་གྱིས་དགྲ་བོ་བརླག་པར་འགྱུར་རོ། །ཚྭ་དང་ འཇིམ་པས་དགྲ་བོའི་གཟུགས་བརྙན་བྱས་ལ་མྱོས་བྱེད་ཀྱི་ཚེར་མས་བཙུགས་ཏེ་གཏུབས་ཤིང་བཅད་པའི་སྦྱིན་སྲེག་བྱས་ན། དེ་མ་ཐག་ཏུ་བརླག་པར་འགྱུར་རོ། །དགྲ་ [444A]༄༅། །བོའི་མིང་ནས་སྨོས་ཤིང་སལ་མ་རི་ཞེས་བྱ་བ་བརྒྱ་རྩ་བརྒྱད་བསྲེགས་པས་དགྲ་བོ་དབུལ་པོར་འགྱུར་རོ། །དབང་དུ་བྱ་བར་འདོད་ན། ལན་ཚྭའི་རང་ བཞིན་གྱི་གཟུགས་བརྙན་བྱས་ཏེ་བཅད་ནས་སྦྱིན་སྲེག་བྱས་ན། སྐྱེས་བུ་ཆེན་པོ་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ། །ཛྭ་ཏི་ཁ་འབུས་པའི་སྦྱིན་སྲེག་འབུམ་བྱས་ན་ གནོད་སྦྱིན་མོ་དབང་དུ་འགྱུར་རོ། །འཁྲུལ་བྱེད་ཀྱི་འདབ་མས་སྦྱིན་སྲེག་བྱས་པས་སྨྱོ་བར་འགྱུར་རོ། །ལན་ཚྭའི་སྦྱིན་སྲེག་གིས་ལྷའི་བུ་མོ་ཡང་འགུགས་སོ། །གུ་གུལ་ གྱི་སྦྱིན་སྲེག་གིས་རྒྱལ་པོ་ཐོབ་པར་འགྱུར་རོ། །རས་བྲིས་གཞན་གྱི་ཆོ་ག་འདི་ཡིན་ཏེ། དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་གཡས་སུ་འཇམ་དཔལ་རྒྱན་ ཐམས་ཅད་ཀྱིས་བརྒྱན་པ། གཡོན་དུ་རྡོ་རྗེ་འཛིན་པ་ཞལ་ཅུང་ཟད་འཛུམ་པ་ཕྱག་ན་རྡོ་རྗེ་བསྣམས་པ་བྲི་བར་བྱའོ། །དེའི་སྤྱན་སྔར་འབུམ་ཕྲག་ལྔ་བཟླས་པས་ལས་ ཐམས་ཅད་བྱེད་ནུས་པར་འགྱུར་ཏེ། ཕ་རོལ་གྱི་དམག་ཚོགས་ལ་ནད་འབྱུང་བར་འགྱུར་རོ། །སྤྱན་གྱི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུཾ་ལ་སོགས་པའི་མཐའ་ཅན་གྱི་སྔགས་ བཟླས་པས་དགྲ་བོ་གདོན་ཆེན་པོས་འཛིན་པའམ་ངེས་པར་བརླག་པར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་ལན་འབུམ་བཟླས་ནས་གང་ལ་སྦྱིན་པ་དེ་བྲན་དུ་འགྱུར་རོ། །གི་ [444B]ཅད་དགའ་བར་འགྱུར་ཞིང་མི་མཐོང་བར་འགྱུར་རོ། །བགེགས་ཐམས་ཅད་དང་ལོག་པར་འདྲེན་པ་ལ་སོགས་པ་ འབར་བར་འགྲུབ་པར་འགྱུར་རོ། །བདག་ཉིད་ལ་བཀོད་ནས་དཔག་ཚད་བརྒྱ་ནས་ཀྱང་ཚངས་པ་དང་སྲིན་པོ་གྲོལ་བར་བྱེད་དོ། །སྦྲུལ་ནག་པོས་ཟིན་པ་ཟླ་བ་དྲུག་ནས་མནན་པར་འདོད་ ན༑ ཁྲོས་པས་རལ་གྲིའི་ཕྱག་རྒྱ་བྲིས་ལ་ལྟོ་འཕྱེ་ཆེན་པོའི་རིགས་ལྡན་གྱིས་བསྐོར་ཏེ། དེ་ནས་རལ་གྲི་ལ་སྟོང་ཕྲག་གཅིག་མངོན་པར་བསྔགས་ནས་དབུས་སུ་དེ་ལྟ་བུར་འབར་བ་འདྲ་ བར་དགོད་པར་བྱ་སྟེ། དེ་ནད་པ་ལ་བསྟན་ན་ངེས་པར་འཇུག་གོ་།འཕགས་པ་མི་གཡོ་བ་སྤྱན་གཅིག་པའི་སྙིང་པོ་ཐུན་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་ན། རྟག་ཏུ་འབྲེལ་བར་འགྱུར་རོ།། དབེན་པའི་ས་ཕྱོགས་སུ་ཟན་གྱི་ཆང་བུ་བྱིན་ན། མཆོག་ཆེན་པོ་སྩོལ་བར་འགྱུར་ཏེ། སྙིང་པོའི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་ཡི་གེ་ཧཱུཾ་བཟླས་ན་སྦྱིན་དྲལ་བར་བྱེད་དོ། །ཚེར་མ་ སྐེ་ཚེས་བཏགས་པའི་སྦྱིན་སྲེག་བྱས་ན། རླུང་གི་ཆར་པ་གཏུན་ཤིང་ལྟར་འཇོག་གོ་སྒྲུབ་པ་པོ་ལ་སྲུང་བ་ཆེན་པོ་བྱེད་དོ། །མི་རྣམས་རྐང་པ་གཡོན་པ་མནན་པས་བསྒྲུབས་ན་ བཀའ་ཉན་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱི་གཟུགས་བརྙན་བྱས་ནས་བཅད་ན། འཆད་པར་འགྱུར་རོ། །ལྷ་དང་མི་ཐམས་ཅད་ཀྱི་གཟུགས་བརྙན་བྱས་ནས་དེ་ལྕགས་ཀྱི་ [445A]༄༅། །ཕུར་བུས་བཏབ་ན། ཕུར་བུས་བཏབ་པར་འགྱུར་རོ། །དེ་ནས་འཆིང་བར་འདོད་པར་གྱུར་ན། སྐུད་པ་སེར་པོ་ལ་མངོན་པར་བསྔགས་ཏེ་གཟུགས་དེ་དཀྲིས་ ན། བཅིངས་པར་འགྱུར་རོ། །བཙིར་བར་འདོད་ན། ལྷ་ལ་སོགས་པའི་གཟུགས་བརྙན་བྱས་ནས་སྟེང་དུ་སྤང་ལེབ་ཀྱིས་མནན་ན་བཙིར་བར་འགྱུར་རོ། །དེ་ནས་རྡེག་པར་འདོད་ན་ མི་ལ་སོགས་པའི་གཟུགས་བརྙན་བྱས་ཏེ་རེའུ་སླུད་བུས་བྲབས་ན་ངུ་ཞིང་འོངས་ནས་བཀའ་བསྒོ་བ་བྱེད་དོ། །གནོན་པར་འདོད་ན། ལྷ་དང་མི་ཐམས་ཅད་ཀྱི་གཟུགས་ བརྙན་བྱས་ཏེ་སྤང་ལེབ་ལ་སོགས་པས་མནན་ན་གནོན་པར་འགྱུར་རོ་།དེ་ལྟར་ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་འདི་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་ལས་གཞན་ ངོ་མཚར་ཆེ་བ་ཡང་སྟོང་ཕྲག་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་སྔགས་བཀའ་སྩལ་པ། ན་མསརྦ་ ཏ་ཐཱ་ག་ཏེ་བྷྱ། སརྦ་བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཏྲཱཊ་མ་ཧཱ་ཙཎྜ་ཨ་ཙ་ལ་ཀཱ་ཎ་ཧཱུཾ་ཧཱུཾ་ཧཱུཾ། ཨ་པྲ་ཏི་ཧ་ཏ། ཏ་ཐཱ་ག་ཏཱ་ཛྙཱཾ་སྨ་ར་ཧཱུཾ་ཕཊ་ཕཊ་སཱཧཱ། དེ་ནས་ ཕྱག་ན་རྡོ་རྗེས་སླར་ཡང་ཁྲོ་བོ་ཆེན་པོ་ཐོགས་པ་མེད་པའི་མཆོག་གི་སྙིང་པོ་དཔའ་བོ་གཅིག་པ་བཀའ་སྩལ་པ། ན་མ་སྟྲཻ་ཡ་དཧྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ན་ཧཱུཾ། བྱང་ཆུབ་སེམས་ [445B]སྐད་ཅིག་དེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་སྣང་བར་བྱས་ནས་དེ་ལ་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་གང་བདུད་དང་བདུད་ཆེན་པོ་འཇིགས་སུ་རུང་བའི་གཟུགས་ཅན་དག་དང། ཀླུ་དང་གནོད་སྦྱིན་ལ་སོགས་པ་དེ་ཁྲོ་བོ་ཆེན་པོའི་གཟི་བརྗིད་ཀྱིས་བསྲེགས་པར་གྱུར་ གང་དང་གང་རང་རང་གི་གནས་དེར་སོང་སྟེ་བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ། བསྲེགས་པ་ལས་བསྐྱབ་ཏུ་གསོལ་དེ་ནས་དེ་བཞིན་གཤེགས་པ་དེ་ རྣམས་ཀྱིས་རང་རང་གི་ཞིང་རྣམས་ཀྱི་བགེགས་དང་བགེགས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ་བ་ཞེས་བྱ་བ་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ་མཛད་པ། གདུག་པ་ཐམས་ཅད་འཇོམས་པར་བྱེད་པ་དྲན་པར་གྱིས་ཤིག་གཞན་དུ་ཁྱེད་རྣམས་ཀྱི་མགོ་བོ་ཕྱག་ན་རྡོ་ རྗེའི་རྡོ་རྗེས་ཚལ་བ་བརྒྱར་འགེམས་པར་འགྱུར་རོ། །གང་ཞིག་སྒྱུ་མ་ལྟ་བུར་སེམས་སྐྱེད་ཅིག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་སྐྱེད་ཅིག་སེམས་ཅན་ སྡིག་པ་ཐམས་ཅད་དང་བྲལ་བ་དྲན་པར་གྱིས་ཤིག་རིགས་ཀྱི་བུ་དག་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྡུག་བསྔལ་ཐམས་ཅད་དང་བྲལ་བ་དྲན་པར་གྱིས་ཤིག་དེ་ནས་གདུག་པ་ [446A]༄༅། །ཐམས་ཅད་ཁྲོ་བོའི་རྒྱལ་པོ་ཆེན་པོ་དེ་ཉིད་ལ་སྐྱབས་སུ་སོང་སྟེ། བཅོམ་ལྡན་འདས། བདག་ནི། སའི་ཕྱོགས་སུ་ཉེ་བར་སོང་སྟེ་གང་ན་ཁྲོ་བོའི་རྒྱལ་པོ་ ཆེན་པོ་འདི་ཉིད་བཞུགས་པ་དེ་བསྲུང་བར་བགྱིའོ། །ཉེ་བར་དགོས་པ་བསྐྱེད་དོ། །ཉེ་བར་འཚོ་བ་ཐམས་ཅད་ཀྱང་གཞོམ་པར་བགྱིའོ་།ཞེས་དམ་ཚིག་བྱས་ནས་བཅོམ་ལྡན་ འདས་ཀྱི་ཞབས་ཀྱི་དྲུང་དུ་ལྷགས་ནས་འདུག་གོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སླར་ཡང་ཁྲོ་བོའི་རྒྱལ་པོ་ཆེན་པོ་སྤྱོད་པའི་ཆོ་ག་ ཡང་སྒྲུབ་པ་པོ་རྣམས་ལ་བཀའ་སྩལ་པ། ཁྲོ་བོའི་རྒྱལ་པོ་ཆེན་པོ་འདི་གང་ལྐུགས་པས་མི་བཟློག་པར་ཡལ་ག་དང། རྩ་བ་དང་འབྲས་བུ་ཟ་བའམ། ཆུ་དང། རླུང་ཟ་ བར་གྱུར་པའི་སྐྱེ་བོས་དབེན་པའི་གནས་སུ་བཟླས་པ་བྱའོ། །ཁྲོ་བོའི་རྒྱལ་པོ་དོན་ཡོད་ཅིང་ཐོགས་པ་མེད་པ་འདི་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་དང་ ལྡན་པ། ང་རྒྱལ་ཆེ་བ། མངོན་པའི་ང་རྒྱལ་ཅན་གྱི་གདུག་པའི་སྲིན་པོ་ལ་སོགས་པ་སྦྱར་བར་བྱའོ། །ཕན་པའི་སེམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་དད་པས་ དཀོན་མཆོག་གསུམ་ལ་དང་བར་གྱུར་པར་བསྒྲུབ་པར་བྱའོ། །རྟོག་པ་གཞན་གྱི་ཚོགས་ཀྱང་དམན་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ནི་སྦྱར་བར་མི་བྱའོ། །དཀོན་ [446B]པོ་སྦྱར་བར་བྱའོ། །མཚམས་མེད་པ་ལྔ་བྱེད་པས་ཀྱང་གདོན་མི་ཟ་བར་ཆོ་ག་ཇི་ལྟར་མངོན་པར་འདོད་པའི་དངོས་ གྲུབ་ཐོབ་བོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་།དེ་ནས་དཔལ་ལྡན་རྡོ་རྗེ་འཆང། །ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །སེམས་ཅན་ཁམས་ནི་མ་ལུས་པ། ། འདི་ཀུན་རྣམ་པར་གཟིགས་ནས་སུ། །འགྲོ་བ་ཕན་པ་མཛད་པ་ཅན་།སྙན་པ་ཡི་ནི་ཚིག་གིས་གསོལ། །བཅོམ་ལྡན་ཆོས་རྣམས་ཐམས་ཅད་ཀྱི། །ཁྱོད་ཉིད་གཅིག་པུ་དབང་ ཕྱུག་གཙོ། །ཁྱོད་ཉིད་གཅིག་པུ་ཀུན་མཁྱེན་ཏེ། །ཐམས་ཅད་མཁྱེན་པའི་ནམ་མཁའ་ཅན། །ཁྱོད་ནི་སྐྱོབ་མེད་སེམས་ཅན་གྱི། །སྐྱོབ་པ་དཔུང་གཉེན་ཐམས་ཅད་ཡིན། །སེམས་ ཅན་ཀུན་གྱི་ཁྱོད་གཅིག་པུ། །མཆོག་ཏུ་མཉེས་གཤིན་པ་ཡི་ཕ། །ཉོན་མོངས་ནད་རྣམས་གསོ་མཛད་པ། །སྨན་པའི་རྒྱལ་པོ་ཁྱོད་གཅིག་པུ་།ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི།། གཙོ་བོ་མཆོག་ཏུ་གཞོལ་བ་ཡིན། །བདག་ལ་འདིར་ནི་ཁྱོད་གཅིག་པུ་།གཙོ་བོ་བདག་ལ་གཞན་མ་མཆིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །གང་ཞིག་བདག་ཉིད་ཁྱོད་ལ་ ཞུ༑ ༑ཐུགས་རྗེ་དང་ནི་ལྡན་པའི་ཐུགས། །མགོན་པོ་དེ་ནི་བདག་ལ་གསུངས། །སེམས་ཅན་ཇི་ལྟར་བདེ་བར་འགྱུར། །ཇི་ལྟར་སྡུག་བསྔལ་རྟེན་ཅན་དུ། །གང་གིས་འདིར་ནི་གྱུར་པ་ཡིན།། [447A]༄༅། །དེ་རྣམས་བདག་ལ་གཙོ་བོས་གསུངས། །རྒྱལ་པོ་མི་རྒོད་ཆོམ་རྐུན་དང། །དེ་བཞིན་དུ་ནི་མེ་དང་ཆུ། །ནད་དང་མུ་གེ་བདུད་རྣམས་དང། །དེ་བཞིན་དུས་ མིན་འཆི་བས་འཇིགས། །ཆར་ཆེས་པ་དང་ཆར་མི་འབབ། །རྟག་ཏུ་ཡམས་ཀྱི་འཚེ་བ་སྟེ། །མགོན་པོ་འདི་རུ་ཇི་ལྟར་ཡང། །བརྒྱ་ལ་མི་འགྱུར་བ་ཞིག་ཡིན། །དཔལ་གྱིས་ མཛེས་པར་བརྒྱན་པ་ཡི། །དབང་དུ་བྱ་བ་ཉིད་དང་ནི། །སེམས་ཅན་ཐམས་ཅད་བརྩེ་བར་ནི། །ཐམས་ཅད་ཇི་ལྟར་འབྱུང་བར་འགྱུར་།ངན་དོག་ངན་པ་དེ་ཇི་ལྟར། །ཇི་ལྟར་ལུས་ པོ་དམན་པར་འགྱུར། །དུ་བའི་མདོག་ཅན་ཧྲུད་ཧྲུད་པོ། །དེ་ནས་གཡེང་བ་ཉིད་དག་ནི། །སྔགས་པ་དག་ལ་འབྱུང་མི་འགྱུར། །ཉེ་བར་འཚེ་བ་རྣམ་པར་སྤངས། །འདི་ཀུན་ཇི་ལྟར་ བརྩེ་བ་ལེགས། །ལོངས་སྤྱོད་དང་ཡང་ལོངས་སྤྱོད་འཕེལ། །ཉལ་བ་དང་ནི་འདུག་པ་དང། །འགྲོ་བ་འམ་ནི་འདུག་པ་ན། །སྔགས་པ་ཇི་ལྟར་བདེ་བ་རུ། །དེ་ནི་རྟག་ཏུ་འགྱུར་བ་ ཡིན༑ ༑དེ་ལ་ལྷ་ནི་སྔོན་སྤྱོད་ཅིང། །རྗེས་སུ་འབྲེལ་བ་ཇི་ལྟར་འགྱུར། །ལས་ཀྱི་དངོས་གྲུབ་ཇི་ལྟར་ནི། །མྱུར་བ་ཉིད་དུ་འགྱུར་བ་ཡིན། །སྲིན་པོ་ལྟོ་འཕྱེ་གྲུལ་བུམ་དང། །ཡི་ དྭགས་གཅན་གཟན་སྦྲུལ་དེ་བཞིན། །གཞན་ཡང་རྟག་ཏུ་མཆེ་བས་འདེབས། །ཇི་ལྟར་འཚེ་བར་མི་འགྱུར་ལགས། །ཞི་བ་དང་ནི་རྒྱས་པ་འམ། །དེ་བཞིན་དབང་དང་མངོན་ [447B] ༑ལས་ནི་ཇི་ལྟར་མྱུར་གྲུབ་ནས། །དོན་ཡོད་པར་ནི་འགྱུར་བ་ལགས། །འདི་ཀུན་སྐལ་པ་ཆེན་པོ་ནི། །ད་ལྟར་ཡང་ནི་གསུང་བར་རིགས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ཡིས།། འདི་སྐད་ཀྱི་ནི་ཚིག་གསན་ནས། །ཕྱག་ན་རྡོ་རྗེ་དེས་ཆེན་ལ་།སྙན་པའི་གསུང་གིས་བཀའ་སྩལ་པ། །ལེགས་སོ་བུ་གཅིག་དཔའ་བོ་ཆེ། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྫུ་འཕྲུལ་ཆེ་ ཉིད་སླར་ཡང་ལེགས། །ང་ཡི་བསྟན་ལ་ཁྱོད་ཉིད་དེ། །ཁྱོད་ཉིད་གཅིག་པུ་བདག་གི་སྲས། །རྟག་ཏུ་རྗེས་སུ་འཕེལ་བྱེད་པ། །ང་ཡི་བསྟན་པ་སྲུང་བ་ཡང། །ཁྱོད་ཀྱི་ཡང་དག་ལག་ན་ གནས༑ ༑རྒྱལ་བའི་སྲས་པོ་ཁྱོད་གཅིག་པུ། །གཙོ་བོ་དབང་ཕྱུག་ཁ་ལོ་སྒྱུར། །ཁྱོད་ཉིད་གཅིག་པུ་ལ་རག་ལས། །བྱང་ཆུབ་ཐམས་ཅད་ལག་མཐིལ་གནས། །གང་ཞིག་ཁྱོད་ཀྱིས་ ཞུས་པ་ཡིས། །བུ་གཅིག་འདི་ནི་ངོ་མཚར་ཏོ། །གསང་བ་མཆོག་གི་རྨད་དུ་བྱུང། །མ་ལུས་པ་ནི་བཤད་པར་བྱ། །གང་ཞིག་བདག་གི་སྙིང་ལ་གནས། །དེ་ནི་གཞན་གྱིས་བྱིན་ གྱིས་བརླབས། །ཆོས་རྣམས་ཀྱི་ནི་གསང་བ་ཡང། །དེ་ནས་གཞན་དུ་མ་གསུངས་པ། །དཔའ་བོ་ཁྱོད་ལ་མ་ལུས་པར། །བཤད་པར་བྱ་ཡི་ཚུར་ལ་ཉོན། །གང་གིས་དངོས་གྲུབ་ མྱུར་ཐོབ་པའི། །གསང་བ་གང་ཞིག་གནས་པ་ཡང། །མཆོག་གི་གཟུགས་ཅན་ལྷན་ཅིག་ཏུ། །ས་སྟེང་འདིར་ནི་རྣམ་པར་གནས། །གཙུག་ལག་ཁང་ནི་སྣ་ཚོགས་མདོག་དེ་ [448A]༄༅། །བཞིན་སྣ་ཚོགས་གཟུགས་འཆང་བ། །རྫུ་འཕྲུལ་ཆེན་པོ་མཐུ་ཆེ་བ། །དེ་བཞིན་རྒྱལ་བའི་སྲས་པོ་འཆང། །རྒྱལ་བའི་ཆོས་རྣམས་ཡང་དག་ལྡན། ། དཀོན་མཆོག་གསུམ་ལ་མཆོག་ཏུ་གཞོལ། །འདི་རྣམས་མཆོད་ཅིང་ཡང་མཆོད་ལ། །གནོད་པ་བྱེད་པ་སྲེག་པར་འགྱུར། །དེ་ནི་རྒྱལ་བའི་བདེན་པས་བཅིངས། །སེམས་ ཅན་ཐམས་ཅད་དབང་དུ་བྱེད། །འཁྲིགས་པ་བརྟེན་པར་གྱུར་པ་དང་།མི་ནི་གང་ཞིག་སྡིག་བྱེད་པ། །ཚངས་སྤྱོད་དང་ནི་དེ་བཞིན་གཞན། །ས་སྟེང་སྐྱེ་བོ་གང་ཅུང་ཟད། ། འདི་ཀུན་འདིར་ནི་རྣམ་པར་འཚེ། །ལྷ་རྣམས་ཀྱི་ཡང་དེ་བཞིན་གྲོང། །གདུག་ཅིང་རྣམ་པར་འགྱུར་བའི་ལས། །གནོད་སེམས་བདག་ཉིད་རྣམ་པར་འཚེ། །བརྟན་དང་ གཡོ་བ་ཕྱག་འཚལ་ནས། །འཇིག་རྟེན་འདི་ནི་རྣམ་པར་སྤངས། །ས་སྟེང་བསྟན་པ་མ་གཏོགས་པར། །དེ་རྣམས་བསྟན་པ་ཅུང་ཟད་མེད་།གང་གིས་བདེ་བ་མྱོང་བྱེད་པ། ། ཁྱོད་ཀྱིས་ཀྱང་ནི་མཉན་པར་རིགས། །སྔགས་པས་དང་པོ་ཀུན་བྱས་ནས། །རྫོགས་སངས་རྒྱས་ནི་ཉི་མའི་འོད། །ཀུན་མཁྱེན་དབང་ཕྱུག་བློ་དང་ལྡན། །སྤྲོས་པ་ཐམས་ཅད་ འདི་ལས་གཞན། །ཤིན་ཏུ་རྣམ་པར་དག་པའི་ཆོས། །གདོད་ནས་ཞི་བ་ཆེན་པོའི་གནས། །སྐྱོན་རྣམས་ཐམས་ཅད་རྣམ་པར་གྲོལ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །འདི་ [448B] །བསམ་པ་ཐམས་ཅད་རྫོགས་པར་བྱེད། །གཟའ་རྣམས་གཟུགས་དང་མཚན་མ་དང། །ཆ་བྱད་དང་ནི་དབྱིབས་ཉིད་ཀྱང། །བརྟན་དང་གཡོ་བས་ མི་ཤེས་པ། །བཤད་པར་བྱ་ཡི་བུ་ཁྱོད་ཉོན། །བདག་གིས་ཡེ་ཤེས་གནས་པ་འདི། །མཛེས་པའི་ཚུལ་ཆེན་རྨད་དུ་བྱུང། །ས་ཡི་དཀྱིལ་འཁོར་ཀུན་ཏུ་ནི། །བུ་གཅིག་ཁོ་བོས་མ་གསུངས་ སོ༑ ༑གཟའ་རྣམས་ཀྱི་ནི་མཆོག་གི་གཟུགས། །མཆོག་ཏུ་རྨད་བྱུང་བསམ་མི་ཁྱབ། །མཆོག་ཏུ་མཛེས་པར་གྱུར་པ་སྟེ། །ཁྲོས་ཤིང་བཞིན་མི་སྡུག་པ་ཡིན། །མཛེས་པའི་གཟུགས་ ཅན་ལ་བརྟེན་ནས། །རང་ཉིད་མཛེས་ཤིང་ཕན་པར་གནས། །གང་ཚེ་གཟུགས་ནི་བསམ་མི་ཁྱབ། །མཆོག་ཏུ་མཛེས་པར་གྱུར་པ་སྟེ། །དེ་ཚེ་འདི་ནི་བསམ་མི་ཁྱབ། །དྲང་སྲོང་བསམ་ གཏན་སྤྱོད་ཡུལ་མིན། །ཞི་བ་སེམས་ཅན་ལ་བྱ་ཞིང། །ཁྲོས་པ་ཉིད་ནི་ཁྲོས་པ་ཉིད། །སེམས་ཅན་ལ་འདི་ཞི་བ་རུ། །དེ་ཡི་ཚེ་ན་ཀུན་ཏུ་སྤྱོད། །སངས་རྒྱས་ཆོས་དང་དེ་བཞིན་དུ། །དགེ་ འདུན་མཁས་པས་མཆོད་བྱས་ན། །དེ་ཡི་གཟུགས་ནི་ཉེར་མཚོན་ཏེ། །དེ་ཡི་ཚེ་ན་མཆོད་པར་བྱ། །ཞི་བ་ཞི་བ་ཤེས་པར་བྱ། །རྒྱས་པ་ཡང་ནི་རིམ་ཇི་བཞིན། །མངོན་སྤྱོད་ཞེས་བྱ་ བ་འདི་དང། །དབང་དུ་བྱ་བའི་གཟུགས་མཚན་ཉིད། །འདི་དག་ཐམས་ཅད་མདོར་བསྡུས་ན། །དེ་ནི་རྒྱས་པར་གསུངས་པ་ཡིན། །ཤིན་ཏུ་མཉམ་པར་བཞག་མཆོད་པས། །ཞི་བ་ [449A]༄༅། །ལ་སོགས་འདི་ཡང་མིན། །ཕུན་སུམ་ཚོགས་པ་ཀུན་བྱེད་པའི་།དཀོན་མཆོག་གསུམ་ནི་སྔོན་དུ་མཆོད། །ཡིད་ནི་བསྡམས་པར་གྱུར་པ་དང། །དབང་ པོ་ལྔ་ནི་བསྡམས་པ་ཡིས། །དྲི་མ་དཀར་ཆེན་ཞག་ཏུ་ལོན། །ལུས་ལ་བསྒོས་ནས་ཁྲུས་ཀྱིས་བརྒྱན། །ཤིན་ཏུ་དབེན་ཞིང་ཕྱུགས་མེད་པར་།འདི་ནི་འོང་བར་སོང་ནས་ནི། ། བ་ལྕི་ལ་སོགས་རྟག་ཏུ་བྱུགས། །དྲི་ཡིས་ཉེ་བར་བྱུགས་ནས་ནི། །ཁ་དོག་སེར་དང་དམར་བ་དང། །དཀར་པོའམ་དེ་བཞིན་ལྗང་གུ་དང་།ནག་པོ་ཡང་དག་གསུངས་པ་ ཡིན༑ ༑ཁ་དོག་ཡོངས་སུ་བཟུང་བྱས་ནས། །མཁས་པས་ཇི་ལྟར་རིག་པ་ཉིད། །ཡིད་དུ་འོང་བའི་དཀྱིལ་འཁོར་བྱ། །སངས་རྒྱས་སེར་པོ་བྱ་བ་སྟེ། །ཆོས་ནི་དཀར་པོ་ཉིད་དུ་བྱ། ། དགེ་འདུན་ལྗང་གུར་བྱ་བ་སྟེ། །གསང་བ་འདི་ཡང་ཡང་དག་བསྒྲགས། །གཟའ་རྣམས་ཁ་དོག་དབྱེ་བ་ཡིས། །དཀྱིལ་འཁོར་དག་ནི་ཉེ་བར་མཚོན། །མཁས་པས་དེ་ཡི་ འོག་ཏུ་ནི། །སྔགས་པའི་ལུས་ནི་རྟག་ཏུ་བྱ། །ཕྱག་རྒྱ་འཆང་བའི་ཕྱོགས་བྲིས་ཏེ། །རང་གི་ཕྱག་རྒྱ་ཁ་དོག་མཚན། །དཀྱིལ་འཁོར་གྱི་ནི་ཚད་དག་ནི། །སོར་མོ་བཅུ་དྲུག་རབ་ ཏུ་གྲགས། །ཡང་ན་གང་ལྟར་ཡིད་དགའ་བ། །དེ་ལྟར་ཡང་དག་བརྩམ་པར་བྱ། །ཁ་དོག་ཇི་ལྟར་ཉེར་མཚོན་པ། །དྲི་དང་མེ་ཏོག་ལ་སོགས་དབུལ། །མཉམ་པར་བཞག་ [449B] །འདི་རྣམས་ཀྱི་ནི་གསང་སྔགས་བཟླ། །སེམས་ནི་རྩེ་གཅིག་གྱུར་པ་ཡིས། །བདེ་གཤེགས་བདག་ཉིད་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་ གནས་ནས། །གསང་སྔགས་བརྗོད་པར་བྱ་བ་ཡིན། །དེ་ནས་གསང་སྔགས་འདི་ཡིས་ནི། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་བྱེད། །ན་མསརྦ་ཏ་ཐཱ་ག་ཏེ་བྷྱ། སརྦཱ་སཱ་པ་རི་ པཱུ་ར་ཀེ་བྷྱ། སརྦ་ཏ་ཐཱ་ག་བྷཀྟི་ར་སཱཧཱ། སརྦ་ཏྲ་ཡཾ། ཨཱཨཱ་དི་ཏྱ། སུ་བི་ཤུདྡྷ། ཉི་མ་དང། ཟླ་བ་དང་རྣོན་པོ་དང། མིག་དམར་གྱིའོ། །བཧི་བུདྡྷ་ཕཀ་གྯཱ་ལྷག་གིའོ་།ཨོཾ་བཧོ་ གཱ་མྱ་ད་ཡཿ། ཕུར་བུའི་འོ། །ཨོཾ་ཤུབྡྷཱ་དྷཱི་ར་ཧོ། །པ་སངས་ཀྱིའོ། །ཨོཾ་ཀྲིཥྞ་བརྞ་ཕུཀ་སྤེན་པའི་འོ། །ཨོཾ་བི་ཀྲི་ཏ་བཀྟྲ་རུ་ཙི་སཱཧཱ། སྒྲ་གཅན་གྱིའོ། །ཡང་ནི་གསང་སྔགས་རེ་རེ་ནི། ། བདུན་ཕྲག་བརྒྱ་རྩ་བདུན་དུ་བཟླས། །སྣ་ཚོགས་གཟུགས་ཅན་གཟའ་རྣམས་ནི། །དེ་ལྟར་ཐམས་ཅད་མཆོད་པར་བྱ། །སྐལ་བཟང་སྐྱེ་བར་འགྱུར་བ་དང། །ལོངས་སྤྱོད་རྒྱ་ ཆེན་སྩོལ་བར་འགྱུར། །རྒྱལ་པོ་མི་རྒོད་ཆོམ་རྐུན་སོགས། །སྲིན་པོ་ལྟོ་འཕྱེ་གྲུལ་བུམ་རྣམས། །དེ་རྣམས་འབྱུང་བར་མི་འགྱུར་ཏེ། །དེ་ཡི་འཇིགས་པ་ནམ་ཡང་མིན། །ནད་ རྣམས་ཀུན་ལས་རྣམ་པར་གྲོལ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །ཐམས་ཅད་དབང་ཕྱུག་གོ་འཕང་འཐོབ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །གང་ཡང་ [450A]༄༅། །གཟིར་བ་ཉིད་འགྱུར་བ། །གཟིར་བའི་རང་བཞིན་འབྱུང་བ་གནས། །ཆོ་ག་བཞིན་དུ་མཆོད་པ་ཡིས། །ཕན་པ་དེ་ལ་འབྱུང་མི་འགྱུར། །རྟག་ཏུ་བདེ་བས་གནས་གྱུར་ ཅིང། །བརྩེར་ལྡན་སེམས་ཅན་མཉེས་གཤིན་པ། །སེམས་ནི་དང་ཞིང་མཉེན་པ་སྟེ། །སེམས་ཅན་ཀུན་ལ་ཕན་པར་དགའ། །དངོས་གྲུབ་ལས་ནི་ཕན་ཡོན་ཏེ། །ཞི་བའི་སེམས་ནི་ མཉམ་པར་བཞག་དེ་ཡི་ཕྱི་རོལ་བཙུན་པར་བརྟེན། །ཀུན་གྱི་གཙོ་བོ་དབང་ཕྱུག་ཏེ། །རྒྱལ་པོ་རྫུ་འཕྲུལ་ཆེན་པོ་དང། །གདུག་པའི་སེམས་ཅན་འདུལ་བྱེད་པར། །ཐེ་ཚོམ་མེད་པར་ འབྱུང་འགྱུར་ཏེ། །རྒྱལ་བ་བདེན་པ་གསུང་བས་གསུངས། །ཆར་ཆེས་པ་དང་ཆར་མི་འབབ། །མུ་གེ་བྱུང་དང་རྩོད་པར་སོང། །དཀྱིལ་འཁོར་མཆོད་པར་གྱུར་པ་ན། །དེ་ལ་དེ་ནི་ འབྱུང་མི་འགྱུར། །ཞི་བ་དང་ནི་རྒྱས་པ་དང། །གལ་ཏེ་ལས་འདི་རྩོམ་པ་ན། །དྲི་ནི་ཆོ་ག་བཞིན་གསུངས་པས། །དང་པོར་འདིར་ནི་མཆོད་པར་བྱ། །འདི་ནི་སྡིག་དང་ལྡན་པས་ ཀྱང། །དེ་ནི་མྱུར་དུ་འགྲུབ་པར་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །སྡིག་པ་ཐམས་ཅད་རྣམ་པར་གྲོལ། །རྩོད་པ་ཐམས་ཅད་རྣམ་ པར་སྤངས། །ཐམས་ཅད་རྟག་ཏུ་བདེ་བར་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ལྟར་མཆོད་པའི་ཆོ་ག་ཡིས། །གང་ཚེ་བསོད་ནམས་བྱས་མཆོད་ན། །ལྷ་ཡི་ཚོགས་ [450B] །དངོས་གྲུབ་རྒྱ་ཆེན་སྩོལ་བར་འགྱུར་།གདུག་པའི་ལོག་པར་འདྲེན་པ་ཀུན། །སྲིན་པོ་འཇིགས་པའི་གཟུགས་ཅན་རྣམས། །སྔགས་པ་བཟླས་པ་ བརྩོན་པ་ལ། །དེ་ནི་དེ་ལ་འཚེ་མི་བྱེད། །རྟག་ཏུ་སྣ་ཚོགས་ནད་མེད་ཅིང། །ལོངས་སྤྱོད་ཕུན་སུམ་ཚོགས་པ་རུ། །དེ་ནི་རྟག་ཏུ་འགྱུར་བ་སྟེ། །ཆོ་ག་བཞིན་དུ་མཆོད་པ་ཡིས། ། རྒྱལ་པོ་ཡང་ནི་དབང་དུ་འགྱུར། །གང་ཡང་གདུག་པ་སྟོབས་པོ་ཆེ་།འཇིགས་པའི་གཟའ་ཚོགས་ཐམས་ཅད་དང། །མཁའ་འགྲོ་མ་ཡང་སྟོབས་ཆེན་མོ། །དེ་ལ་ཀུན་ཏུ་ཕྱག་ འཚལ་བར། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ལྟར་རྣམ་པ་ཐམས་ཅད་ཀྱིས། །ཐམས་ཅད་དུ་ནི་མཆོད་ནས་སུ། །བདེ་བ་ཉིད་དུ་ཀུན་ཏུ་ཤེས། །སྡུག་བསྔལ་རྒྱ་མཚོ་ རྣམ་པར་སྤངས། །སྣ་ཚོགས་ཕུན་སུམ་ཚོགས་པས་མཛེས། །དེ་བཞིན་རྟག་ཏུ་རྒྱལ་པོར་བཅས། །ཐམས་ཅད་དུ་ནི་སྙན་པར་སྨྲ། །ཀུན་ཀྱང་དབང་ཕྱུག་རྣམ་པར་བརྒྱན། ། མཆོག་ཏུ་སྐལ་པ་བཟང་འགྱུར་བ། །དེ་ནི་ཀུན་ཏུ་ཐེ་ཚོམ་མེད། །དེ་སྐད་གསུངས་ནས་རྣལ་འབྱོར་ཆེ། །ཐུབ་པ་ཆོས་ཀུན་དབང་ཕྱུག་ནི་།ཅང་མི་གསུང་བ་ཉིད་དུ་གྱུར། །དེ་ཚེ་ འཁོར་རྣམས་འདི་སྐད་གསོལ། །དཔའ་བོ་ཆེན་པོ་སེམས་དཔའ་ལེགས་།ཐམས་ཅད་མཁྱེན་པ་རིམས་ནད་བྲལ། །སྔགས་ཀྱི་དེ་ཉིད་དོན་ངེས་པ། །ཐམས་ཅད་མ་ལུས་པ་ [451A]༄༅། །རུ་གསུངས། །མགོན་པོ་སེམས་ཅན་ཤིན་ཏུ་མེད། །སྤྱན་སྔ་རུ་ནི་བརྗོད་པའི་ཚུལ། །གསང་སྔགས་རྒྱ་མཚོ་བཤད་པ་ལས་།སྙིང་པོ་འདི་ནི་བཏུས་ ནས་བསྡུས། །ཐོབ་པས་འཇིགས་མེད་འདི་མངོན་གྱུར། །དེ་ཀུན་ཐེ་ཚོམ་མེད་པ་རུ། །ས་འོག་གནས་པ་ཀུན་བྱས་ནས། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །བདེ་བ་ ཐམས་ཅད་ཡང་དག་ལྡན། །དེ་ཚེ་ཐམས་ཅད་འབྱུང་འགྱུར་ཞིང་།ནད་རྣམས་ཐམས་ཅད་རྣམ་པར་སྤངས། །གདུག་པ་འཇིགས་པའི་གཟུགས་ཅན་དང། །སྲིན་པོ་ གང་ཡང་མཆེ་བ་ཅན། །གསང་བའི་ཕྱག་རྒྱ་མཐོང་བ་ཡིས། །དེ་དག་ཐམས་ཅད་བརླག་པར་འགྱུར། །གཟའ་མཆོད་པ་རབ་འབྱམས་ཀྱི་རིམ་པར་ཕྱེ་བའོ།། །།མི་ གཡོ་མགོན་པོ་ཞེས་བྱ་བ། །སེམས་ཅན་རྗེས་སུ་སྲུང་བར་བྱེད། །འཇམ་པའི་དཔལ་གྱི་དཀྱིལ་འཁོར་ཉོན། །དེ་ཚེ་དངོས་གྲུབ་མཛེས་པ་ཀུན་།རྡོ་རྗེ་རལ་གྲི་སོགས་ དེ་བཞིན། །ཕྱིས་ནས་དཀྱིལ་འཁོར་ནང་དུ་ནི། །སྔགས་པས་ཆོ་ག་བཞིན་བསྒྲུབས་ལ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ས་གཞི་དག་པར་ཡང་དག་བལྟ། །སློབ་མ་ རྣམས་ལ་ཕན་འདོད་པས། །འབད་པས་དཀྱིལ་འཁོར་ཀུན་ཏུ་བྲི། །ཀུན་ནས་ཁྲུ་ཚད་ལྔ་ཡིན་ཏེ། །ཁྱམས་ཀྱིས་སོ་སོར་རྣམ་པར་བརྒྱན་།རྟ་བབས་རྣམ་པར་བཙུགས་ [451B] ༑ནུབ་ཀྱི་སྒོ་ནི་བསྒོམ་པར་བྱ། །སྒོ་ཡི་ལས་ནི་འཇིགས་མེད་པར། །བྱང་ཕྱོགས་ཀྱི་ནི་རབ་ཏུ་བྱ། །གཞན་དུ་གང་ཞིག་རབ་བྱེད་ན། །རིང་པོར་མི་ཐོགས་ངེས་པར་བརླག་ སྔར་གྱི་བཞིན་དུ་ཆོ་ག་ཡིས། །གྲུ་བཞི་རུ་ནི་ཐིག་གདབ་བྱ་།སྒོ་ཁྱུད་དང་ནི་ཁྱམས་དང་ལྡན། །སྣམ་བུས་ཀྱང་ནི་ཡང་དག་བརྒྱན། །དེ་ནས་སྔགས་པས་དབུས་ཀྱི་ཆར། །རལ་ གྲི་ཕྱག་རྒྱ་གཟུགས་བཟང་ལྡན། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི་།རིན་ཆེན་རྡོ་བར་ལེགས་པར་གནས། །འབར་བའི་ཕྲེང་བ་གཟི་བརྗིད་འཁྲིགས། །ཉི་མ་འཆར་ཀའི་འོད་ དང་མཚུངས། །རང་གི་ས་བོན་ས་བོན་གྱིས། །རྫོགས་པའི་སངས་རྒྱས་བསྒོམ་བྱ་བྲི། །འདི་ནི་བྱིན་གྱིས་བརླབ་པའི་སྔགས། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་བི་ཤྭ་མུ་ཁེ་བྷྱ་ ཧེ་ཧེ་ཧེ༑ ཨཱ་ཛྙཱ་པ་རི་མཱརྒ་ཎ་ཨཱ་གཙྪ་བྷ་ག་ཝཱ་ན་ཤཱི་གྷཱཾ་སཱཧཱ། དེ་ཡི་བྱང་དུ་བྲི་བ་ནི། །བུམ་པ་རྡོ་རྗེ་མཚན་མ་ཅན། །ཞི་བ་འབར་བའི་ཕྲེང་བས་འཁྲིགས། །འཇིག་རྟེན་གཙོ་བོ་དེ་རང་ བཞིན༑ ༑ལྷོ་ཡི་ཕྱོགས་སུ་མགོན་པོ་ཡི། །རྡོ་རྗེ་འབད་པས་བྲི་བར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །ཕྱག་ན་རྡོ་རྗེ་བློ་ལྡན་གནས། །དབང་ལྡན་ཕྱོགས་ལ་བརྟེན་ནས་ནི། ། མཛེས་པའི་གཟུགས་བརྙན་ཕྱག་རྒྱ་བྲི། །རིན་ཆེན་རྡོ་བར་བཞུགས་ཤིང་འབར། །ཡིད་བཞིན་ནོར་བུ་ཞེས་སུ་བཤད། །ཁྲོ་རྒྱལ་ཕྱག་རྒྱ་རྟུལ་ཕོད་རོལ། །སྟེང་དུ་པདྨ་བྲིས་ [452A]༄༅། །ནས་ནི༑ ༑སངས་རྒྱས་ཐམས་ཅད་དེ་རུ་བཞུགས། །མེ་ཡི་ཕྱོགས་ལ་བརྟེན་ནས་ནི། །རབ་ཏུ་འབད་པས་རྡོ་རྗེ་བྲི། །འབར་བའི་ཕྲེང་བ་འཇིགས་སུ་རུང།། པདྨ་ལ་ནི་རབ་ཏུ་བཞུགས། །བློ་དང་ལྡན་པས་འོག་ཏུ་ནི། །ཁྲོ་བོའི་རྒྱལ་པོ་མངག་གཞུག་བྲི། །རྡོ་རྗེ་རྡོ་བའི་སྟེང་དུ་གནས་།རྡོ་རྗེ་འབར་བས་ཡོངས་སུ་བསྐོར། །རླུང་གི་ དཀྱིལ་འཁོར་དབུས་སོན་པར། །རྟག་ཏུ་འབར་བས་འཁྲིགས་པ་ཡི། །ཞགས་པའི་ཕྱག་རྒྱ་དེ་ལ་བྲི། །དེ་ནས་གཉིས་པའི་ཆ་ལ་ནི། །ཕོ་ཉ་མོ་ནི་ཀུན་ནས་བྲི། །བརྟན་པ་ཞེས་བྱའི་ ཕོ་ཉ་མོ༑ ༑བྱང་ཕྱོགས་སུ་ནི་ཡང་དག་གནས། །ཆུ་ཡི་དཀྱིལ་འཁོར་ལ་བཞུགས་པར། །མཁའ་གསོད་མ་ནི་དེ་ལ་བྲི། །ལྷོ་ཡི་ཕྱོགས་སུ་རྣམ་འཇིགས་མ། །ཉི་མའི་དཀྱིལ་ འཁོར་དབུས་ན་བཞུགས། །བགེགས་རྣམས་ཀུན་ནས་འཇིགས་པར་བྱེད། །འཇིགས་པ་ཡི་ནི་མེ་ལྟར་འབར། །འཁོར་ལོ་རྡོ་བའི་སྟེང་དུ་བྲི། །དེ་ཡི་གཡོག་འཁོར་དག་གི་དོན།། རབ་ཏུ་འབད་དེ་བྲི་བར་བྱ། །མཁའ་གསོད་མ་ནི་སྣམ་བུ་ལ། །གཏུན་ཤིང་དང་ནི་ཐོ་བ་ཉིད། །རབ་ཏུ་འབད་པས་བྲི་བར་བྱ། །སླར་ཡང་ནུབ་ཕྱོགས་སུ་སོན་པར། །བཅོམ་ལྡན་ མ་ནི་འཇིགས་པ་བྲི། །མཛོད་སྤུ་ཞེས་ནི་བཤད་པ་ཡི། །ཕྱག་རྒྱ་ཤར་གྱི་ཆ་ལ་བྲི། །ལྷ་མོ་པད་དཀར་སྟེང་ན་བཞུགས། །རིན་ཆེན་ཕྲེང་བས་རྣམ་པར་བརྒྱན། །དེ་ལྟར་ཀུན་ནས་ [452B] ༑སྔགས་པས་ཕྱག་རྒྱ་དགེ་བའི་ཚོགས། །རང་གི་ས་བོན་ངེས་སྦྱར་བས། །དཀྱིལ་འཁོར་མཆོག་གི་རྨད་དུ་བྱུང་།སྔགས་པས་འདི་ཀུན་ཆོ་ག་བཞིན། །དྲི་དང་མེ་ཏོག་སོགས་ དགེ་མཆོད། །དེ་ནས་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབ་པའི་ངག་གསུངས་པ། ལག་པ་ཐལ་མོ་སྦྱར་ནས་ནི། །སོར་མོ་གུང་གི་ནང་ཉིད་དུ། །དཔལ་ལྡན་ཕྱག་རྒྱ་འདི་འཆང་བ། །པདྨའི་ མཛོད་ཅེས་མངོན་པར་བཤད། །སྐྱོབ་པ་ཐམས་ཅད་མངོན་སུམ་དུ་།དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱེད། །སྔགས་ནི། འདིའོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། ཧཱུཾ་ཧཱུཾ་ བཿ་བཿ་མཾ་མཾ་སཱཧཱ། སྔགས་འདིས་ཕྱག་རྒྱ་དང་ལྡན་པར་སྤྱན་དྲང་པ་དང་གཤེགས་སུ་གསོལ་པ་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ། །འདི་ནི། འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ རྒྱལ་པོ་ཆེན་པོ་སྟེ། བསྟན་པ་བསྲུང་བའི་ཕྱིར་དང། དམ་པའི་ཆོས་གནས་པ་དང། སེམས་ཅན་རྣམས་བསྲུང་བའི་ཕྱིར་མཆོག་ཏུ་གསང་བའི་མི་གཡོ་མགོན་པོ་སངས་རྒྱས་ཐམས་ ཅད་ཀྱིས་གསུངས་སོ། །གང་འདིར་ཞུགས་ནས་ཕྱོགས་ན་ཕྱག་རྒྱའི་ཡེ་ཤེས་ལེགས་པར་བསླབས་ན། རྒྱུད་ཐམས་ཅད་ཀྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་མཆོག་ཏུ་ཞུགས་ པ་ཡིན་ནོ། །འཇམ་དཔལ་གྱི་དཀྱིལ་འཁོར་འདི་སུ་ལ་ཡང་བཤད་པར་མི་བྱའོ། །དེ་ཅིའི་སླད་དུ་ཞེ་ན། དཀྱིལ་འཁོར་འདི་ནི། མཆོག་ཏུ་གསང་བ་ཡིན་པས་སོ། །སྔགས་པས་གང་ [453A]༄༅། །ཞིག་གཞན་དུ་བྱེད། །དཀྱིལ་འཁོར་ཆོ་ག་ཉམས་པ་ཡིས་།སློབ་མ་དང་བཅས་གདོན་མི་ཟ། །ཐེ་ཚོམ་མེད་པར་བརླག་པར་འགྱུར་།དེ་ནས་འཇམ་དཔལ་ གྱི་དཀྱིལ་འཁོར་འདིར་ཞུགས་པས་མཚམས་བཅིང་བར་བྱ་སྟེ། གཞན་དུ་མ་ཡིན་ནོ། །སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ཏེ་ཞུགས་ནས་ཚམ་ངམ་གྱི་ལས་རྣམས་ལ་སློབ་ མ་སྦྱར་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་སླར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་གསུངས་སོ། །འཇམ་དཔལ། ཉོན་ཅིག་།སྟོབས་དཔག་ཏུ་མེད་པས་ཕ་ རོལ་གནོན་པའི་རས་བྲིས་ཀྱི་ཆོ་ག་ནི། རིན་ལྷག་པ་བཅལ་བའི་རས་སྐྲ་ལ་སོགས་པ་དང་བྲལ་བ་བླངས་ཏེ་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ། ལག་པ་གཡས་པ་བཏེག་པ། ཞབས་ གཡས་པ་སྟེང་དུ་བཏེག་པ། ཞབས་གཡོན་པ་ཡང་གྱེན་དུ་བསྒྲེང་བ། ཕྱག་གཡོན་པ་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། ཞལ་རྣམ་པར་མི་སྡུག་པ་ནང་སྟེང་དུ་འབར་བར་གནས་པ། དེ་ བཞིན་གཤེགས་པས་སྟེང་ནས་ཕྱག་གཉིས་ཀྱིས་དབུགས་འབྱིན་པར་མཛད་པ། མེ་ཏོག་རྒྱལ་པོ་ནི། བྱང་དུའོ། །གཡས་སུ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། འོག་ཏུ་ནི་ སྒྲུབ་པ་པོས་སྦོས་ཀྱི་སྣོད་ཀྱིས་ལག་པ་བསྒྲེངས་པ་ཁྲོ་བོའི་རྒྱལ་པོ་ལ་བལྟ་བ་བྲིའོ། །འཇམ་དཔལ། མི་གཡོ་མགོན་པོ་འདི་རས་བྲིས་ཀྱི་ཆོ་ག་སེམས་ཅན་རྣམས་ལ་ཕན་ [453B] །འཇམ་དཔལ། མི་གཡོ་མགོན་པོའི་སྒྲུབ་ཐབས་ཀྱི་ཆོ་ག་གང་ཐབས་སླ་བས་དངོས་གྲུབ་ཆེན་པོ་ཐོབ་པ་ཉོན་ཅིག་འདིར་དང་པོར་རེ་ཞིག་སྔགས་ ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་རི་ལ་སོགས་པ་ཡིད་དགའ་བའི་གནས་རྣམས་སུ་གཅིག་པུ་སློང་མོ་ཟ་ཞིང་རས་བྲིས་འདིའི་སྤྱན་སྔར་བསྙེན་ བ་འབུམ་ཕྲག་གཅིག་བྱའོ། །དེ་ནས་རི་རྩེའི་ཟོམ་ལ་གནས་བཅས་ཏེ་འབུམ་ཕྲག་གསུམ་བཟླས་པ་བྱའོ། །དེ་ནས་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་རངས་པར་ བཟླས་པ་བྱའོ། །ནད་པར་ཐོ་རངས་སམ་ཉི་མ་ཤར་ནས་མཚན་མ་རྣམས་འབྱུང་སྟེ། ཉི་མ་འགྱུར་ལྡོག་བྱེད་ཅིང་མུན་པར་ཡང་འགྱུར་རོ། །ཕྱོགས་བཞིར་ཧ་ཧ་ཞེས་སྒྲོག་པའི་སྒྲ་ཆེན་ པོ་ཐོས་པར་འགྱུར་རོ། །ཁྲོ་བོའི་རྒྱལ་པོའི་མེ་ཏོག་གི་ཆུན་འཕྱང་གཡོ་བར་འགྱུར་བ་དང། ས་གཞི་གཡོ་ཞིང་འབྲུག་གི་སྒྲ་ཆེམ་ཆེམ་སྒྲོག་པ་དང། རིག་པ་འཛིན་པ་རྣམས་ ཀྱིས་མེ་ཏོག་གི་ཆར་འབེབས་སོ། །འདིའི་དྲུང་དུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རང་ཉིད་ལྷ་ཐམས་ཅད་དང་ཀླུ་ལ་སོགས་པས་བསྐོར་ནས་འབྱོན་ནོ། །དེའི་དུས་སུ་དམྱལ་བའི་སྡུག་ བསྔལ་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་ཡོན་ཆབ་ཕུལ་ཏེ་ཕྱག་བྱས་ནས་གནས་པར་བྱའོ། །དེ་ནས་ཁྲོ་བོའི་རྒྱལ་པོ་གསུང་བར་འགྱུར་ཏེ། བུ་གཅིག་མཆོག་སྦྱིན་པར་བྱའོ་ [454A]༄༅། །ཞེས་པ་དང། རིག་པ་འཛིན་པའམ། རྒྱལ་པོའམ། མི་སྣང་བའམ། གང་འདོད་པ་དེ་བསླང་བར་བྱའོ། །གལ་ཏེ་རིག་འཛིན་དུ་གྱུར་ན། །བརྒྱད་གཉིས་ལོ་ལོན་ པའི་ཆ་བྱད་ཕྱག་ན་རལ་གྲི་ཐོགས་པ། ལྷའི་བཞོན་པ་ལ་བཅིབས་པ། རིག་པ་འཛིན་པ་མང་པོས་བསྐོར་བ། རིག་པ་འཛིན་པ་ཐམས་ཅད་ཀྱིས་བཀུར་སྟི་ཆེན་པོས་ཕྱག་བྱེད་པ་ སངས་རྒྱས་ཀྱི་ཞིང་ཁམས་མང་པོས་བསྐོར་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཆོད་པ་བྱེད་པར་འགྱུར་ཏེ། བསྐལ་པར་འཚོ་བར་འགྱུར་རོ། །ཡང་ན་མིག་སྨན་ སྒྲུབ་པར་འདོད་ན། ལིག་བུ་མིག་དང། ཨུཏྤལ་སྔོན་པོ་དང། རུ་རྟ་རྣམས་གཅིག་ཏུ་བྱས་ནས་ཟངས་ཀྱི་སྣོད་དུ་བཅུག་སྟེ་ཟླ་བ་གཟས་ཟིན་པ་ན་ཇི་སྲིད་དུ་བ་བྱུང་བ་དེ་སྲིད་དུ་ བཟླས་པ་བྱའོ། །དེ་མིག་ལ་བསྐུས་ན། འདོད་པའི་ཁམས་སུ་མི་སྣང་བར་འགྱུར་རོ། །དེ་ནས་རལ་གྲི་སྒྲུབ་པར་འདོད་ན། རལ་གྲི་ཆག་གས་མེད་པ་ཐོགས་ཏེ་མར་ངོའི་ བརྒྱད་དམ་བཅུ་བཞི་ལ་རས་བྲིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་སྲུང་བའི་རལ་གྲི་ལག་པ་གཡས་སུ་ཐོགས་པ་ལ་ཇི་སྲིད་དུ་འཕྲོ་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱའོ།། འབར་བའམ་འཕྲོ་བ་ན་རང་གཅིག་པུ་རིག་པ་འཛིན་པར་འགྱུར་རོ་།འབར་བས་ནི། རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ཐོགས་པ་མེད་པས་ཕ་རོལ་གྱི་སྟོབས་གནོན་ [454B]འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་པ་སྒྲུབ་པར་འདོད་ན། ཁྲོ་ཆུའི་ལྕགས་ཀྱི་རྡོ་རྗེ་སོར་བཅུ་དྲུག་པ་ངོས་གཉིས་ཀ་རྩེ་གསུམ་པ་ ཙནྡན་དམར་པོས་བྱུགས་ལ་ཆོ་འཕྲུལ་གྱི་ཟླ་བའི་ཚེས་གཅིག་ནས་བརྩམས་ཏེ་རས་བྲིས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་བཟླས་པ་བྱའོ། །དེ་ནས་ཉ་ལ་མཆོད་བརྒྱ་ ཆེན་པོ་བྱས་ནས་མར་མེ་བརྒྱ་ཐམ་པ་སྦར་ཏེ་ཀུ་ཤའི་ཆུན་པོ་ལ་ཉེ་བར་འདུག་ལ་རྡོ་རྗེ་ལག་པ་གཉིས་ཀས་བཟུང་ནས་ཇི་སྲིད་འབར་བ་དེ་སྲིད་དུ་བཟླས་ནས་དེ་བཟུང་བས་འཁོར་ དང་བཅས་པ་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཐོབ་པར་འགྱུར་རོ། །དེ་ལྟར་འཁོར་ལོ་དང་མདུང་ལ་སོགས་པའི་མཚོན་ཆ་རྣམས་དང། གོས་དང། མཆིལ་ལྷམ་དང། ཚངས་ སྐུད་ལ་སོགས་པ་རྟོག་པ་གཞན་གྱི་ཆོ་ག་ཡང་བསྒྲུབ་པར་བྱའོ་།སྔ་མ་བཞིན་དུ་དངོས་གྲུབ་གསུམ་འབྱུང་ངོ། །དེ་ནས་ནོར་སྒྲུབ་པར་འདོད་ན། སེང་ལྡེང་གི་ཡམ་ཤིང་རྣམས་ ཞོ་དང་མར་གྱིས་སྦགས་ནས་སྟོང་ཕྲག་བརྒྱད་སྲེག་བླུགས་བྱས་ན། ནོར་སྩོལ་བར་འགྱུར་རོ། །རྒྱ་མཚོར་འབབ་པའི་འགྲམ་དུ་སོང་ནས་ཙནྡན་གྱིས་སྦགས་པའི་པདྨ་རྣམས་ སྟོང་ཕྲག་བརྒྱད་ཅུ་ཆུ་བོ་ལ་བསྐུར་ན། པདྨའི་ཕུང་པོ་དང་མཉམ་པའི་ནོར་ཐོབ་པར་འགྱུར་རོ། །ལྷ་དབང་དུ་བྱ་བར་འདོད་ན་ཨ་ག་རུའི་ཡམ་ཤིང་རྣམས་ཞོ་དང་སྦྲང་རྩི་དང་མར་ [455A]༄༅། །གྱིས་བཏགས་ནས་བསྲེག་བླུགས་བྱས་ན་དབང་དུ་འགྱུར་རོ་།གསུམ་པོ་དེས་བཏགས་པའི་འབྲས་བསྲེགས་ན། སྔགས་མི་ཟད་པར་འགྱུར་རོ། །གནོད་ སྦྱིན་དབང་དུ་བྱ་བར་འདོད་ན། མངར་གསུམ་གྱིས་བཏགས་པའི་གུ་གུལ་གྱི་རིལ་བུས་སྲེག་བླུགས་བསྲེགས་པས་དབང་དུ་འགྱུར་རོ། །མྱ་ངན་མེད་ཀྱི་ཡམ་ཤིང་གིས་ནི་ གནོད་སྦྱིན་མོ་དབང་དུ་འགྱུར་རོ། །རྒྱལ་པོ་ལ་ཡུངས་ཀར་གྱི་སྲེག་བླུགས་བྱས་ན། རྒྱལ་པོ་དབང་དུ་འགྱུར་རོ། །རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་འགྲམ་དུ་སོང་ནས་པདྨ་འབུམ་ ཕྲག་གཅིག་སྦྱིན་སྲེག་བྱས་ན། དཔལ་འདུས་ནས་ནོར་སྩོལ་བའམ་ཡུལ་ཕྱོགས་གཅིག་པའི་རྒྱལ་སྲིད་སྟེར་རོ། །དེ་ནས་འབུམ་ཕྲག་གསུམ་བྱས་ནས་བྱིན་ན། ས་སྟེང་གི་བདག་ པོར་འགྱུར་རོ། །འབུམ་ཕྲག་ལྔ་བྱིན་ན། འཛམ་བུ་གླིང་གི་བདག་པོར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་གའི་སྒོར་རས་རིས་བཞག་ནས་འབུམ་ཕྲག་གསུམ་བཟླས་ན། སྔགས་ཐམས་ ཅད་འབྱུང་སྟེ། དོགས་པ་མེད་པར་ཞུགས་ན་བཅུད་ཀྱིས་ལེན་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ནས་དེ་ཉིད་དུ་གནས་ན་ཁྱབ་འཇུག་གི་འཁོར་ལོའི་འཇིགས་པ་འབྱུང་ངོ། །ཡར་ ངོའི་ཚེས་གཅིག་ནས་བརྩམས་ཏེ་ཛཱ་ཏིའི་མེ་ཏོག་སྟོང་ཕྲག་བརྒྱད་དུ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོར་རེག་པར་བྱའོ་།ཇི་སྲིད་དུ་ཞབས་ཀྱི་མཐེ་བོང་ལས་འོད་ཟེར་བྱུང་ [455B] སྒྲུབ་པ་པོའི་ལུས་དེ་མ་ཐག་ཏུ་མི་སྣང་ཞིང་དབུ་སྐྲ་ལྕང་ལོ་འཁྱིལ་བར་འགྱུར་རོ། །འཁོར་དང་བཅས་པ་འཛིན་པའི་རྒྱལ་པོ་ཐོབ་པར་འགྱུར་ཏེ། བསྐལ་པར་གནས་ སོ༑ ༑ས་ལ་པདྨ་འདབ་མ་བརྒྱད་པ་གཅིག་བྲིས་ཏེ། དེའི་སྟེང་དུ་འདུག་ནས་སྟོང་ཕྲག་བརྒྱ་བཟླས་ནས་གཞི་གར་གནས་པདྨར་གནས་ཏེ། འཁོར་སྟོང་དང་ལྡན་པ་བསྐལ་པར་གནས་སོ། ། དེ་ནས་གཏོར་བླང་བར་འདོད་ན། གང་ན་གཏེར་ཡོད་པ་དེ་རུ་བུམ་པ་སྐུད་པ་ནག་པོས་དཀྲིས་ལ་ཙནྡན་གྱིས་བྱུགས་ལ་ཆུས་བཀང་སྟེ་སྟོང་ཕྲག་བརྒྱད་དུ་མངོན་པར་བསྔགས་ནས་དེར་ གཞག་པར་བྱའོ། །ས་དེ་གས་ནས་ཆུས་ས་ལ་གཏོར་ལ་ཁྲུ་གང་ཙམ་ས་ལ་བརྐོས་ཏེ་བླང་བར་བྱའོ། །དེ་ནས་སེངྒེ་སྒྲུབ་ན། གྲོག་མཁར་གྱི་ས་ལ་སེངྒེ་བྱས་ལ་གི་ཝང་གིས་བྱུགས་ ལ་དཀྱིལ་འཁོར་དུ་བཞག་སྟེ་མཆོད་པ་ཆེན་པོ་བྱས་ལ་ཇི་སྲིད་དུ་གཡོ་བའི་བར་དུ་བཟླས་ན་སེངྒེར་འགྱུར་ཏེ་རྒྱབ་ཏུ་ཞོན་པས་སྐྲ་ལི་བ་འཁྱིལ་བར་འགྱུར་ཞིང་བདག་ཉིད་སྔ་ལྟས་ ཐོབ་ནས་ལོ་ཁྲི་ཕྲག་གཅིག་ཏུ་འཚོའོ། །འཇམ་དཔལ། འཕགས་པ་མི་གཡོ་བའི་རྟོག་པ་གསུངས་པའི་ཆོ་ག་འདི་བསྒྲུབས་ན། དེ་ནི། མྱུར་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་དེ་ སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོང་དེ་རྗེས་སུ་ཡི་རང་ནས་སྟན་ལས་ལངས་ནས་ [456A]༄༅། །སོང་ངོ། །འཕགས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པས་འདུལ་བར་ གསུངས་པ་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །།མི་ཉག་རྒྱལ་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་ཨུ་པ་ཤྨ་རཀྵི་ཏའི་ཞལ་སྔ་ནས་ལོ་ཙཱ་བ་གླན་དགེ་སློང་དྷརྨ་བློ་གྲོས་ཀྱིས་བསྒྱུར་ ཅིང་ཞུས་ཏེ་དགེ་སློང་ཡོན་ཏན་རྡོ་རྗེས་གསོལ་བ་བཏབ་པའོ།།།།ཕྱིས་སུའང་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་རབ་བརྟན་དཔལ་བཟང་པོའི་བཀས་བསྐུལ་བ་བཞིན། ལོ་ཙྪ་བ་ དགེ་སློང་ཆོས་སྐྱོང་བཟང་པོས་རྒྱའི་དཔེ་ལ་ལེགས་པར་གཏུགས་ཏེ་གཏན་ལ་ཕབ་པ་དང། སླར་ཡང་མིའི་དབང་པོ་ཆེན་པོ་བཀྲ་ཤིས་རབ་བརྟན་སོག་པོ་འཕགས་ཀྱི་ཞལ་སྔ་ནས་ ཀྱི་སྐུ་རིང་ལ་དགེ་སློང་ཨཱ་ནནྡ་མངྒ་ལཾ་གྱིས་དཔལ་འཁོར་སྡེ་ཆེན་གྱི་གཙུག་ལག་ཁང་དུ་པི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་རྒྱ་དཔེ་ལ་གཏུགས་ནས་མི་འཆོས་སུ་མི་རུང་བ་ རྣམས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།།།